ཞི་ཅིན་ཕིང་གིས2026ལོའི་ཀྲུང་ཧྥེའི་མི་གཞུང་བརྗེ་རེས་ལོའི་མགོ་རྩོམ་མཛད་སྒོར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་སྤྲིངས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

2026ལོའི་ཟླ1པོའི་ཚེས8ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས2026ལོའི་ཀྲུང་ཧྥེའི་མི་གཞུང་བརྗེ་རེས་ལོའི་མགོ་རྩོམ་མཛད་སྒོར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་སྤྲིངས།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་བར་འབྲེལ་བ་བཙུགས་ནས་ལོ་ངོ་བདུན་ཅུ་འཁོར་ལ་ཉེ་བའི་སྐབས་འདིར་མི་གཞུང་བརྗེ་རེས་ལོ་སྤེལ་བ་ནི་ང་དང་ཨ་ཧྥེ་རི་ཁའི་འགོ་ཁྲིད་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་ཡིན་ལ། ལོ་རྒྱུས་ཀྱི་འགོ་རྩོམ་ས་གསར་པར་ལངས་ཏེ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཛའ་བརྩེ་སྔར་ལས་མི་སེམས་སུ་འཇགས་པར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། དཔལ་ཡོན་བརྗེ་རེས་དཔེ་ལྟོས་ནི་མིའི་རིགས་ཀྱི་དཔལ་ཡོན་ཡར་ཐོན་དང་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་དྲག་པོ་ཡིན། ལོ་ངོ་བརྒྱ་ཕྲག་ལྷག་གི་རིང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དཔལ་ཡོན་ཆེན་པོ་གཉིས་ཀྱིས་ཕན་ཚུན་ལ་ཤུགས་རྐྱེན་ཐེབས་ནས། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཛའ་མཐུན་གྱི་ལོ་རྒྱུས་དང་བསམ་བློའི་འབྱུང་རྩ་རུ་གྱུར་ཡོད།

ཞི་ཅིན་ཕིང་གིས་བསྟན་དོན། ཕྱོགས་གཉིས་ཀྱིས་མི་གཞུང་བརྗེ་རེས་ལོ་གོ་སྐབས་སུ་བརྩིས་ཏེ། སྲོལ་རྒྱུན་གྱི་མཛའ་བརྩེ་རྒྱུན་འཛིན་བྱེད་པ་དང་། དཔལ་ཡོན་དཔེ་ལྟོས་ལ་ཤུགས་སྣོན་པ། མི་སྣའི་འགྲོ་འོང་དང་ལྷག་པར་དུ་ན་གཞོན་གྱི་འགྲོ་འོང་དམ་ཟབ་ཏུ་གཏོང་བ། རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་བརྗེ་རེས་ཟབ་མོ་བྱེད་པ་དང་། ལག་རྡང་སྦྲེལ་ནས་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མི་དམངས་ཐེར་འབུམ་གཉིས་དང་དུང་ཕྱུར་བརྒྱད་ཀྱི་སེམས་པ་མཐུན་ཞིང་བརྩེ་སེམས་འབྲེལ་བ། སྟོབས་ཤུགས་གཅིག་སྡུད་བཅས་ལ་སྐུལ་འདེད་བཏང་སྟེ། གོ་ལ་ཧྲིལ་བོའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་མཐུན་སྒྲིལ་བྱས་ནས་གོ་ལ་ཧྲིལ་བོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་འཇལ་བ་དང་། མིའི་རིགས་ཡོངས་ཀྱི་ཐུན་མོང་རིན་ཐང་དར་སྤེལ་གཏོང་བ། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གཉིས་ཀྱིས་བྱས་རྗེས་འཇོག་པའི་རེ་བ་བཅངས་ཡོད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།