ཞིང་ཆེན་ཡོངས་ཀྱི་མགོ་ཁྲིད་ལས་བྱེད་པས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་ཞིབ་འཇུག་བགྲོ་གླེང་འཛིན་གྲྭའི་ཟུར་བྲིས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ1པའི་ཚེས7ཉིན། ཞིང་ཆེན་ཡོངས་ཀྱི་མགོ་ཁྲིད་ལས་བྱེད་པས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་ཞིབ་འཇུག་བགྲོ་གླེང་འཛིན་གྲྭ་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་རུ་འཚོགས་པ་རེད། དེ་ནི་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལ་ཕྱོགས་ཡོངས་ནས་སློབ་སྦྱོང་དང་གོ་བ་ལེན་པའི་བསམ་བློའི་གསོལ་སྟོན་ཆེན་པོ་ཞིག་ཡིན་ལ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པ”མགོ་ཚུགས་པའི་ལོ་ཡང་ཡིན་པས། མི་སེམས་གཅིག་སྒྲིལ་དང་ངར་ཤུགས་ལ་སྐུལ་སློང་བྱས་ཡོད་ལ། ཀྲུང་དབྱང་གི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གྱི་ལག་ལེན་གསོན་ཉམས་ལྡན་པ་ཡང་རེད།

ཚོགས་རའི་ཕྱི་རོལ་དུ་གྲང་ངར་ཆེ་ཞིང་། ཚོགས་རའི་ནང་གི་རྣམ་པ་སྤྲོ་སེམས་འཁོལ།མགོ་ཚུགས་མཛད་སྒོའི་སྟེང་། ཞིང་ཆེན་ཡོངས་ཀྱི“འགག་རྩ་ཉུང་ཤས”མཉམ་དུ་འཛོམས་ནས། ཆེད་དོན་ཟུར་ཁྲིད་ཁྲོད་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྲོག་ཤིང་གི་དོན་སྙིང་ལ་ཤེས་རྟོགས་དང་། བསམ་བློའི་གདོང་ཐུག་ཁྲོད་དངོས་སྒྲུབ་ཀྱི་གནད་འགག་འཚོལ་བ། སྨྱུ་གུའི་བློ་རྩེ་གཅིག་ཏུ་སྒྲིལ་ནས་འབད་བརྩོན་ལ་ཡིད་ཆེས་བརྟན་པོས་ཁེངས།

ད་ནི་སློབ་སྦྱོང་ཟབ་མོ་དང་ཞིབ་རྟོག་ནན་པོ་བྱེད་པའི་དུས་སྐབས་རེད།ལོ་གསར་བའི་མགོ་ཚུགས་པས་ཐམས་ཅད་གསར་བསྒྱུར་བྱེད་དགོས།ཟླ1པའི་ཚེས7ཉིན་གྱི་ཞོགས་པར། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་མིང་ཀྲེ(明哲)ཐོག་ཁང་གི་མདུན་དུ། ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོ་ནས་ཡོང་བའི་མགོ་ཁྲིད་ལས་བྱེད་པས་སློབ་སྦྱོང་དང་ཤེས་རྟོགས་ལ་སྐོམ་པའི་ཆུ་བཞིན་དུ་སྤྲོ་སེམས་བཅངས་ནས་ཏང་གི་སློབ་གྲྭའི་སློབ་ཁང་དུ་སོང་བ་རེད། མིང་ཀྲེའི་ཐོག་ཁང་གི་སྙན་ཞུ་ཁང་དུ་གློག་འོད་འཚེར་བ་དང་། འདུག་སྟེགས་སྟོང་པ་མེད་པས། སློབ་མ་རྣམས་ཀྱིས་སྙིང་སྟོབས་དང་སྤྲོ་སྣང་གིས་ཁེངས་པའི་སྒོ་ནས་སློབ་སྦྱོང་དང་བགྲོ་གླེང་བྱེད་གྲབས་ཡོད། ཁོང་ཚོས་ཐེངས་འདིའི་ཞིབ་བསྡུར་འཛིན་གྲྭ་ནི་གཅིག་སྡུད་སློབ་སྦྱོང་བྱེད་པ་ཙམ་ཞིག་མ་ཡིན་པར། རང་ཉིད་ཀྱི་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་མཐོ་རུ་གཏོང་བའི་བསམ་བློའི་སྦྱོང་བརྡར་དང་། ཐུན་མོང་ཐོག་འབད་བརྩོན་བྱེད་པའི་ངོས་འཛིན་གཅིག་སྡུད་ཀྱི་དད་སེམས་སྦྱོང་བརྡར་དང་དངོས་བསྒྲུབ་ཀྱི་ནུས་པ་ཆེ་རུ་གཏོང་བའི་ལག་ལེན་གྱི་ཉམས་མྱོང་ཞིག་ཡིན་པ་གསལ་བོ་རྟོགས་ཡོད། 

