ཞིང་ཆེན་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་ཞིབ་འཇུག་བགྲོ་གླེང་འཛིན་གྲྭ་འཚོགས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ1ཚེས7ཉིན། ཞིང་ཆེན་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་ཞིབ་འཇུག་བགྲོ་གླེང་འཛིན་གྲྭ་དེ་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་རུ་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་འཛིན་གྲྭ་འཚོགས་འགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་ཟུར་ཁྲིད་སྙན་ཞུ་བྱས་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་འགོ་འཛིན་བྱས། མགོན་པོ་བཀྲ་ཤིས་མཛད་སྒོར་ཞུགས།

ཝུའུ་ཞའོ་ཅུན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་དང་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་བྱས་ནས་གོ་བ་ཟབ་མོ་ལེན་པ་དང་། ཚང་འཛོམས་གྲོས་ཚོགས་ཀྱི་དོན་སྙིང་གལ་ཆེན་དང་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་ཀྱི་གྲུབ་འབྲས་གལ་ཆེན་ལ་ངོས་འཛིན་ཟབ་མོ་བྱེད་པ། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་མཛུབ་སྟོན་བྱེད་ཕྱོགས་དང་དམིགས་འབེན་གཙོ་བོ། འཐབ་ཇུས་ལས་འགན། བྱེད་ཐབས་གལ་ཆེན་སོགས་ལ་ངོས་འཛིན་ཡང་དག་བྱེད་པར་དམིགས་ཏེ། མ་ལག་ལྡན་པའི་སྒོ་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་འཐབ་ཇུས་བཀོད་སྒྲིག་འགྲེལ་བཤད་བྱས། ཁོསཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་ནི་མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཡིན་པས། འགོ་ཁྲིད་ལས་བྱེད་པའི་དཔེ་སྟོན་སྐུལ་ཁྲིད་ནུས་པ་ལེགས་པར་འདོན་པ་དང་། སློབ་སྦྱོང་ལས་བློ་སེམས་དཀར་བ་དང་ཡིད་རྟོན་འཕེར་བ། ངར་ཤུགས་བསྐྱེད་པ། བྱེད་ཐབས་སློབ་པ་བཅས་བྱས་ནས། སློབ་སྦྱོང་གི་གྲུབ་འབྲས་དེ་བྱ་བར་འཆར་འགོད་བྱེད་པའི་བསམ་ཕྱོགས་དང་། འཕེལ་རྒྱས་ལ་སྐུལ་བའི་བྱེད་ཐབས། སྤྱོད་ཚུལ་ལེགས་སྒྱུར་གྱི་ཕན་འབྲས་བཅས་སུ་བསྒྱུར་དགོས་ཞེས་བསྟན།

ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་དུ་འགྱུར་བར་རྨང་གཞི་བརྟན་པོ་འདིང་བ་དང་ཕྱོགས་ཡོངས་ནས་ཤུགས་འདོན་པའི་འགག་རྩའི་དུས་སྐབས་སུ་བསྡུས་པའི་གྲོས་ཚོགས་ཧ་ཅང་གལ་ཆེན་ཞིག་ཡིན་ལ། ཚང་འཛོམས་གྲོས་ཚོགས་སྟེང་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི་གྲོས་གཞིས་མ་འོངས་པའི་ལོ་ལྔའི་རིང་གི་རང་རྒྱལ་གྱི་འཕེལ་རྒྱས་ཐད་རྩེ་རིམ་ཇུས་འགོད་དང་འཐབ་ཇུས་འཆར་འགོད་བྱས་ཡོད། ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་སྐོར་གྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་དོན་འཁྱོལ་གཏིང་ཟབ་བྱེད་པར་ཟུང་འབྲེལ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པར་ཟུང་འབྲེལ་བྱས་ཏེ། རྒྱལ་ཡོངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་སྤྱིའི་དམིགས་འབེན་ལ་དམ་དུ་དམིགས་ནས། སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་ལེགས་པོ་བྱེད་པ་དང་། སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ། འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་ཁྲོད་འདྲེས་པ་དང་དེར་ཞབས་འདེགས་ཞུ་བ། བཅོས་སྒྱུར་སྒོ་འབྱེད་ཟབ་སྤེལ། དམངས་འཚོའི་བདེ་སྐྱིད་ལ་ཡར་སྐུལ། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་པ་སོགས་ལ་གཞིགས་ནས། གསར་སྐྲུན་རང་བཞིན་གྱིས་ལག་བསྟར་དོན་འཁྱོལ་དམ་འཛིན་ལེགས་པོ་བྱེད་པ་དང་། ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་དེ་མཚོ་སྔོན་གྱི་བྱེ་བྲག་འགུལ་སྐྱོད་དང་འཕེལ་རྒྱས་དངོས་འབྲས་སུ་བསྒྱུར་དགོས། ཐོག་མཐའ་བར་གསུམ་དུ་དྲིན་ཤེས་པ་དང་བརྩེ་བ་ལྡན་པ། དངོས་གཉེར་གཙོར་འཛིན་བཅས་ཀྱི་བསམ་བློའི་རྣམ་འགྱུར་སྲུང་འཛིན་བྱེད་པ་དང་། འཐབ་ཇུས་ཀྱི་ངེས་ཤུགས་སྲུང་འཛིན་བྱེད་པ། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་བཅས་བྱས་ཏེ། གཞན་ལས་ལྷག་པར་འབད་པའི་བརྩོན་སེམས་ལ་བརྟེན་ནས། གོམ་པ་རིམ་བགྲོད་ཀྱིས་ཏང་ཀྲུང་དབྱང་གིས་བཏོན་པའི་འཆར་འགོད་རླབས་ཆེན་དང་ཞིང་ཆེན་ཏང་ཨུས་གཏན་འབེབས་བཟོས་པའི་འཆར་གཞི་དེ་མཐོ་སྒང་གི་ས་གཞི་ཆེན་མོའི་གསོན་ཉམས་ལྡན་པའི་ལག་ལེན་དང་འཕེལ་རྒྱས་ཀྱི་དངོས་འབྲས་སུ་བསྒྱུར་དགོས།

