མཚོ་སྔོན་གྱིས་ལྗང་མདོག་ཐཱན་ཉུང་འཁོར་རྒྱུག་བྱེད་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་བསྐྲུན།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉིན་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། “ལྗང་མདོག་དང་ཐཱན་ཉུང་འཁོར་རྒྱུག་བྱེད་པའི་དེང་རབས་ཅན་ཐོན་ལས་མ་ལག་འཛུགས་སྐྱོང་བྱེད་པའི་ཐད་མདུན་གྲལ་དུ་བསྐྱོད་པ”ལ་དམིགས་ནས། སྲིད་ཇུས་མཐུན་སྦྱོར་སྡེབ་སྒྲིག་གི་ཕན་ནུས་ཇེ་ཆེར་གཏོང་བ་དང་། ས་གནས་ཀྱི་གནས་ཚུལ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་པ་འཕེལ་རྒྱས་གཏོང་བ་དང་། ཁྱད་ཆོས་ལྡན་པའི་ཐོན་ལས་རྒྱུན་ཆད་མེད་པར་གསོ་སྐྱོང་དང་སྟོབས་ཆེར་གཏོང་བ། ལྗང་མདོག་དང་ཐཱན་ཉུང་འཁོར་རྒྱུག་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བཅས་བྱས་ཡོད། 

ནུས་ཤུགས་ཡོད་རྒུས་ཐོན་ལས“གནས་བཞི”འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་། བྱེད་ཐབས་མང་པོ་མཉམ་དུ་སྤྱད་དེ་ཚྭ་མཚེའུ་ལྗང་མདོག་ཐོན་ལས་གླིང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། “2030ལོར་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་མཐོ་ས་གཞི་རྩའི་ཐོག་བསྐྲུན་པའི”དམིགས་ཚད་གཏན་འཁེལ་བྱས་ཏེ་འབྱུང་ཁུངས་རྒྱ་སྐྱེད་དང་། དྲ་བ་རྒྱ་སྐྱེད། ཐེག་ཁུར་འཕར་སྣོན་དང་གསོག་འཇོག་ཇེ་མང་དུ་གཏོང་བ་བཅས་ཀྱི་ཐད་འབད་བརྩོན་བྱས་ཏེ་རྟེན་གཞི་ཆེན་པོ་དང་འོད་དྲོད་ལས་གཞི་འཛུགས་སྐྲུན་གཅིག་གྱུར་གྱིས་དམ་འཛིན་ཡག་པོ་བྱས། མཚོ་སྔོན་དང་ཀན་སུའུ་ཡི་སྐོར་ལམ་ཇེ་ལེགས་སུ་གཏོང་བ་དང་། མཚོ་ནུབ་སྐོར་ལམ་སྟོབས་ཆེར་གཏོང་བ། མཚོ་སྔོན་ལྷོ་རྒྱུད་སྐོར་ལམ་གསོན་ཤུགས་ལྡན་པ་བཅས་བྱས་ཏེ་རྒྱུན་མཐུད་ཀྱིས་རི་ཆུའི་མགོ་ཁུངས་དང་མཛེས་པའི་མཚོ་སྔོན་སྤུས་རྟགས་ཀྱི་ཤུགས་རྐྱེན་མུ་མཐུད་དུ་ཇེ་ཆེར་བཏང་བ། རྩྭ་ཐང་ཕྱུགས་ལས་རིགས་བསྒྱུར་རིམ་སྤོར་ཚོད་ལྟ་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ཇེ་མགྱོགས་སུ་གཏོང་དགོས། ལྗང་མདོག་རྩིས་ནུས་མཐུན་སྦྱོར་འཕེལ་རྒྱས་ཚོད་ལྟའི་ལས་འགན་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། མཚོ་སྔོན་ཞིང་ཆེན་གྱི་རྩིས་ནུས་ཕྱོགས་བསྡུས་གཉེར་སྐྱོང་ཞབས་ཞུའི་སྟེགས་བུ་བསྐྲུན་རྒྱུ་དང་། ཞིང་ཆེན་ཡོངས་ལ་ཁྱབ་པའི་རྩིས་ནུས་ལྟ་ཞིབ་ཚད་ལེན་བཀོད་གཏོང་ཉོ་ཚོང་མ་ལག་བཙུགས་ནས“1+2+N”ཀྱི་ལྗང་མདོག་རྩིས་ནུས་རྟེན་གཞིའི་འཕེལ་རྒྱས་ཀྱི་བཀོད་པ་ཆགས་ཡོད།