དུས་ཚོད9ཡི་སྟེང་། བགྲོ་གླེང་འཛིན་གྲྭའི་མགོ་ཚུགས་མཛད་སྒོ་འཚོགས་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྱིས་ཨུ་ཡོན་རྣམས་ལ་ཟུར་ཁྲིད་སྙན་ཞུ་གནང་བ་རེད།སྙན་ཞུའི་ནང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྲོག་ཤིང་གི་དོན་སྙིང་དང་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ལ་ཕྱོགས་ཡོངས་ནས་འགྲེལ་བཤད་བྱས་པ་དང་། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་སུ་མཚོ་སྔོན་ལ་གནས་པའི་ལོ་རྒྱུས་ཀྱི་ཁ་ཕྱོགས་གནད་ལ་འཁེལ་བས་དབྱེ་ཞིབ་བྱས་པ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལ་སྔར་ལས་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས་བླང་བྱ་ཁ་གསལ་བཟོས།

གསལ་འགྲེལ་གཏིང་ཟབ་ཅིང་སྟབས་བདེ་བ་དང་། བསམ་འདུན་མཐོ་བ། ཁ་ཕྱོགས་གསལ་ཞིང་། རིགས་པའི་གཞུང་ལུགས་ཀྱི་མཐོང་རྒྱ་ཡངས་ཤིང་བདེན་འཚོལ་གྱི་ལག་ལེན་ལ་དོ་ཁུར་བྱེད་པ་དེས། ཨུ་ཡོན་ཚོར་བསམ་བློའི་བློ་སྒོ་གཏིང་ཟབ་དང་ལག་ལེན་གྱི་མཛུབ་ཁྲིད་གསལ་པོ་མཁོ་འདོན་བྱས་ཡོད།

ཨུ་ཡོན་རྣམས་ཀྱིས་ཐོས་པ་ནི་ཏང་ཀྲུང་དབྱང་གིས་མ་འོང་པའི་འཕེལ་རྒྱས་ཐད་འཆར་འགོད་ཞིབ་ཚགས་བྱེད་པ་དང་། ཚོར་བ་ནི་ཞིང་ཆེན་ཏང་ཨུས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་ཆོད་སེམས་བརྟན་པོ་རེད། མྱོང་ཚོར་ནི་མ་འོང་པའི་ལོ་ལྔའི་ནང་ཕྲག་ཏུ་འཁུར་དགོས་པའི་ལོ་རྒྱུས་ཀྱི་ལས་འགན་དང་འགན་འཁྲི་རེད། 

ཞིང་ཆེན་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་དང་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཀྲུའུ་རེན་ཞའོ་ཧྥེ་ཧའོ་ཡིས་བཤད་རྒྱུར། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”ལས་དོན་ཁག་ཁྱོན་ཡོངས་ནས་མགོ་ཚུགས་པའི་འགག་རྩའི་དུས་སྐབས་སུ། ཞིང་ཆེན་ཏང་ཨུས་ཐེངས་འདིས་བགྲོ་གླེང་འཛིན་གྲྭ་སྒྲིག་འཛུགས་བྱས་པ་ཧ་ཅང་དུས་ཐོག་རེད། འཛིན་གྲྭའི་མགོ་ཚུགས་མཛད་སྒོའི་སྟེང་གི་ཟུར་ཁྲིད་སྙན་ཞུའི་གཟིགས་རྒྱང་རིང་བ་དང་། ནང་དོན་ཕུན་སུམ་ཚོགས་པ། དོན་དངོས་ལ་དམིགས་ཡོད་པས། ང་ཚོའི་ལས་རིམ་རྗེས་མའི་ལས་དོན་ལ་བསམ་བློ་གཅིག་གྱུར་དང་། བསམ་ཕྱོགས་གསལ་བ། གསོན་ཤུགས་བསྣན་ཡོད་ཟེར།” ང་ཚོས་མུ་མཐུད་དུ་ཞིང་ཆེན་ཏང་ཨུའི་བླང་བྱ་གཞིར་བཟུང་ནས། ཏང་གིས་རྒྱལ་དབང་ཁེ་ལས་ལ་ཕྱོགས་ཡོངས་ནས་མགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་། རྒྱལ་ཁབ་ཀྱི་མ་རྩ་དང་རྒྱལ་དབང་ཁེ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མཐའ་འཁྱོངས་བྱེད་པ། རྒྱལ་དབང་ཁེ་ལས་ཀྱི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། “གཏོང་ཐུབ་པ”དང“དོ་དམ་བྱེད་ཐུབ་པ”རྒྱུན་འཁྱོངས་བཅས་བྱས་ནས། འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་འཆར་འགོད་བྱས་ནས་ཞིང་ཆེན་ཡོངས་ཀྱི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ཁག་མངོན་འགྱུར་ལ་སྟོབས་ཤུགས་འབུལ་རྒྱུ་ཡིན་ཟེར། 

