ཟླ1པའི་ཚེས8ཉིན། གསར་འགོད་པས“ལོ་ལྔའི་འཆར་འགོད་བཅུ་བཞི་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས”ཞེས་པའི་ཕྲེང་བསྟར་བརྗོད་དོན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་འཛུགས་སྐྲུན་ཐིང་གི་ཆེད་དོན་ཚོགས་ར་ནས་རྒྱུས་ལོན་བྱུང་བ་ལྟར་ན། ལོ་ལྔའི་འཆར་འགོད་བཅུ་བཞི་བའི་སྐབས་སུ། མཚོ་སྔོན་གྱིས་མགྱོགས་མྱུར་ངང་གྲོང་གསེབ་འཛུགས་སྐྲུན་གྱི་ཞིང་ཆེན་དང་གྲོང་ཁྱེར། རྫོང་། གྲོང་རྡལ་བཅས“རིམ་པ་བཞི་དང་ལས་རིམ་བཅུའི”མཐུན་སྦྱོར་སྐུལ་འདེད་བྱ་བའི་མ་ལག་བསྐྲུན་ནས། ཡུལ་བབ་དང་བསྟུན་ནས་རོང་འབྲོག་ས་ཁུལ་གྱི་གཞི་རྩའི་སྒྲིག་ཆས་དང་གཞིས་སྡོད་ཁོར་ཡུག་གི་སྤུས་ཚད་དང་ཆུ་ཚད་མཐོར་འདེགས་གཏོང་ཆེད། མཐོ་སྒང་གི་མཛེས་པའི་གྲོང་གསེབ1350འཛུགས་སྐྲུན་བྱས་ཏེ། འཆམ་མཐུན་དང་མཛེས་སྡུག་གི་གྲོང་གསེབ་འཛུགས་བསྐྲུན་ལ་གྲུབ་འབྲས་མངོན་གསལ་བླངས།
མཚོ་སྔོན་གྱིས་རྒྱུན་མཐུད་ངང་ཞིང་སྡེ་ཡི་གསར་དུ་འཕར་བའི་ཉེན་ཁ་ཅན་གྱི་ཁང་བ་བསྒྱུར་བཅོས་དང་ཡོམ་འགོག་བསྒྱུར་བཀོད་ཀྱི་ལས་གཞི་སྤེལ་ཏེ། རོང་འབྲོག་མང་ཚོགས་ཀྱི་ཡུན་རིང་བརྟན་བརླིང་གི་སྡོད་ཁང་བདེ་འཇགས་ལ་འགན་སྲུང་བྱས། ལོ་ལྔའི་རིང་། རོང་འབྲོག་མང་ཚོགས་ཁྲི་གཉིས་སྟོང་བདུན་སུམ་བརྒྱ་ཡི་སྡོད་ཁང་ལ་བསྒྱུར་བཅོས་བྱས་ཡོད་ལ། ཁྱོན་ཡོངས་ནས་རོང་འབྲོག་ས་ཁུལ་གྱི་ཁང་བའི་བདེ་འཇགས་ཀྱི་མངོན་མེད་ཉེན་ཁར་ཞིབ་བཤེར་ལེགས་བཅོས་བྱས་པ་དང་། ཞིབ་བཤེར་བྱས་ཚད་དང་ལེགས་བཅོས་བྱས་ཚད་བརྒྱ་ཆའི་བརྒྱར་སླེབས་ཡོད། ས་ཡོམ་གནོད་སྐྱོན་ཁྲོད་ཉེན་ཁ་ཅན་གྱི་ཁང་བའི་བསྒྱུར་བཀོད་དང་ཡོམ་འགོག་བསྒྱུར་བཀོད་བྱས་པའི་ཁང་བར་ཁང་བ་བརྡིབས་ནས་མིར་གནོད་སྐྱོན་བཟོས་པའི་དོན་རྐྱེན་བྱུང་མེད་པ་དང་། “ས་ཡོན་ཆུང་བས་གནོད་སྐྱོན་ཐེབས་མི་ཐུབ་པ་དང་ས་ཡོན་འབྲིང་བའི་གནོད་སྐྱོན་ཞིག་གསོ་བྱེད་ཐུབ་པ། ས་ཡོམ་ཆེན་པོས་ཁང་བ་བརྡིབས་མི་ཐུབ་པ”བཅས་ཀྱི་ཞིང་ཁང་གི་ཡོམ་འགོག་དམིགས་འབེན་མངོན་འགྱུར་བྱས་ཏེ། རོང་འབྲོག་མང་ཚོགས་ཀྱི་ཉེན་ཁ་ཅན་གྱི་ཁང་བའི་བསྒྱུར་བཀོད་དང་ཡོམ་འགོག་བསྒྱུར་བཀོད་བྱས་པའི་གྲུབ་འབྲས་ཀྱིས་ཁྱོན་ཡོངས་ཞིབ་དཔྱད་ཀྱི་ཉམས་ལེན་ཐེག་པ་ར་སྤྲོད་བྱས།
