མཚོ་ལྷོ་ཁུལ་གྱིས་དམངས་སྲིད་ཀྱི་རིགས་སྣ་སོ་སོར་འགན་སྲུང་དངུལ་སྒོར་དུང་ཕྱུར་གསུམ་བྱེ་བ་དྲུག་ས་ཡ་བདུན་སྤྲད།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

2025ལོར་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་ལ་དམིགས་ཏེ་གནད་འཁེལ་ཇུས་བསྟར་དང་དངོས་སྒྲུབ་ནན་བསྟར་བྱས་ཏེ། རིམ་པ་སོ་སོའི་དམངས་སྲིད་སྡེ་ཁག་གིས་གཙོ་གནད་བྱ་བ་སོ་སོ་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ནས་ཕན་འབྲས་ཐོན་པ་དང་། རིམ་རྩིས་བྱས་ན་མ་མཐའི་འཚོ་བའི་འགན་སྲུང་དང་ལོ་ན་མཐོ་བ།     དམིགས་བསལ་དབུལ་ཕོངས་གསོ་སྐྱོང་དང་དབང་པོ་སྐྱོན་ཅན་སོགས་ལ་དམངས་སྲིད་འགན་སྲུང་དངུལ་སྒོར་དུང་ཕྱུར་གསུམ་བྱེ་བ་དྲུག་ས་ཡ་བདུན་སྤྲད་དེ་མི་ཐེངས་དགུ་ཁྲི་ཉིས་སྟོང་ཆིག་བརྒྱ་ལ་ཕན་ཐོགས་ཡོད།

སྤྱི་ཚོགས་ཀྱི་རོགས་སྐྱོར་ཁྱབ་ཁོངས་སུ་མཚོ་ལྷོ་ཁུལ་གྱིས“ཁྱིམ་ཚང་རེར་འགན་སྲུང་དང་མི་རེར་འགན་སྲུང་སྤྲོད་པའི”རྣམ་པ་དང་མ་མཐའི་འཚོ་བའི་འགན་སྲུང་རིམ་བཞིན་ཕྱིར་འཐེན་བྱེད་པའི་སྲིད་ཇུས་ཁྱབ་གདལ་བཏང་བ་དང་། རོགས་སྐྱོབ་མ་དངུལ་དེ“གཅིག་ཆོད་བྱང་བུ”བཀོལ་ཏེ་མང་ཚོགས་ལ་ཐད་ཀར་བྱིན་པ་དང་།  རིམ་རྩིས་བྱས་ན་གཞི་རྩའི་འཚོ་བའི་འགན་སྲུང་དངུལ་སྒོར་དུང་ཕྱུར་གསུམ་ས་ཡ་གསུམ་སྤྲད་ནས་མི་ཐེངས་ལྔ་ཁྲི་ཉིས་སྟོང་ཉིས་བརྒྱ་ལ་ཕན་ཐོགས་ཡོད།     རྒན་གསོ་ཞབས་ཞུའི་སྤུས་འདེགས་རྒྱ་སྐྱེད་ཐད་ནས་ལོ་བདུན་ཅུ་ཡན་གྱི་ལོ་ན་མཐོ་བའི་རྒན་རྒོན་ཉིས་ཁྲི་སུམ་སྟོང་བདུན་བརྒྱ་ཞེ་གཅིག་ལ་ཁ་གསབ་སྒོར་བྱེ་བ་གསུམ་ས་ཡ་གཉིས་བརྒྱད་འབུམ་བཞི་ཁྲི་དགུ་སྟོང་བརྒྱད་བརྒྱ་སྤྲད་དེ།   ཞབས་ཞུ་བྱ་ཡུལ་བཞི་སྟོང་དྲུག་བརྒྱ་བཞི་ལ་སྒོ་བཅར་ཞབས་ཞུ་བསྒྲུབས་པ་མི་ཐེངས་ཆིག་འབུམ་ལྔ་ཁྲི་དགུ་སྟོང་བདུན་བརྒྱ་ལ་སླེབས་པ་དང་ཁ་གསབ་སྒོར་ས་ཡ་བརྒྱད་བཞི་འབུམ་བཞི་ཁྲི་བདུན་སྟོང་ཆིག་བརྒྱ་སྤྲད། རྒན་རྒོན་ཆིག་ཁྲི་སུམ་སྟོང་སུམ་བརྒྱ་བཅོ་བརྒྱད་བསམ་ཡུལ་ལས་འདས་པའི་རྨས་སྐྱོན་འགན་བཅོལ་ནང་ཞུགས་པ་དང་།     ཞིང་སྡེའི་རྒན་གསོ་ཞབས་ཞུའི་སྒྲིག་བཀོད་ཉེར་བཞི་བསྐྲུན་ནས་ཁྱིམ་ཚང་བཞི་བརྒྱ་ལ་རྒན་འཕྲོད་ཅན་གྱི་བསྒྱུར་བཀོད་བཅས་བྱས།     དྭ་ཕྲུག་དང་གསོ་མཁན་མེད་པའི་བྱིས་པ་སོགས་ཉམ་ཐག་བྱིས་པ་ལ་འཚོ་བའི་འགན་སྲུང་དངུལ་སྒོར་ས་ཡ་བཞི་བདུན་འབུམ་དགུ་ཁྲི་བཞི་སྟོང་ཆིག་བརྒྱ་སྤྲད་པ་དང་སྨན་བཅོས་འགན་སྲུང་ཡོངས་སུ་ཁྱབ་པར་བྱས་པ་མ་ཟད།     དྭ་ཕྲུག་ཉེར་བདུན་ལ་སློབ་སྐྱོར་རོགས་དངུལ་སྒོར་ཆིག་འབུམ་བདུན་ཁྲི་སྤྲད།

