གསར་འགོད་པས་ཟླ1པའི་ཚེས6ཉིན་བསྡུས་པའི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འཕེལ་རྒྱས་གྲུབ་འབྲས་ཀྱི་ཕྲེང་ལྟར་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཆེད་དོན་ཚོགས་འདུའི་སྟེང་རྒྱུས་ལོན་པ་ལྟར་ན། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”སྐབས་སུ། ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་བྱ་རྒྱུ་དེ་ཁྱོན་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བའི་གཙོ་གནད་མངའ་ཁོངས་ནང་བཅུག་པ་དང་། འདྲི་གཅོད་རྐྱེན་སྲོལ་གསར་སྐྲུན་དང་ཁྲིམས་འཛིན་སྲུང་སྐྱོབ་དང་ཇེ་དྲག་ཏུ་གཏོང་བ། སླར་གསོའི་ལམ་ལུགས་འཐུས་ཚང་དུ་གཏོང་བ། བཅོས་སྐྱོང་མ་ལག་ཇེ་ལེགས་སུ་གཏོང་བ་བཅས་བྱེད་ཐབས་ཆེན་པོ་བཞི་སྤྱད་དེ། ཆེས་གཟབ་ནན་གྱི་ལམ་ལུགས་དང་ཆེས་གཟབ་ནན་གྱི་ཁྲིམས་སྐྱོང་ལ་བརྟེན་ནས་མཐོ་སྒང་གི་རི་སྔོ་ཆུ་དྭངས་ལ་སྲུང་སྐྱོང་བྱས་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་སྐས་རིམ་གསར་པར་བསྐྱོད་རྒྱུར་སྐུལ་འདེད་བཏང་ཡོད།
འདྲི་གཅོད་ཀྱི་སྒྲིག་སྲོལ་དང་རྐྱེན་སྲོལ་བཅོས་སྒྱུར་མངོན་འགྱུར་ཐད་ཐོལ་བརྒལ་བྱུང་། 《ཁོར་ཡུག་གི་ཐོན་ཁུངས་ཀྱི་ལག་བསྟར་གྱོད་གཞིའི་བདག་ཁོངས་སྐོར་གྱི་བསམ་འཆར》པར་འགྲེམས་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་གཙོ་གཟུགས་ཡིན་པའི་གྱོད་གཞིའི་འདྲི་ཞིབ་དང་ལག་བསྟར་གྱི་སྲིད་འཛིན་ས་ཁོངས་ལས་བརྒལ་བའི་གཅིག་སྡུད་བདག་ཁོངས་ཁྱོན་ཡོངས་ནས་ཁྱབ་སྤེལ་བཏང་སྟེ། “སྣ་གསུམ་གཅིག་གྱུར”གྱི་ཁོངས་གཏོགས་ཆེད་ལས་ཅན་གྱི་འདྲི་ཞིབ་རྐྱེན་སྲོལ་གསར་དུ་བཙུགས་ནས། ས་ཁོངས་ཀྱི་ཚོད་འཛིན་རྩ་བ་ནས་གཏོར་ཏེ་སྐྱེ་ཁམས་ཀྱི་ཁྲིམས་འཛིན་སྲུང་སྐྱོབ་སྔར་ལས་མ་ལག་རང་བཞིན་དང་མཐུན་སྦྱོར་རང་བཞིན་ལྡན་དུ་བཏང་ཡོད། ལོ་ལྔའི་རིང་ལ། ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་དུ་འདྲི་ཞིབ་མཇུག་སྒྲིལ་ཁོར་ཡུག་གི་ཐོན་ཁུངས་གྱོད་གཞི་བསྡོམས་པའི6730ཡོད་པ་དང་། ཆེད་ལས་ཅན་གྱི་འདྲི་གཅོད་རྣམ་པས་གྱོད་གཞི་ཐག་གཅོད་བྱེད་པའི་སྤུས་ཚད་དང་ཕན་འབྲས་ཆེས་ཆེར་མཐོ་རུ་ཕྱིན་ནས། སྐྱེ་ཁམས་སྲུང་སྐྱོབ་བྱ་རྒྱུར་ཕན་ནུས་ཆེ་བའི་ཁྲིམས་འཛིན་གྱི་འགན་སྲུང་འདོན་སྤྲོད་བྱས་ཡོད།