ལོ་ལྔའི་རིང་། ཞིང་ཆེན་ཡོངས་ནས་ཁྱོན་བསྡོམས་རོང་འབྲོག་མང་ཚོགས་འབུམ་གཅིག་ཁྲི་བརྒྱད་སྟོང་དྲུག་བདུན་བརྒྱ་ལ་གཞིས་སྡོད་ཆ་རྐྱེན་ལེགས་བཅོས་ལས་གཞི་ལག་བསྟར་བྱས་ཏེ། “ནུས་ཁུངས་གྲོན་ཆུང་གི་དྲོད་སྲུང་མཐོར་འདེགས་བྱེད་པ་དང་། སྒྲིག་བཀོད་འཐུས་ཚང་དུ་གཏོང་བ་། སྒོ་ར་དང་གྲོང་ཚོའི་ཁོར་ཡུག་བཅོས་སྐྱོང་བྱེད་པ”བཅས་ཕྱོགས་གསུམ་གྱི་ནང་དོན་ལ་དམིགས་ཏེ། ཕྱིའི་གྱང་ངོས་ལ་ནུས་ཁུངས་གྲོན་ཆུང་གི་དྲོད་སྲུང་རྒྱག་པ་དང་།་་ཉི་ནུས་དྲོད་ཁང་། ཁང་ངོས་ཀྱི་ཆུ་འགོག་དྲོད་སྲུང་། ཁང་པའི་ནང་གི་ཆུའི་གསང་སྤྱོད་བསྒྱུར་བཀོད་སོགས་ཀྱི་ལ་གཞི་ལག་བསྟར་བྱ་རྒྱུ་གཙོ་གནད་དུ་བཟུང་སྟེ། རོང་འབྲོག་མང་ཚོགས་ཀྱི“བདེ་སྡོད་གཞིས་ཁང”གི་དམིགས་འབེན་ཕྱོགས་སུ་གོམ་སྟབས་ཆེན་པོས་མདུན་དུ་བསྐྱོད་ཡོད་ལ། རོང་འབྲོག་མང་ཚོགས་ཀྱི་སྡོད་ཁང་གི་སྤུས་ཚད་ལ་མངོན་གསལ་གྱི་ལེགས་བཅོས་བྱུང་ཡོད།
ནུས་ཤུགས་ཡོད་རྒུས་གྲོང་ཚོའི་གཞི་རྩའི་སྒྲིག་ཆས་དང་སྤྱི་བའི་ཞབས་ཞུའི་སྒྲིག་བཀོད་ཀྱི་མི་འདང་ས་ཁ་གསབ་བྱས་པ་དང་། “ཆུ། གློག ལམ། དྲ་བ། བརྡ་ཁྱབ”སོགས་གྲོང་གསེབ་ཀྱི་གཞི་རྩའི་ཆ་ཚང་སྒྲིག་ཆས་མུ་མཐུད་དུ་འཐུས་ཚང་དུ་བཏང་སྟེ། “གཙང་སེལ་གསུམ་དང་ལེགས་བཅོས་གསུམ”དམ་འཛིན་བྱེད་ས་བྱས་ཏེ། རོང་འབྲོག་ས་ཁུལ་གྱི་གཞིས་སྡོད་ཁོར་ཡུག་ལེགས་བཅོས་དང་མཐོར་འདེགས་གཏོང་བར་གཅིག་གྱུར་སྐུལ་འདེད་བཏང་ནས། གྲོང་ཚོའི་འཛུགས་བསྐྲུན་སྤུས་ཚད་ཁྱོན་ཡོངས་ནས་མཐོར་འདེགས་བཏང་ཡོད། གྲོང་གསེབ་ཀྱི་གཅིག་གྱུར་བཀོད་འདོམས་དང་མ་ལག་བཅོས་སྐྱོང་། བཀོད་སྒྲིག་འོས་འཚམ་ཡིན་པ། མངའ་ཁུལ་ཡོངས་ཁེབས་པ་བཅས་ཀྱི་ཞིང་སྡེའི་འཚོ་བའི་གད་སྙིགས་ཀྱི་བྱ་བའི་རྐྱེན་སྲོལ་གྱི་རྨང་གཞི་བཙུགས་ནས། ཞིང་ཆེན་ཡོངས་ཀྱི་བརྒྱ་ཆའི96.2ཡན་གྱི་སྲིད་འཛིན་སྡེ་བའི་འཚོ་བའི་གལ་སྙིགས་ལ་ནུས་ལྡན་གྱི་ལེགས་བཅོས་བྱས་ཡོད། གླེང་རིན་ཡོད་པ་ཞིག་ནི། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་ཞུན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་། ཁྲི་འདུ་རྫོང་། པདྨ་རྫོང་བཅས་སོ་སོ་རྒྱལ་ཡོངས་སྲོལ་རྒྱུན་སྡེ་བའི་གཅིག་བསྡུས་འདབས་འབྲེལ་སྲུང་སྐྱོབ་ཀྱི་དཔེ་སྟོན་ཁུལ་དང་རྫོང་གི་ཁོངས་སུ་ཚུད་ཡོད་ལ། ས་ཁུལ་དང་མི་རིགས། རིག་གནས་བཅས་ཀྱི་ཁྱད་ཆོས་ཡོད་པའི་ལོ་རྒྱུས་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན་དང་གྲོང་རྡལ་གྲགས་ཅན། སྡེ་བ་གྲགས་ཅན་བཅས་ཀྱི་སྲོལ་རྒྱུན་སྡེ་བར་ནུས་ལྡན་གྱི་སྲུང་སྐྱོབ་ཐོབ་ཡོད།