ཡིད་ཆེས་བརྟན་པོ་དང་སྤོབས་པ་ཆེན་པོས་འབད་བརྩོན་བྱེད།“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་ནི་གཞི་རྩའི་མངོན་འགྱུར་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་། ཁྱོན་ཡོངས་ནས་སྟོབས་ཤུགས་འདོན་པའི་འགག་རྩའི་དུས་སྐབས་ཤིག་ཡིན།ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་པ་དང་ཆབས་ཅིག མཚོ་སྔོན་གྱིས་རང་ངོས་ཀྱི་ལེགས་ཆར་བརྟེན་ནས་རྒྱལ་ཁབ་ཀྱི་འཕེལ་རྒྱས་དགོས་མཁོར་ཞབས་འདེགས་ཇི་ལྟར་ཞུ་རྒྱུ་ཡིན་ནམ་ཞེ་ན།

མིག་སྔར། མཚོ་སྔོན་འཐབ་ཇུས་ཀྱི་གནས་བབ་སྤྱི་ཡོངས་ནས་འཕར་བའི་དུས་སྐབས་དང་། སྐྱེ་ཁམས་ལེགས་ཆ་བརྗེ་སྤོར་བྱེད་པའི་འགག་རྩའི་དུས་སྐབས། དེང་རབས་ཅན་གྱི་སྐྱེ་ཁམས་ཀྱི་ལེགས་ཆ་བརྗེ་སྤོར་བྱེད་པའི་འགག་རྩའི་དུས་སྐབས་དེང་རབས་ཅན་གྱི་ཐོན་ལས་མ་ལག་གསོ་སྐྱོང་དང་མཐོ་རུ་གཏོང་བའི་དུས་སྐབས་བཅས་སུ་བསླེབས་ཡོད་པས། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ངེས་པར་དུ་དུས་བབ་ལ་ངོས་འཛིན་གསལ་པོ་དང་གོ་སྐབས་དམ་འཛིན་བྱས་ཏེ། འཐབ་འཛིང་གི་སྙིང་སྟོབས་སྔར་ལས་མཐོན་པོ་དང་དངོས་སྒྲུབ་ཀྱི་སྤྱོད་ཚུལ་ལ་བརྟེན་ནས་ལས་དོན་ཁག་གི་ནང་དུ་ཧུར་གྱིས་ཞུགས་དགོས།

