ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྲོས་ཚོགས་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ1ཚེས5ཉིན། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་རེན་གྲོས་ཚོགས་ཐེངས་ང་བརྒྱད་པ་བསྡུས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རེན་གཞོན་པ་ཝང་ལི་མིང་གིས་འགོ་འཛིན་བྱས།  དབྱང་ཧྥེང་ཁྲུན་དང་། ཉི་མ་སྒྲོལ་མ། ལིའུ་ཐུང་ཏེ། ཀྲང་ཧོང་ཡོན། ལུའི་ཀང་། ཝང་ཅིན་ཀྲའེ།  ཁྲེན་ཏུང་ཁྲང་བཅས་གྲོས་ཚོགས་ལ་ཞུགས།

གྲོས་ཚོགས་ལས་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་དགུ་པར་གྲོས་ཞིབ་བྱེད་པར་སྤྲད་པའི་འབྲེལ་ཡོད་མི་དོན་སྐོར་གྱི་གསལ་བཤད་ལ་ཉན་པ་དང་།《ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཞིང་ཆེན་རིམ་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཁག་ཅིག་བཟོ་བཅོས་དང་མེད་པར་བཟོ་རྒྱུ་གྲོས་ཞིབ་ཏུ་འབུལ་བའི་སྐོར་གྱི་གྲོས་གཞི》ལས་ནོར་སྲིད་དཔལ་འབྱོར་དང་ཁོར་ཡུག་ཐོན་ཁུངས་དང་འབྲེལ་བའི་ཁྲིམས་སྲོལ་གནས་ཚུལ་ལ་གྲོས་ཞིབ་བྱས་ཚུལ་སྐོར་གྱི་སྙན་ཞུར་ཉན་ཞིང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ(གྲོས་ཞིབ་མ་ཟིན)བཟོ་བཅོས་བྱས་ཚུལ་སྐོར་གྱི་སྙན་ཞུར་ཉན།  མཚོ་སྔོན་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འཐུས་མི་རེ་ཟུང་གི་འཐུས་མིའི་ཐོབ་ཐང་སྐོར་ལ་ཞིབ་བཤེར་བྱས་ཚུལ་སྐོར་གྱི་སྙན་ཞུར་ཉན་པ་དང་།  མི་དོན་བསྐོ་འཐེན་གྱི་གྲོས་གཞིར་གྲོས་ཞིབ་བྱས་ཚུལ་སྐོར་གྱི་སྙན་ཞུར་ཉན།  མཚོ་སྔོན་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པའི་ཀྲུའུ་ཞི་ཚོགས་པ་དང་དྲུང་ཡིག་ཆེན་མོའི་མིང་ཐོ(འཆར་ཟིན)དང་། ཟུར་ཞུགས་མི་སྣའི་མིང་ཐོ(འཆར་ཟིན)། གྲོས་རིམ(འཆར་ཟིན)བཅས་སྐོར་གྱི་སྙན་ཞུར་ཉན།  ཀྲུའུ་རེན་གྲོས་ཚོགས་ལས་གོང་གི་གྲོས་གཞི་དག་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ལ་གྲོས་ཞིབ་ཏུ་འབུལ་རྒྱུར་མོས་མཐུན་བྱུང་།

གྲོས་ཚོགས་ལས2025ལོའི་མཚོ་སྔོན་ཞིང་ཆེན་དམངས་ཆེན་གྱི་འཐུས་མི་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དང་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཁོངས་མིས་འགན་འཁྲི་ལག་བསྟར་བྱས་ཚུལ་སྐོར་གྱི་སྙན་ཞུར་ཉན། ཀྲུའུ་རེན་གྲོས་ཚོགས་ལས་སྙན་ཞུ་དཔར་ནས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐོག་འགྲེམ་རྒྱུའི་མོས་མཐུན་བྱུང་།

གྲོས་ཚོགས་ལས་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་དགུ་པའི་ཉིན་རེའི་གྲོས་རིམ(འཆར་ཟིན)སྐོར་གྱི་སྙན་ཞུར་ཉན། ཀྲུའུ་རེན་གྲོས་ཚོགས་ཐོག་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོར་ཕུལ་ཏེ་གྲོས་འཆམ་འབྱུང་རྒྱུར་མོས་མཐུན་བྱུང་།

