ཟླ1པོའི་ཚེས7ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ནས་རྒྱུས་ལོན་པ་ལྟར་ན། ཞིང་ཆེན་ཡོངས་ཀྱི་ཚོང་གཉེར་བྱེད་པོའི་མིང་ཐོ་ཚད་ལྡན་ཅན་གྱི་ཆུ་ཚད་མུ་མཐུད་དུ་མཐོ་རུ་གཏོང་བ་དང་། ཚོང་གཉེར་ཁོར་ཡུག་སྔར་ལས་ལྷག་པའི་ལེགས་སྒྱུར་བྱ་ཆེད། ཞིང་ཆེན་ཁྲོམ་ཆའི་ལྟ་སྐུལ་དོ་དམ་ཅུས་ཀྱིས《མཚོ་སྔོན་ཞིང་ཆེན་གྱི་ཚོང་གཉེར་གཙོ་གཟུགས་དང་མི་འཚམ་པའི་མིང་ཡོ་བསྲང་བྱེད་ཐབས》བཟོ་བཅོས་བྱས་ནས་འགྲེམ་སྤེལ་བྱས་པ་དང་། 2026ལོའི་ཟླ2པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།
《བྱ་ཐབས》ཀྱིས《ཁེ་ལས་ཀྱི་མིང་ཐོ་འགོད་པའི་གཏན་འབེབས་ལག་བསྟར་བྱ་ཐབས》དང《ཁེ་ལས་ཀྱི་ཚོང་གཉེར་རྒྱུན་ལྡན་མིན་པའི་དོ་དམ་བྱ་ཐབས》སོགས་ཀྱི་སྒྲིག་སྲོལ་གཞིར་བཟུང་ནས། ཚོང་གཉེར་གཙོ་གཟུགས་ཀྱི་མིང་ཞིབ་ཕྲ་བཟོས་ནས་མང་ཚོགས་ལ་མགོ་སྐོར་ཐེབས་སླ་བ་དང་གོ་ལོག་ཐོན་སྲིད་པའི་རྣམ་པ་ཇེ་ཞིབ་ཏུ་བཏང་ནས། སྣང་ཚུལ་འོས་འཚམ་མིན་པའི་རིགས་དེ་སྔའི་རིགས16ནས་རིགས22བར་ཇེ་མང་དུ་བཏང་ཡོད། སྣང་ཚུལ་འཐུས་ཚང་དང་ཡོ་བསྲང་བྱེད་འགོ་ཚུགས་པ་དང་། གོང་རིམ་ཐོ་འགོད་ལས་ཁུངས་ཀྱིས་འོག་རིམ་ཐོ་འགོད་ལས་ཁུངས་ལ་ཐོ་འགོད་འོས་འཚམ་མིན་པའི་ཚོང་གཉེར་བྱེད་པོའི་མིང་ཡོ་བསྲང་བྱེད་དགོས་པའི་བླང་བྱ་བཏོན་ཆོག་པ་གསར་དུ་ཁ་སྣོན་བྱས་ཡོད། མིང་ཐོ་ཡང་བསྐྱར་ཞིབ་བཤེར་དང་ངོས་འཛིན། བརྡ་སྦྱོར། ཐག་གཅོད་སོགས་ཡོ་བསྲང་བྱེད་པའི་གོ་རིམ་ཇེ་ལེགས་སུ་བཏང་པ་དང་། འབྲེལ་ཡོད་ཀྱི་ཡིག་ཆ་དེ་སྔོན་གྱི་རིགས་དྲུག་ནས་ད་ལྟ་རིགས་ལྔ་རུ་སྟབས་བདེ་བཟོས་ཡོད་ལ། བཀོལ་སྤྱོད་ཆོག་པའི་རང་བཞིན་ཇེ་མཐོར་བཏང་ཡོད། དེ་དང་ཆབས་ཅིག 《བྱ་ཐབས》ནང་དུས་ཡུན་ལས་བརྒལ་ནས་མིང་བཅོས་སྒྱུར་མ་བྱས་པའི་ཚོང་གཉེར་བྱེད་པོ་དེ་ཚོང་གཉེར་ཚུལ་མིན་གྱི་མིང་ཐོའི་ནང་བཅུག་པ་དང་ཕྱིར་གཏོང་བྱེད་པའི་ཞིབ་ཕྲའི་བླང་བྱ་གསལ་བོ་བཟོས་ནས། ཡིད་རྟོན་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་སྟེ་ཚོད་གཉེར་བྱེད་པོའི་ཁ་དན་ཚིག་གནས་དང་རང་གཅུན་ལ་སྐུལ་འདེད་བཏང་ཡོད།
ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ཀྱིས《བྱ་ཐབས》དྲིལ་བསྒྲགས་དང་གསལ་འགྲེལ་ཡག་པོ་བྱས་ཏེ། རིམ་པ་སོ་སོའི་ཐོ་འགོད་ལས་ཁུངས་ཀྱིས་ཁྲིམས་ལྟར་ཚོང་གཉེར་བྱེད་པོའི་མིང་ལ་ཞིབ་བཤེར་འགན་འཁྲི་བྱེད་པར་མཛུབ་ཁྲིད་དང་། འོས་འཚམ་མིན་པའི་ཚོང་གཉེར་བྱེད་པོའི་མིང་ཚད་ལྡན་དང་ཡོ་བསྲང་བྱས་ཏེ། ཚོང་གཉེར་བྱེད་པོའི་མིང་ཚད་ལྡན་ཅན་དུ་འགྱུར་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས། དཔལ་འབྱོར་སྤྱི་ཚོགས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་ཞབས་འདེགས་ཞུ་རྒྱུ་རེད།