སྐྱེ་དངོས་སྣ་མང་རང་བཞིན་གྱི་ཁྲིམས་འཛིན་སྲུང་སྐྱོབ་རྒྱུན་མཐུད་སྒོས་ཇེ་མང་དུ་བཏང་ཡོད། “ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གྱི་ངེས་གནས་དང“དེ་ལས་གལ་ཆེ་བ་གསུམ”གྱི་འཐབ་ཇུས་གནས་བབ་ལ་རྐང་བཙུགས་ཏེ། ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གིས་ཁྲིམས་འགལ་གྱིས་ཆུའི་ཐོན་རྫས་སྔོག་པ་དང་། རྩ་ཆེ་ལ་འཇིག་ཉེན་ཡོད་པའི་རི་སྐྱེས་སྲོག་ཆགས་འཛིན་པ་སོགས་ཉེས་གསོག་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་བཏང་ནས། སྔ་རྗེས་སུ་བསོད་ཆེ་གེ་མོས་ཁྲིམས་འགལ་ངང་འབྲོང་རྔོན་པའི་གྱོད་གཞི་དང་། མཱ་ཆེ་གེ་མོ་སོགས་ཀྱིས་ཁྲིམས་འགལ་ངང་གཙོད745རྔོན་པའི་དཔེ་མཚོན་གྱོད་གཞི་སོགས་གྱོད་གཞི་དང་འབྲེལ་བ་ཡོད་པའི་མི་སྣ་ཚང་མར་བཅའ་ཁྲིམས་ཆད་ནན་མོ་བཅད་ནས་ཟིལ་རྔམ་གྱི་རྣམ་པ་ཆགས་སུ་བཅུག དེ་དང་ཆབས་ཅིག སྤྱི་ཕན་གཏུག་བཤེར་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། 2022ལོར་མཚོ་སྔོན་པོའི་གསེར་ཉའི་སྤྱི་ཕན་གཏུག་བཤེར་འཕེལ་གཏོང་བྱེད་སྒོ་མཉམ་འབྲེལ་སྒོས་སྤེལ་ནས། ཉ་ཕྲུག་འབུམ་གཅིག་དང་ཁྲི་ལྔ་སྟོང་དྲུག་ཉིས་བརྒྱ་གོ་ལྔ་ཕྱིར་གཏོང་བྱས། རྒྱས་ཆེ་གེ་མོ་སོགས་ཀྱིས་ཁྲིམས་འགལ་ངང་གསའ་བཟུང་བའི་ཞོར་འབྲེལ་དམངས་དོན་སྤྱི་ཕན་གཏུག་བཤེར་གྱོད་གཞིའི་བྱ་བ་བདེ་བླག་ངང་སྒྲུབ་པ་དང་། སྐྱེ་ཁམས་གྱོང་གུན་སྒོར་འབུམ་གཉིས་ལྷག་བཏང་ནས། སྐྱེ་ཁམས་ཐོན་ཁུངས་སླར་གསོ་ནུས་ལྡན་བྱ་རྒྱུའི་བཀའ་བཏང་།
སྐྱེ་ཁམས་སླར་གསོ་དང་གྱོང་གུད་ཁ་གསབ་ལམ་ལུགས་དངོས་འབེབས་ལག་བསྟར་བྱས། སྲུང་སྐྱོབ་དང་སླར་གསོ་མཉམ་དུ་འཛིན་པ་དང་། ཆད་གཅོད་དང་སློབ་གསོ་ཟུང་འབྲེལ་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱས་ནས། སྤྱི་ཕན་གཏུག་བཤེར་གྱི་སྐྱིན་ཚབ་དངུལ་ཆད་གཅོད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ། བྱ་སྤྱོད་སྤེལ་མཁན་གྱིས་རང་འགུལ་ངང་སྐྱེ་ཁམས་སླར་གསོའི་འགན་འཁྲི་འཁུར་དགོས་པར་སྐུལ་འདེད་བཏང་། ལོ་ལྔའི་རིང་ལ། ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གིས་བསྡོམས་པས་ཁྲིམས་འགལ་གྱིས་ཆུའི་ཐོན་རྫས་སྔོག་པ་དང་། རྩ་ཆེ་ལ་འཇིག་ཉེན་ཡོད་པའི་རི་སྐྱེས་སྲོག་ཆགས་རྔོན་པ། རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོབ་བྱེད་པའི་སྐྱེ་དངོས་ལ་གནོད་པ་གཏོང་བ་སོགས་རིགས་གསུམ་གྱི་གྱོད་གཞི96ཐག་གཅོད་བྱས་པ་དང་། ཨ་ཆེན་གངས་རྒྱབ་དོ་དམ་ཁུལ་རྒྱས་བཟང་བསོད་ནམས་དར་རྒྱས་སྲུང་སྐྱོབ་ས་ཚིགས། མདོ་ལ་རིང་མོའི་རྒྱལ་ཁྱབ་སྤྱི་གླིང་རྒྱལ་ཁབ་ཀྱི་དུས་ཡུན་རིང་པོའི་ཚན་ཞིབ་རྟེན་གཞི་སོགས་སུ་སྐྱེ་ཁམས་ཁོར་ཡུག་ཁྲིམས་འཛིན་སྲུང་སྐྱོབ་ཀྱི་ཉེན་བརྡའི་སློབ་གསོ་དང་དྲིལ་བསྒྲགས། སླར་གསོ་སོགས་ཀྱི་རྟེན་གཞི་སོ་སོ་རུ། “གྱོད་གཞིའི་འདྲི་ཞིབ་དང་ཁྲིམས་འཛིན་དྲིལ་བསྒྲགས། སྐྱེ་ཁམས་སླར་གསོ། ཕྱོགས་བསྡུས་བཅོས་སྐྱོང”གི་བྱ་བའི་རྣམ་པ་བཙུགས་པ་དང་། སྐྱེ་ཁམས་ཀྱི་གནོད་སྐྱོན་རང་བཞིན་སླར་གསོ་དང་ཁྲིམས་སྐྱོང་དྲིལ་བསྒྲགས་གཉིས་ཀྱི་ཕན་འབྲས་མངོན།
མཐུན་སྦྱོར་བཅོས་སྐྱོང་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་། ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གིས་སྲིད་འཛིན་ཁྲིམས་བསྟར་སྡེ་ཁག་དང་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་བསྣན་ནས། ཁྲིམས་བསྟར་དང་ཁྲིམས་འཛིན་སྦྲེལ་མཐུད་བསམ་འཆར་ལ་མཉམ་འབྲེལ་སྒོས་མིང་བཀོད་དེ། ཞིང་ཆེན་ལས་བརྒལ་བའི་འབབ་རྒྱུད་གལ་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་མ་ལག་འཛུགས་རྒྱུར་སྐུལ་འདེད་བཏང་། ཁྲིམས་འགལ་གྱིས་ཞིང་ས་བཟུང་པའི་ཉེས་དོན་གྱོད་གཞི་ཇེ་མང་དུ་འགྲོ་བར་དམིགས་ནས། དུས་ཐོག་ཏུ་ཆེད་དམིགས་སྙན་ཞུ་ཕུལ་བ་དང་ཁྲིམས་འཛིན་གྲོས་འཆར་བཟོས་ནས་བཅོས་སྐྱོང་གི་དཀའ་ཁག་གནད་ལ་འཁེལ་བའི་སྒོ་ནས་ཐག་གཅོད་བྱས།