ཞིང་ཆེན་དམངས་སྲིད་ཐིང་གི་ཏང་ཙུའུ་ཧྲུའུ་ཅི། ཐིང་ཀྲང་ཏུང་ཅེ་རེན་གྱིས་བཤད་རྒྱུར། ཞིང་ཆེན་ཡོངས་ཀྱི་དམངས་སྲིད་མ་ལག་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་སྔར་ལས་གཏིང་ཟབ་ཏུ་གཏོང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམངས་སྲིད་ལས་དོན་སྐོར་གྱི་རྒྱས་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་མཆན་བཀོད་མཛུབ་སྟོན་དགོངས་དོན་ཁྱོན་ཡོངས་ནས་དོན་འཁྱོལ་ཡག་པོ་བྱེད་པ་དང་། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དམངས་སྲིད་འཆར་འགོད་དོན་འཁྱོལ་ཞིབ་ཕྲ་ཡོང་བར་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་ཀྱི་གཞི་རྩའི་འགན་སྲུང་དང་གཞི་རྩའི་རྒན་གསོ་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ། རྒན་གསོ་ཞབས་ཞུའི་བསྒྱུར་བཅོས་དང་འཕེལ་རྒྱས་གཏིང་ཟབ་ཏུ་གཏོང་བ། དམངས་སྲིད་འགན་སྲུང་ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་འཐུས་ཚང་དང་མཐོ་རུ་གཏོང་བ། སྔར་ལས་འབད་བརྩོན་ནུས་ལྡན་གྱི་རྣམ་འགྱུར་ཐོག་ནས་དམངས་སྲིད་ཀྱི་ལས་དོན་བྱ་གཞག་བསྒྱུར་བཅོས་དང་གསར་གཏོད་ལ་སྐུལ་འདེད་གཏོང་བ་དང་། དམངས་ཚིས་འགན་སྲུང་གི་ཆུ་ཚད་ཇེ་ཟབ་བཅས་སུ་བཏང་ནས་དམངས་ཚིས་བདེ་སྐྱིད་ཆེ་རུ་གཏོང་བའི་ཁྲོད་དམངས་སྲིད་ཀྱི་བྱས་རྗེས་འཇོག་དགོས་ཟེར།

སྐྱེ་ཁམས་སྔོན་ལ་སྤེལ་རྒྱུ་ནི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་རྨང་གཞི་ཡིན་ལ།  རྒྱལ་ཡོངས་ཀྱི་ཁྱོན་ཡོངས་ལ་ཞུགས་ནས་ཞབས་འདེགས་ཞུ་བའི་བརྒྱུད་རིམ་ཁྲོད་ཀྱི་ཕྲག་ཏུ་ཁུར་བའི་མཚོ་སྔོན་གྱི་འགན་འཁྲི་ཞིག་ཀྱང་ཡིན།གཙང་གསུམ་མགོ་ཁུངས་ཀྱི་རྒྱལ་ཁབ་སྤྱི་གླིང་གི་དོ་དམ་ཅུའུ་ཡི་ཏང་ཨུའི་ཧྲུའུ་ཅི། ཅུའུ་ཀྲང་ཆིའུ་ཅེ་ཁྲོན་གྱིས་བཤད་རྒྱུར། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཀྲུང་ཨུ་ཚང་མས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ཁ་གསལ་བཟོས་ཡོད། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་དོ་དམ་ལས་ཁུངས་ཡིན་པའི་ངོས་ནས། ཏང་ཀྲུང་དབྱང་གི་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བླང་བྱ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ཐད་ནུས་ཤུགས་ཡོད་རྒུས་ཉམས་མྱོང་འདོན་པ་དང་དཔེ་སྟོན་བྱེད་པ། དོ་དམ་སྒྲིག་སྲོལ་དང་། སྡེ་ཁུལ་འཛུགས་སྐྲུན། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་སྲུང་སྐྱོང་དང་། གཉེར་སྐྱོང་རང་བཞིན་གྱི་ཞབས་ཞུ། ལྟ་ཞིབ་ཚད་ལེན་སྔོན་ཚུད་ཉེན་བརྡའི་མ་ལག་སོགས་མངའ་ཁོངས་སུ་ཤུགས་བརྒྱབ་ནས་མཚོ་སྔོན་གྱི་ཉམས་མྱོང་ཁག་ཅིག་ཆགས་པ་དང་། སྤུས་ཚད་མཐོ་བའི་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པར་འདེགས་སྐྱོར་མཁོ་འདོན་བྱེད་དགོས་ཟེར།