ལུའོ་ཏུང་ཁྲོན་གྱིས་བསྟན་དོན། ཐེངས་འདིའི་ཞིབ་འཇུག་བགྲོ་གླེང་འཛིན་གྲྭ་ནི་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དེ་མཚོ་སྔོན་དུ་དངོས་འབེབས་དང་དྲིལ་སྒྲོག་བྱེད་པར་སྐུལ་འདེད་གཏོང་བའི་འགག་རྩའི་བྱེད་ཐབས་ཤིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཚང་འཛོམས་གྲོས་ཚོགས་སྟེང་གི་གསུང་བཤད་གལ་ཆེན་དང་གྲོས་གཞིར་དམ་པོར་དམིགས་ནས། སེམས་ཤུགས་གཅིག་སྡུད་དང་བློ་རྩེ་གཅིག་སྒྲིམ་གྱིས་སློབ་སྦྱོང་བྱེད་པ། ཞིབ་འཇུག་བགྲོ་གླེང་ནན་མོ་དང་ཐུན་མོང་ངོས་འཛིན་གཅིག་སྡུད་བྱེད་པ། དོན་དངོས་དང་ཟུང་འབྲེལ། དངོས་འབེབས་ལ་སྐུལ་འདེད་གཏོང་བ། སྒྲིག་ལམ་ནན་སྲུང་དང་སློབ་སྲོལ་གཙང་སྐྱོང་བཅས་བྱས་ཏེ། བསམ་བློ་དང་བྱ་སྤྱོད་གཉིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱའི་སྟེང་དངོས་སུ་གཅིག་གྱུར་བྱེད་པ། སྲིད་ཇུས་ལ་རྒྱུས་ལོན་དང་འཕེལ་རྒྱས་ལ་འཆར་འགོད་བྱེད་པ། དངོས་འབེབས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ནུས་པ་མུ་མཐུད་དུ་ཆེ་རུ་གཏོང་བ་དང་། འགག་སྒྲོལ་དཀའ་སེལ་དང་རྒྱུན་མཐུད་འབད་འཐབ་བྱས་ཏེ།  ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འབད་བརྩོན་གྱི་བགྲོད་ལམ་དུ་གོམ་སྟབས་བརྟན་པོ་སྤོ་བ་དང་། རྒྱལ་ཡོངས་ཀྱི་ཁྱོན་ཡོངས་ཁྲོད་འདྲེས་པ་དང་དེར་ཞབས་འདེགས་ཞུ་བའི་བརྒྱུད་རིམ་ལས་མཚོ་སྔོན་གྱི་ཁག་ཁུར་དང་མཚོ་སྔོན་གྱི་སྤྱོད་ཚུལ་མངོན་པར་བྱེད་དགོས།

ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཞིང་ཆེན་ཁྲིམས་ཁང་གི་ཁྲིམས་དཔོན། ཞིང་ཆེན་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་བཅས་ཚོགས་འདུར་ཞུགས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།