དུར་འཇུག་དང་གཉེན་སྒྲིག་ཐོ་འགོད། དབང་པོ་སྐྱོན་ཅན་བཅས་ཀྱི་ཞབས་ཞུ་དུས་མཉམ་དུ་ཇེ་ལེགས་སུ་བཏང་།   དུར་འཇུག་ཁྱབ་ཁོངས་ཀྱི་ཆེད་དམིགས་བཅོས་སྐྱོང་གཏིང་ཟབ་ཏུ་སྤེལ་བ་དང་།     ལམ་ལུགས་དང་ཚད་གཞི་ཁག་དྲུག་བཏོན་པ་དང་།     མ་དངུལ་སྒོར་ས་ཡ་ལྔ་བདུན་འབུམ་དྲུག་ཁྲི་བཏང་ནས་ཞུགས་འབུལ་ཁང་བསྒྱུར་བཀོད་ལ་སྐུལ་འདེད་བཏང་བ་དང་།     སྐྱེ་ཁམས་ཀྱི་དུར་འཇུག་བྱ་དགའ་དང་ཁ་གསབ་སྒོར་ས་ཡ་བཞི་ཆིག་ཁྲི་ཆིག་སྟོང་ལྔ་བརྒྱ་སྤྲད་པ་དང་།     དབང་པོ་སྐྱོན་ཅན་ལ་ཁ་གསབ་ཁག་གཉིས་ཀྱི་སྒོར་བྱེ་བ་གཅིག་ས་ཡ་བཞི་ཉིས་འབུམ་ཆིག་ཁྲི་གནད་ལ་འཁེལ་བའི་སྒོ་ནས་སྤྲད་དེ་དབང་པོ་སྐྱོན་ཅན་ཆིག་ཁྲི་ཉིས་སྟོང་ཆིག་བརྒྱ་དོན་བདུན་ལ་ཕན་ཐོགས་པ་རེད།