སློབ་སྦྱོང་ལ་བརྟེན་ནས་ལས་སྒྲུབ་ལ་སྐུལ་འདེད་གཏོང་བའི་ལེའུ་གསར་པ་རྩོམ།འཛིན་གྲྭ་བཙུགས་ནས་ཟུར་ཁྲིད་བྱེད་པ་ནི་མགོ་བརྩམས་པ་ཙམ་ཡིན་ལ། མ་འོང་པའི་ཉིན་གསུམ་ནང་། ཨུ་ཡོན་རྣམས་ཀྱིས་ཆེད་དོན་ཟུར་ཁྲིད་དང་ཚན་ཆུང་བགོས་ནས་བགྲོ་གླེང་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་གྱི་ལྟེ་བའི་དོན་སྙིང་དང་བསམ་པའི་ངོ་བོ་ཁྱོན་ཡོངས་ནས་ཁོང་དུ་ཆུད་པ་དང་། ཡིད་ཆེས་བརྟན་པོའི་སྒོ་ནས་སློབ་པ་དང་། ཕྱོགས་ཡོངས་ནས་སློབ་པ། དོན་དངོས་དང་ཟུང་འབྲེལ་བྱས་ནས་སློབ་པ། གནད་དོན་འཁྲིད་དེ་སློབ་པ། བྱེད་ཐབས་ལ་མཐོང་ཆེན་བཅས་བྱས་ཏེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དེ་མཚོ་སྔོན་ནས་རྐང་ཟུག་སྟེ། རང་ཞིང་གི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགོ་ཡག་པོ་ཚུགས་པར་ཁག་ཐེག་བྱེད་དགོས། 

ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་གི་ཐིང་ཀྲང་། ཞིང་ཆེན་ཚོང་འགུག་ཅུས་ཀྱི་ཅུས་ཀྲང་ལི་ཞའོ་ཉིའུ་ཡིས་བཤད་རྒྱུར། འཛིན་གྲྭའི་ཟུར་ཁྲིད་སྙན་ཞུའི་མ་ལག་གིས‘ལོ་ལྔའི་འཆར་འགོད་བཅོ་ལྔ་པའི’འཕེལ་རྒྱས་ཀྱི་ལྟེ་བའི་དོན་སྙིང་འགྲེལ་བཤད་བྱས་ཡོད། ནང་དོན་ཞིབ་ཕྲ་ཡིན་ཞིང་ཐབས་ལམ་གསལ་ལ། ང་ཚོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་པར་ཁ་ཕྱོགས་བསྟན་ཡོད། ཞིང་ཆེན་ཡོངས་ཀྱི་ཏང་ཡོན་ལས་བྱེད་པའི་སློབ་སྦྱོང་གི་གྲུབ་འབྲས་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ལས་ཀའི་རྣམ་པ་གསར་པ་གཏོད་པའི་དངོས་ཡོད་བྱ་སྤྱོད་དུ་བསྒྱུར་ངེས་ཡིན། ང་ཚོས་མུ་མཐུད་དུ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱ་མཐའ་གཅིག་ཏུ་ལག་བསྟར་དང་། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པའི་སློབ་སྲོལ་དར་སྤེལ་ཤུགས་ཆེན་བྱས་ཏེ། བཟོ་ལས་དང་ཆ་འཕྲིན་ཅན་སྡེ་ཁག་གི་འགན་ལེན་དང་འགན་འཁྲི། དེ་བཞིན་མིག་སྔའི་གཙོ་གནད་ལས་དོན་ལ་དམ་པོར་དམིགས་ནས། སློབ་སྦྱོང་དང་ལག་ལེན་ཟུང་འབྲེལ་མཐའ་འཁྱོངས་དང་། སློབ་སྦྱོང་ལ་བརྟེན་ནས་ལས་སྒྲུབ་ལ་སྐུལ་འདེད་བཅས་བཏང་ནས་། རང་རྟོགས་ངང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལ་སྐུལ་འདེད་གཏོང་བའི་ཞིབ་ཕྲའི་བསམ་ཕྱོགས་དེ་དངོས་སྒྲུབ་བྱེད་ཐབས་སུ་བསྒྱུར་བ་དང་། སློབ་སྦྱོང་གི་གྲུབ་འབྲས་དེ་ཞིང་ཆེན་ཡོངས་ཀྱི་བཟོ་ལས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལག་ལེན་དངོས་སུ་བསྒྱུར་དགོས།

