མཚོ་སྔོན་ཞིང་ཆེན་གྱི་འཕེལ་རྒྱས་དང་བཅོས་སྒྱུར་བྱ་བའི་གྲོས་ཚོགས་ཟི་ལིང་དུ་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ1ཚེས5ཉིན་གྱི་སྔ་དྲོར།    མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་བྱ་བའི་གྲོས་ཚོགས་ཟི་ལིང་དུ་བསྡུས།    གྲོས་ཚོགས་ལས2025ལོའི་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་བཅོས་སྒྱུར་བྱ་བའི་འཕེལ་རྒྱས་གསར་པ་དང་གྲུབ་འབྲས་གསར་པ་ལེགས་སྒྲིག་སྤྱི་སྡོམ་བྱས་པ་དང་།    ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་འགོད་ལ་དམིགས་ནས2026ལོའི་ལས་འགན་གཙོ་བོར་ཞིབ་འཇུག་དང་བཀོད་སྒྲིག་བྱས།

གྲོས་ཚོགས་ལས་བསྟན་དོན།  འདས་པའི་ལོ་གཅིག་གི་རིང་། ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་བཅོས་སྒྱུར་ཁོངས་གཏོགས་ཀྱིས་དཀའ་སེལ་འབད་འཐབ་དང་གནོན་ཐེག་མདུན་སྐྱོད་བྱས་ཏེ་གྲུབ་འབྲས་མངོན་གསལ་བླངས་ནས་ཞིང་ཆེན་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་བྱས་རྗེས་ཆེན་པོ་བཞག   ལོ་ལྔའི་འཆར་འགོད་བཅུ་བཞི་པའི་ཚུན་ལ།   ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་དཔལ་འབྱོར་དབྱེ་ཞིབ་དང་སྲིད་ཇུས་ཞིབ་འཇུག་དམ་འཛིན་ནན་མོ་བྱས་ནས་བློ་བརྟན་འགྱུར་མེད་སྒོས་དཔལ་འབྱོར་འཕར་སྣོན་བྱ་བ་ལེགས་པོར་བསྒྲུབས། དུས་ཡུན་རིང་འབྲིང་གི་འཆར་འགོད་དང་ལོ་རེའི་འཆར་གཞི་དམ་འཛིན་ནན་མོ་བྱས་ཏེ་ནུས་ཤུགས་དང་ཕན་འབྲས་ལྡན་པའི་སྒོ་ནས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་འཆར་འགོད་བྱས་པའི་འཆར་གཞི་དོན་འཁྱོལ་ནན་མོ་བྱས།    བཅོས་སྒྱུར་གསར་གཏོད་དམ་འཛིན་ནན་མོ་བྱས་ཏེ་ཁྱབ་ཁོངས་གཙོ་བོའི་བཅོས་སྒྱུར་ཐད་ཐོལ་བརྒལ་ཆེན་པོ་བྱུང་བ་དང་།      ཕྱོགས་བསྡུས་འཆར་འགོད་དང་ཕྱོགས་བསྡུས་དོ་མཉམ་དམ་འཛིན་ནན་མོ་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་བཏང་།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན།    ད་ལོ་ནི་ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་རྩོམ་པའི་གནད་འགག་གི་ལོ་ཡིན་པས།     ད་ལོའི་བྱ་བ་གཙོ་བོ་དག་ཏན་ཏིག་གིས་བཟང་བོར་སྒྲུབ་དགོས་པ་དང་།    ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་འགོད་གཏན་འབེབས་སྒྲིག་བཟོ་དང་ལག་བསྟར་བྱེད་པ།     སྲིད་ཇུས་མཁོ་སྤྲོད་དང་དཔལ་འབྱོར་ལ་དབྱེ་ཞིབ་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ།    དངུལ་གཏོང་འཛད་སྤྱོད་དགོས་མཁོ་རྒྱ་བསྐྱེད་དེ་འཛད་སྤྱོད་དང་དངུལ་གཏོང་ཕན་ཚུན་སྐུལ་འདེད་ཀྱི་འཁོར་སྐྱོད་བཟང་བོ་གྲུབ་པར་བྱེད་པ།    ཁྱད་ལྡན་དགེ་མཚན་ཐོན་ལས་གསོ་སྐྱོང་དང་སྟོབས་ཆེར་གཏོང་བ་དང་།    ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ།    སྤུས་ཚད་མཐོ་བའི་སྒོ་ནས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ལྗང་མདོག་ཐཱན་ཉུང་ཚུལ་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།  བཅོས་སྒྱུར་ལ་སྐུལ་འདེད་ནན་མོ་བཏང་སྟེ་སྒོ་འབྱེད་རྒྱ་བསྐྱེད་ནས་རྒྱལ་ཡོངས་གཅིག་གྱུར་ཁྲོམ་ར་ཆེན་མོར་ཞབས་འདེགས་ཞུ་བའི་ཁྲོད་འདྲེས་པར་བྱེད་པ།   གསར་དར་རྣམ་པའི་མཁར་གྲོང་ཅན་དང་གྲོང་གསེབ་ཕྱོགས་ཡོངས་དར་སྤེལ་ལ་གཅིག་གྱུར་གྱིས་སྐུལ་འདེད་གཏོང་བ།   རྒྱལ་ཁབ་ཀྱི་ཁུལ་ཁོངས་འཐབ་ཇུས་ཁྲོད་མགྱོགས་མྱུར་སྒོས་འདྲེས་པར་བྱེད་པ།   སྔར་ལས་ལྷག་པའི་སྒོ་ནས་དམངས་འཚོར་འགན་སྲུང་དང་ལེགས་བཅོས་བྱེད་པ་དང་།    སྤྱི་བའི་ཞབས་ཞུའི་ཆུ་ཚད་མཐོར་འདེགས་གཏོང་བ།    མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་འཇགས་ཡོང་བའི་བྱ་བ་ལེགས་པོར་སྒྲུབ་པ་དང་།    འབྲུ་རིགས་དང་ནུས་ཁུངས་བདེ་འཇགས་ཀྱི་འགན་འཁྲི་བརྟན་པོར་ཁུར་བ་བཅས་བྱེད་དགོས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།