མཚོ་ཤར་གྲོང་ཁྱེར་དང་རེས་སྐོར་ལྔ་པའི་སྲིད་འཛིན་ས་ཁོངས་ཀྱི་ས་མཚམས་མཉམ་འབྲེལ་ཞིབ་བཤེར་བྱས་པ་དང་ཞིན་ཧེ་རྫོང་དང་གུང་ཧོ་རྫོང་གི་ལོ་ཉི་ཤུ་ལྷག་གི་སྲིད་འཛིན་ས་མཚམས་ཀྱི་ལོ་རྒྱུས་ཀྱི་ཤུལ་ལུས་རྩོད་གཞི་འོས་འཚམ་གྱིས་ཐག་གཅོད་བྱས།     དགེ་སྒྲུབ་སྤྱི་ཕན་སྟོབས་ཤུགས་གཅིག་སྡུད་བྱས་ནས་དམངས་འཚོ་དངོས་རྫས་བདུན་སྟོང་ལྔ་བརྒྱ་སྤྲད་པ་དང་དཀའ་ངལ་ཡོད་པའི་ཁྱིམ་ཚང་ལ་འཚམས་འདྲི་མ་དངུལ་སྒོར་ལྔ་ཁྲི་བྱིན།

གཞན་ཡང་ཞིང་ཆེན་ཡོངས་སུ་འགན་སྲུང་ཚད་གཞི་སྔོན་ལ་ལེགས་སྒྲིག་བྱས་ནས་ཚད་གཞི་མཐོར་འདེགས་ཀྱི་མ་དངུལ་ཚད་འབེབས་བསྡུར་ཚད45%ཟིན་པ་དང་།     ཞིང་སྡེའི་མ་མཐའི་འཚོ་བའི་འགན་སྲུང་ཟླ་རེའི་ཚད་གཞི་སྒོར98ཇེ་མཐོར་བཏང་ནས་སྒོར571ཡོད་པ་དང་། རིགས་དབྱེ་འགན་སྲུང་ཁ་གསབ་ཀྱི་ཟླ་རེའི་ཚད་གཞི་སྒོར15ཇེ་མཐོར་བཏང་ནས་སྒོར86ཡོད་པར་བྱས་ནས་ཞིང་སྡེའི་མ་མཐའི་འཚོ་བའི་འགན་སྲུང་བྱ་ཡུལ་ཆིག་ཁྲི་བརྒྱད་སྟོང་ལྔ་བརྒྱ་ལ་ཕན་ཐོགས་ཡོད།    སྒོར་ས་ཡ་ལྔ་དགུ་འབུམ་དྲུག་ཁྲི་བཏང་ནས་གནོན་ཆུང་གསོ་རླུང་སྒྲིག་ཆས15ཉོས་པ་དང་།    སྡེ་ཁུལ་དང་རྒན་གསོ་ལས་ཁུངས། དེ་བཞིན་ཁུལ་རྒན་རྒོན་བྱེད་སྒོའི་ལྟེ་གནས་སུ་སོ་སོར་བཀོད་སྒྲིག་བྱས་ཡོད།     གཞུང་སྐྲུན་དམངས་གཉེར་རྣམ་པའི་ཐོག་ནས་རིམ་པ་གཉིས་པའི་ཆེད་དོན་ཚན་ཁག་གི་སེམས་ཁམས་འཕྲོད་བསྟེན་ཕན་བདེའི་ལས་ཁུངས་བསྐྲུན་ནས་ས་གནས་ཀྱི་སེམས་ཁམས་འཕྲོད་བསྟེན་ཕན་བདེའི་ལས་དོན་གྱི་སྟོང་ཆ་བསྐངས་པ་དང་། 2025ལོའི་ཟླ5པར་འཁོར་གཉེར་བྱས་པ་ནས་བཟུང་མི་ཐེངས་ཆིག་སྟོང་དགུ་བརྒྱ་གྱ་ལྔ་ལ་ཞབས་འདེགས་ཞུས་ཡོད། 

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།