ཞིང་ཆེན་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་སྡེ་ཚོགས་ཚད་ཡོད་ཀུང་སིའི་ཏང་ཨུ་ཧྲུའུ་ཅི། ཏུང་ཧྲི་ཀྲང་རུང་ཙེང་ཡན་གྱིས་བཤད་རྒྱུར། འཛིན་གྲྭའི་ཟུར་ཁྲིད་སྙན་ཞུའི་བརྗོད་དོན་གསལ་ཞིང་། ནང་དོན་གཏིང་ཟབ་རེད། ཆབ་སྲིད་ཀྱི་ལངས་གནས་མཐོ་བ་དང་། རིགས་པའི་གཞུང་ལུགས་གཏིང་ཟབ་པ། དངོས་ཡོད་དང་དམ་པོར་འབྲེལ་ཡོད་པས། སྲིད་ཇུས་གསལ་འགྲེལ་དང་དངོས་ཡོད་སྐུལ་སློང་གཏིང་ཟབ་ཅིག་ཡིན་པ་མ་ཟད། དོན་དངོས་དང་འབྲེལ་བ་དམ་ཟབ་ཡོད་པ་དང་བཀོལ་སྤྱོད་རང་བཞིན་ཆེ་བའི་བྱ་སྤྱོད་ཇུས་གཞི་ཞིག་ཀྱང་རེད། “ཐོག་མར་གསར་འཛུགས་བྱས་པའི་ཞིང་ཆེན་ཁོངས་གཏོགས་ཀྱི་ནུས་ཁུངས་ཁེ་ལས་ཡིན་པའི་ངོས་ནས། ངས་ཐེངས་འདིའི་ཟབ་སྦྱོང་གོ་སྐབས་སུ་བརྩིས་ཏེ། སློབ་སྦྱོང་གཏིང་ཟབ་དང་གོ་རྟོགས་གཏིང་ཟབ་པའི་ཁྲོད་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཡང་དག་འཚོལ་དགོས། འཕེལ་རྒྱས་ཀྱི་བསམ་ཕྱོགས་གསལ་བོའི་སྒོ་ནས་འཕེལ་རྒྱས་ཀྱི་བྱེད་ཐབས་དོན་འཁྱོལ་བྱས་ཏེ། ནུས་ཁུངས་མ་ལག་གསར་པ་འཛུགས་སྐྱོང་དང་། མཚོ་སྔོན་གྱི་ཁྱད་ཆོས་དང་ལེགས་ཆ་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་གསར་འཛུགས་ཐོན་ལས་ཀྱི“གནས་བཞི”སོགས་ཞིབ་ཕྲའི་ལས་འགན་བཅས་སྒྲུབ་སྟེ་སློབ་སྦྱོང་གི་གྲུབ་འབྲས་སུ་བསྒྱུར་བར་སྐུལ་འདེད་གཏང་བ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ཁེ་ལས་ཀྱི་འཐབ་ཇུས་འཆར་འགོད་དང་། བསྒྱུར་བཅོས་འཕེལ་རྒྱས། གཉེར་སྐྱོང་དོ་དམ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་གང་ཅིའི་ཐད་ལ་འཇུག་དགོས། 

ཨུ་ཡོན་རྣམས་ཀྱིས་ཐེངས་འདིའི་བགྲོ་གླེང་འཛིན་གྲྭ་གོ་སྐབས་སུ་བརྩིས་ཏེ། སློབ་སྦྱོང་དང་ཤེས་རྟོགས་ཞིབ་ཕྲ་ལས་ལྷག་བསམ་དང་། གྲོས་བསྡུར་སྤེལ་རེས་ལས་ཡིད་ཆེས་འདྲོངས་པ། ཤེས་བྱ་གཅིག་གྱུར་ལས་ངར་ཤུགས་བསྐྱེད་པ། བསམ་བློ་གདོང་གཏུག་ལས་ཐབས་ཤེས་ཇུས་འདོན་བཅས་བྱས་པ་དང་། ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་དེ་མཚོ་སྔོན་གྱི་ལས་སྒྲུབ་དང་ལས་གཏོད་ཀྱི་བྱ་སྤྱོད་དངོས་ལ་བསྒྱུར་ཏེ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འབད་བརྩོན་གྱི་བགྲོད་ལམ་དུ་གོམ་སྟབས་བརྟན་པོ་སྤོས་ནས་རྒྱལ་ཡོངས་ཀྱི་སྤྱིའི་བཀོད་པར་ཧུར་ཐག་གིས་ཞུགས་ཐོག ཞབས་འདེགས་ཞུ་བའི་བརྒྱུད་རིམ་ཁྲོད་མཚོ་སྔོན་གྱི་ཁག་ཁུར་དང་མཚོ་སྔོན་གྱི་སྤྱོད་ཚུལ་མངོན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་བརྩམ་པར་འབད་བརྩོན་ལྷོད་མེད་བྱ་རྒྱུ་ཡིན་ཟེར། 

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།