ཞི་ཅིན་ཕིང་གིས་ཨ་རིའི་ན་གཞོན་ལོ་ཆུང་སློབ་གསོ་སྤེལ་རེས་ཚོགས་པའི་ཀྲུང་གོར་འཚམས་འདྲིར་ཡོང་བའི་དགེ་སློབ་ལ་འཕྲིན་ལན་སྤྲིངས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ1ཚེས7ཉིན།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རིའི་ཧྥོ་ལུའོ་ལི་ཏ་མངའ་སྡེའི་མའེ་ཨ་སྨི་ཙོན་ཧྲི་སྣེ་ཁྲིད་སློབ་གླིང་དང་། ཧྥོ་ལུའོ་ལི་ཏ་སློབ་ཆེན། མའེ་ཨ་སྨི་ཏའེ་ཏེ་སློབ་གླིང་བཅས་ཀྱིས་གྲུབ་པའི་ན་གཞོན་ལོ་ཆུང་སློབ་གསོ་སྤེལ་རེས་ཚོགས་པའི་ཀྲུང་གོར་འཚམས་འདྲི་ཡོང་བའི་དགེ་སློབ་རྣམས་ལ་འཕྲིན་ཡིག་སྤྲིངས།

ཞི་ཅིན་ཕིང་གིས་གསུངས་དོན། སྤེལ་རེས་ཚོགས་པའི་དགེ་སློབ་ཚོས་ཀྲུང་གོ་རུ་སྤྲོ་སྣང་ལྡན་ལ་གྲུབ་འབྲས་ཀྱིས་གཏམས་པའི་ཡུལ་སྐོར་འགྲུལ་བཞུད་ཅིག་བསྐྱལ་བར་དངོས་ནས་དགའ་འོས་པ་ཞིག་ཡིན་ལ།  དེ་ལས་ཁྱེད་ཚོས་ཀྲུང་ཧྭའི་རིག་གནས་ལ་བཅངས་པའི་སྤྲོ་སྣང་ཟབ་མོ་དང་བརྩེ་སེམས་ཟབ་མོ་ཚོར་བྱུང་།

ཞིས་ཅིན་ཕིང་གིས་གསུངས་དོན།  ཀྲུང་གོ་དང་ཨ་རིའི་འབྲེལ་བའི་རེ་བ་མི་དམངས་དང་མ་འོངས་པ་གཞོན་ནུར་བཅོལ་ཡོད། “ལོ5ཡི་ནང་ཨ་རིའི་ན་གཞོན་ལོ་ཆུང་ཁྲི5ཀྲུང་གོར་སྤེལ་རེས་དང་སློབ་སྦྱོང་བྱེད་པར་གདན་ཞུ་བྱེད་པའི”གྲོས་འགོ་ལག་བསྟར་བྱས་པའི་ཚུན་ལ། ཨ་རིའི་ན་གཞོན་ལོ་ཆུང་ཁྲི4ལྷག་ཞུགས་ཏེ། ཁོ་ཚོས་ཀྲུང་གོར་ངོས་འཛིན་ཐུབ་པར་སྒེའུ་ཁུང་ཞིག་ཕྱེ་བ་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་བར་ཟམ་པ་བསྐྲུན་ཡོད། དེ་ལས་མཛའ་བརྩེ་སྤེལ་རེས་དང་མཉམ་ལས་བྱ་རྒྱུ་ནི་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་བློ་གཏོད་ས་ཡིན་པ་གསལ་བཤད་གང་ལེགས་བྱས་ཡོད། ཨ་རིའི་ན་གཞོན་ལོ་ཆུང་སྔར་ལས་མང་བ་ཀྲུང་གོ་དང་ཨ་རིའི་མཛའ་བརྩེ་བྱ་གཞག་ནང་ཞུགས་པ་དང་།  རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེ་ཕོ་ཉ་གསར་པ་བྱས་ཏེ། ཀྲུང་གོ་དང་ཨ་རིའི་སྤྱི་ཚོགས་ཀྱི་མི་ཚུལ་འགྲོ་འོང་ཇེ་ཟབ་ཏུ་གཏོང་བ་དང་ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་བར་བྱས་རྗེས་སྔར་བས་ཆེ་བ་འཐོག་པའི་རེ་བ་བཅངས་ཡོད།

ཉེ་ཆར།  ཨ་རིའི་ན་གཞོན་ལོ་ཆུང་སློབ་གསོ་སྤེལ་རེས་ཚོགས་པའི་ཀྲུང་གོར་འཚམས་འདྲིར་ཡོང་བའི་དགེ་སློབ་ཚོས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ནས། 2025ལོའི་ཟླ་10པར་ཀྲུང་གོར་འཚམས་འདྲི་བྱས་པའི་ཉམས་མྱོང་ལ་ཕྱིར་དྲན་བྱས་པ་དང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི“ལོ་ལྔར་ན་གཞོན་ཁྲི་ལྔ་གདན་ཞུ་བྱེད་པའི་”གྲོས་འགོ་ཡིས་རྒྱལ་ཁབ་གཉིས་ཀྱི་ན་གཞོན་ལོ་ཆུང་བར་ཕན་ཚུན་ཤེས་རྟོགས་བྱ་རྒྱུར་ཤུགས་སྣོན་པར་གོ་སྐབས་རྩ་ཆེན་མཁོ་འདོན་བྱས་པར་ཐུགས་རྗེ་ཆེ་ཞུས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།