ཀྲུང་ཧྭའི་གཏམ་རྒྱུད་སྔར་ལས་ཡག་པོར་འཆད་ཆེད། རིག་གནས་དང་ཡུལ་སྐོར་པུའུ་ཡིས་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་བརྙན་འཕྲིན་ལས་ཁུངས་དང་མཉམ་འབྲེལ་བྱས་ཏེ།《2026ལོའི་གཟུགས་འདས་ཤུལ་བཞག་རིག་གནས་དགོང་ཚོགས》ཞེས་པ་བརྙན་ཕབ་སྒྲིག་སྦྱོར་བྱེད་རྒྱུ་རེད།
ཟླ1པའི་ཚེས11ཉིན་ནས་ཚེས15ཉིན་བར་དུ། རང་རེའི་ཞིང་ཆེན་གྱིས་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ལས་གཞི་གསུམ་དང་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྒྱུན་འཛིན་པ་དང་འཁྲབ་སྟོན་པ35ཆེད་དུ་རྩ་འཛུགས་བྱས་ཏེ། ཧོ་པེ་ཞིང་ཆེན་ཚང་ཀྲོའུ་གྲོང་ཁྱེར་དུ་སོང་ནས།《2026ལོའི་གཟུགས་འདས་ཤུལ་བཞག་རིག་གནས་དགོང་ཚོགས》ལས་མཚོ་སྔོན་ལེ་ཚན་གྱི་བརྙན་ཕབ་སྒྲ་ལེན་དང་སྒྲིག་སྦྱོར་ལས་དོན་སྤེལ་རྒྱུ་རེད།
ངོ་སྤྲོད་བྱས་པ་ལྟར་ན།《2026ལོའི་གཟུགས་འདས་ཤུལ་བཞག་རིག་གནས་དགོང་ཚོགས》ལེ་ཚན་གྱིས། “གཟུགས་འདས་ཤུལ་བཞག་རིག་གནས་དང་བརྡ་དོན་གཙོ་བོ་ལག་བསྟར་བྱས་ཏེ། གཟུགས་འདས་ཤུལ་བཞག་རིག་དངོས་ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་དཔལ་ཡོན་ཁྲོད་རང་འགུལ་ངང་མངོན་དུ་འཇུག་པ་དང་། འཚོ་བ་བདེ་སྐྱིད་ལྡན་པ་རོལ་བའི་ཁྲོད་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་གསོན་ཤུགས་ཀུན་ནས་མངོན་པར་བྱེད་པ། ཀྲུང་ཧྭའི་རིག་གནས་ཀྱི་ཁྱབ་སྤེལ་ནུས་པ་དང་ཤུགས་རྐྱེན་ཆེ་རུ་གཏོང་རྒྱུ་དེ་དམིགས་འབེན་གཙོ་བོར་བཟུང་ཡོད།