གྲོས་ཚོགས་ལས་མཚོ་སྔོན་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པའི་ཀྲུའུ་ཞིའི་སྟེགས་བུའི་ཐོག་སྡོད་པའི་མི་སྣའི་གྲོས་གཞིའི་མིང་ཐོ(འཆར་ཟིན)དང་གནས་སྐབས་ཏང་ཙུའུ་ཡི་མིང་ཐོའི་སྐོར་གྱི་སྙན་ཞུར་ཉན།  ཀྲུའུ་རེན་གྲོས་ཚོགས་ལས་གོང་གསལ་སྙན་ཞུར་མོས་མཐུན་བྱུང་།

གྲོས་ཚོགས་ལས་མཚོ་སྔོན་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པའི་འཐུས་མིས་གྲོས་གཞི་འདོན་མཚམས་འཇོག་པའི་ཟླ་ཚེས་ཀྱི་ཆོད་དོན(འཆར་ཟིན)དང་།  དྲུང་ཡིག་ཆེན་མོ་གཞོན་པའི་འོས་མིའི་མིང་ཐོ(འཆར་ཟིན)དེ་བཞིན་ལས་བགོས་དང་ཉིན་རེའི་གྲོས་རིམ(འཆར་ཟིན)བཅས་སྐོར་གྱི་སྙན་ཞུར་ཉན། ཀྲུའུ་རེན་གྲོས་ཚོགས་ལས་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པའི་ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ཐེངས་དང་པོར་ཕུལ་ནས་གཏན་འབེབས་བྱ་རྒྱུར་མོས་མཐུན་བྱུང་།

གྲོས་ཚོགས་ལས་མཚོ་སྔོན་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པའི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིའི་མིང་ཐོ(འཆར་ཟིན)དང་ལག་བསྟར་ཀྲུའུ་ཞིའི་ཡན་ལག་ཚན་ཆུང་གི་མིང་ཐོ(འཆར་ཟིན)བཅས་སྐོར་གྱི་སྙན་ཞུར་ཉན། ཀྲུའུ་རེན་གྲོས་ཚོགས་ལས་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པའི་ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ཐེངས་དང་པོར་ཕུལ་ཏེ་འོས་འདེམས་བྱ་རྒྱུར་མོས་མཐུན་བྱུང་།

གྲོས་ཚོགས་ལས་མཚོ་སྔོན་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པའི་གྲོས་གཞིའི་བརྡས་ཐག་གཅོད་ཐབས(འཆར་ཟིན)སྐོར་གྱི་སྙན་ཞུར་ཉན། ཀྲུའུ་རེན་གྲོས་ཚོགས་ལས་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པའི་ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ཐེངས་དང་པོར་ཕུལ་ཏེ་གྲོས་འཆམ་འབྱུང་རྒྱུར་མོས་མཐུན་བྱུང་།

གྲོས་ཚོགས་ལས་མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི2026ལོའི་བྱ་བའི་གཙོ་གནད(མ་ཟིན)དང་།  ལྟ་སྐུལ་བྱ་བའི་འཆར་གཞི(འཆར་ཟིན)ཁྲིམས་འཛུགས་བྱ་བའི་འཆར་གཞི(འཆར་ཟིན)དང་དེ་བཞིན་ཁྲིམས་སྲོལ་གྱི་སྲོལ་ཡིག་ལ་ཞིབ་བཤེར་ཆོག་མཆན་སྤྲོད་རྒྱུའི་བྱ་བའི་འཆར་གཞི(འཆར་ཟིན)དང་འཐུས་མིའི་བྱ་བའི་འཆར་གཞི(ཞིབ་བཤེར་དུ་ཕུལ་བའི་མ་ཟིན)བཅས་སྐོར་གྱི་སྙན་ཞུར་ཉན། ཀྲུའུ་རེན་གྲོས་ཚོགས་ལས་གོང་གསལ་སྙན་ཞུར་མོས་མཐུན་བྱུང་། 

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།