“དང་བླངས་པ་གཟའ་འཁོར་རེ་རེར་ང་ཚོར་བལྟ་རུ་ཡོང་བ་རེད། རྒན་གསོའི་མ་དངུལ་ཡང་ཟླ་རེར་དུས་ལྟར་བྱང་བུའི་སྟེང་ཐོན་ཡོང་། འཚོ་བ་ཇེ་བཟང་ནས་ཇེ་བཟང་རེད ”ཟེར། 2025ལོའི་ཟླ12པའི་ཚེས15ཉིན། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་སྡོམ་མདའ་གྲོང་རྡལ་གྱི་ལས་འཁྱེར་ངལ་གསོ་བྱས་པའི་རྒན་པོ་པདྨ་ཡིས་ལོ་འདི་འགའི་འཚོ་བའི་འགྱུར་ལྡོག་ལ་དེ་ལྟར་བསྟོད་བསྔགས་བྱས།
ལོ་ལྔའི་འཆར་འགོད་བཅུ་བཞི་བའི་སྐབས་སུ། ཁྲི་འདུ་རྫོང་གིས་ཁྱོན་ཡོངས་ནས་ཞིང་ཆེན་དང་ཁུལ་རིམ་པའི་ཐག་གཅོད་བཀོད་སྒྲིག་དོན་འཁྱོལ་བྱས་ཏེ། མང་ཚོགས་ཀྱི་དམངས་འཚོའི་བདེ་སྐྱིད་གོང་སྤེལ་དང་། “མཐའ་སྐྱོང་དང་རྨང་གཞི་སྲ་བརྟན། ནུས་པ་འདོན་སྤེལ”བཅས་ཟུང་འབྲེལ་བྱས་ཏེ། མ་མཐའི་འགན་སྲུང་དང་དམིགས་གསལ་ཚོགས་སྤྱིའི་དོ་སྣང་སོགས་ཁྱབ་ཁོངས་ལ་ཏན་ཏིག་གི་འབྲས་བུ་ཞིག་ཐོབ་པར་སྐུལ་འདེད་བཏང་ནས། མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་ ཚོར་མུ་མཐུད་དུ་ཇེ་མཐོར་བཏང་ཡོད། 2021ལོ་ནས་ད་བར་དུ། ཁྱོན་བསྡོམས་ཞིང་གྲོང་གི་མ་མཐའི་འཚོ་བའི་འགན་སྲུང་མ་དངུལ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་དྲུག་ས་ཡ་གསུམ་བྱིན་པ་དང་། མཁར་གྲོང་གི་མ་མཐའི་འཚོ་བའི་འགན་སྲུང་མ་དངུལ་སྒོར་བྱེ་བ་གསུམ་དང་ས་ཡ་བཞི་འབུམ་གཅིག་ཁྲི་བདུན་བཞི་སྟོང་བདུན་བརྒྱ། གནས་སྐབས་རོགས་སྐྱོབ་མ་དངུལ་སྒོར་བྱེ་བ་གཅིག་ས་ཡ་དགུ་འབུམ་བརྒྱད་ཁྲི་བདུན་སྟོང་ལྔ་བརྒྱད་བརྒྱ། དབུལ་ནག་གི་མིའི་གསོ་སྐྱོང་མ་དངུལ་སྒོར་བྱེ་བ་བཞི་འབུམ་དྲུག་ཁྲི་བཞི་བཞི་བརྒྱ་བཅས་བྱིན་ཡོད།
གྲོང་གསེབ་མ་མཐའི་འཚོ་བའི་འགན་སྲུང་དང་ཧ་ཅང་དབུལ་བོ་ཡིན་པའི་མིའི་གསོ་སྐྱོང་དོ་དམ་ཟབ་སྤེལ་བྱས་ཏེ། ཁྱིམ་ཚང་དཔལ་འབྱོར་གྱི་གནས་ཚུལ་ལ་ཞིབ་བཤེར་བྱེད་པའི་ལམ་སྲོལ་དང་ཡོང་འབབ་དམའ་བའི་ཁྱིམ་ཚང་ངེས་འཛིན་བྱེད་ཐབས་འཐུས་ཚང་དུ་བཏང་ནས། ཚན་རིག་རང་བཞིན་གྱི་འགུལ་རྣམ་སྤྱི་ཚོགས་རོགས་སྐྱོབ་ཀྱི་ཡུན་རིང་ལམ་ལུགས་བསྐྲུན་ཡོད། ནད་རྐྱེན་དང་དབང་སྐྱོན། གནོད་ཐེབས་བཅས་ཀྱིས་དབུལ་བོར་གྱུར་བའི་ཁྱིམ་ཚང་ལ་དམིགས་ཏེ། གནས་སྐབས་རོགས་སྐྱོར་གྱི་མཐའ་སྲུང་བྱེད་ནུས་སྟོབས་ལྡན་དུ་བཏང་སྟེ། དངོས་པོའི་རོགས་སྐྱོར་དང་འཚམ་འདྲི་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས། “འགན་སྲུང་བྱེད་འོས་པ་ངེས་པར་དུ་འགན་སྲུང་བྱེད་པ་དང་། ཁོངས་སུ་འཇུག་འོས་པ་ངེས་པར་དུ་ཁོངས་སུ་འཇུག་པ། རོགས་སྐྱོར་བྱེད་འོས་པ་ངེས་པར་དུ་རོགས་སྐྱོར་བྱེད་པ”བཅས་མངོན་འགྱུར་བྱས། “ཏང་འཛུགས་དང་གནད་ཁེལ་རྒན་གསོ། དམངས་ཕན་ཞབས་ཞུ”བཅས་ཟུང་འབྲེལ་གྱི་རྣམ་པ་གསར་གཏོད་བྱས་ཏེ། “སྒོ་བཅར་འགུལ་སྐྱོད”ལ་བརྟེན་ནས་ལོ་ལོན་ཁེར་འདུག་གི་གནས་ཚུལ་དང་དགོས་མཁོར་ཞིབ་བཤེར་བྱས་ནས། མི་རེར་ཡིག་ཚགས་རེ་ཡོད་པའི་རོགས་སྐྱོར་གསལ་ཁྲ་བཟོས་ཏེ། གནད་ལ་ཁེལ་བའི་སྒོ་ནས་འཚོ་བའི་རོགས་དངོས་དང་བདེ་ཐང་གི་ལྟ་ཞིབ་ཚད་ལེན་སོགས་ཕྱོགས་ཡོངས་ཀྱི་དོ་སྣང་དང་བརྩེ་བ་འདོན་སྤྲོད་བྱས། མིག་སྔར། རྫོང་ཡོངས་ནས“གཞིས་སྡོད་ཀྱི་རྨང་གཞི་དང་སྡེ་ཁུལ་གྱི་རྒྱབ་རྟེན། ལས་ཁུངས་ཀྱི་ཁ་གསབ། གསོ་བཅོས་ཀྱི་ཟུང་འབྲེལ”བཅས་ཀྱི་རྒན་གསོའི་ཞབས་ཞུའི་མ་ལག་བཙུགས་ནས། མཁར་གྲོང་སྡེ་ཁུལ་གྱི་རྒན་གསོའི་ཞབས་ཞུ་སྒྲིག་ཆས་ཀྱི་ཁེབས་ཚད་བརྒྱ་ཆའི་བརྒྱར་སླེབས་ཡོད། ཕྱོགས་ཡོངས་ནས་དཀའ་ཁག་ཅན་གྱི་དབང་བོ་སྐྱོན་ཅན་ལ་འཚོ་བའི་ཁ་གསབ་དང་དབང་སྐྱོན་ཚབ་ཆེན་གྱི་བདག་སྐྱོང་ཁ་གསབ་ལམ་ལུགས་དོན་འཁྱོལ་བྱས་ཏེ། 2021ལོ་ནས་ད་ལྟའི་བར་ཁྱོན་སྡོམ་ཁ་གསབ་མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་ལྔ་འབུམ་གསུམ་ཁྲི་གཅིག་སྟོང་དྲུག་བདུན་བརྒྱ་བྱིན་པ་དང་། དཀའ་ཁག་ཅན་གྱི་དབང་སྐྱོན་ཆིག་སྟོང་དྲུག་བརྒྱ་བཅོ་ལྔ་དང་དབང་སྐྱོན་ཚབ་ཆེན་ཆིག་སྟོང་སུམ་བརྒྱ་ང་བརྒྱད་ལ་ཕན་བདེ་བསྐྲུན་ཡོད།