ཁྱད་ལྡན་དགེ་མཚན་ཐོན་ལས་གསོ་སྐྱོང་དང་སྟོབས་ཆེར་གཏོང་བ་དང་།  ཆིང་ནུས་བཟོ་བ་དང་གསོག་འཇོག  སྐྱེལ་གཏོང་དང་བེད་སྤྱོད་སོགས་གོ་རིམ་ལ་དམིགས་ནས་ཆིང་ནུས་ཐོན་ལས་མུ་ཕྲེང་འཚོལ་ཞིབ་དང་འཕེལ་རྒྱས་བཏང་ལ།   རླུང་གློག་འོད་གློག་མཐུན་འགྱུར་ཆིང་བཟོ་དཔེ་སྟོན་ལས་གཞི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་།   དམའ་དབྱིངས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བྱ་སྤྱོད་ཇུས་གཞི་མྱུར་དུ་སྒྲིག་བཟོ་བྱས་པ་དང་།     ཡུལ་བབ་དང་བསྟུན་ནས་དམའ་དབྱིངས་བཀོལ་སྤྱོད་རྣམ་པ་རྒྱ་ཆེར་བཏང་ཞིང་།    མཐོ་སྒང་དུ་མི་མེད་གནམ་གྲུ་ཚོད་ལྟ་དང་ཞིབ་དཔྱད་ཚད་ལེན། ཞིབ་འཇུག་གསར་སྤེལ་དང་ཐོན་སྐྱེད་བཅས་ཀྱི་རྟེན་གཞི་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་བ།    ཟོང་འགྲུལ་སྡེབ་སྐྱེལ་དང་ལྟ་སྐོར་ཡུལ་སྐོར།     འཕྲལ་སྡོམ་རོགས་སྐྱོབ་དང་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་སོགས་ཁྱབ་ཁོངས་ཀྱི་སྣེ་ཁྲིད་དཔེ་སྟོན་གཏིང་ཟབ་ཏུ་བཏང་། མཐོ་སྒང་གི་ཁམས་གསོ་དང་སྐྱེ་དངོས་སྨན་རྫས་སོགས་ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་གསར་དར་ཐོན་ལས་མགྱོགས་མྱུར་གསོ་སྐྱོང་བྱས། ཐཱན་འབུད་པའི་ཚོད་འཛིན་གཉིས་ཀྱི་མ་ལག་བཙུགས་པ་དང་།     ཐཱན་འབུད་པའི་སྔོན་རྩིས་དོ་དམ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ།  ས་གནས་ཀྱི་ཐཱན་འབུད་པའི་དམིགས་འབེན་གྱི་འགན་འཁྲིའི་དཔྱད་འཇོག་དང་དཔྱད་ཞིབ་གོ་རིམ་ལྡན་པའི་སྒོ་ནས་སྤེལ།   ཐོན་རྫས་ཀྱི་ཐཱན་ཤུལ་དོ་དམ་མ་ལག་བརྟན་པོའི་ངང་བཙུགས་པ་དང་།     གཙོ་གནད་ལས་རིགས་ཀྱི་ཐཱན་འབུད་པའི་འཛིན་སྡོམ་ལག་བསྟར་རིམ་བཞིན་སྐུལ་འདེད་བཏང་ལ།   གཙོ་གནད་ཁེ་ལས་ཀྱི་ནུས་གྲོན་ཐཱན་གཅོག་གི་དོ་དམ་ལམ་ལུགས་འཐུས་ཚང་དུ་བཏང་།     གཏན་འཇགས་རྒྱུ་ནོར་གྱི་དངུལ་འཇོག་ལས་གཞིའི་ཐཱན་འབུད་པའི་དཔྱད་འཇོག་ལ་སྐུལ་འདེད་བཏང་བ་དང་།     ནུས་ཁུངས་ཟད་གྲོན་གྱི་ཚོད་འཛིན་གཉིས་ནས་ཐཱན་འབུད་པའི་ཚོད་འཛིན་གཉིས་སུ་བསྒྱུར་བའི་ཕྱོགས་ཡོངས་ནས་རྣམ་སྒྱུར་བྱེད་པའི་ལམ་སྲོལ་གསར་པ་མགྱོགས་མྱུར་གྱིས་འཛུགས་དགོས།

ཐཱན་རྩེར་སོན་གྱི་ལས་འགུལ་ཆེན་པོ་བཅུ་ཏན་ཏིག་སྤེལ་བ་དང་། ཁྱབ་ཁོངས་དང་ལས་རིགས་གཙོ་བོ་སོགས་ཐཱན་རྩེར་སོན་གྱི་ཆེད་དོན་ལས་འགུལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ། ཐཱན་ཉུང་གཏོང་དམིགས་ཚད་དོ་དམ་བྱ་བའི་བྱེད་ཐབས་དང་ལས་འགན་གཙོ་བོར་དོན་འཁྱོལ་བཅས་བྱས་ཏེ་ནུས་ཁུངས་གྲོན་ཆུང་དང་ཐཱན་ཉུང་གཏོང་གི་ལས་གཞི་གཙོ་བོ་སྒྲིག་འཛུགས་ལག་བསྟར་བྱ་དགོས། ཟི་ལིང་གྲོང་ཁྱེར་ཐཱན་རྩེར་སོན་ཚོད་ལྟའི་གྲོང་ཁྱེར་དང་དེ་བཞིན་ནན་ཁྲོན་བཟོ་ལས་གླིང་ཁུལ་གྱི་རྒྱལ་ཁབ་རིམ་པའི་ཐཱན་མེད་གླིང་ཁུལ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་། ཞིང་ཆེན་རིམ་པའི་ཐཱན་མེད་གླིང་ཁུལ་གྱི་འབྲེལ་ཡོད་བྱ་བ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ། ཞིང་ཆེན་རིམ་པའི་ཐཱན་མེད་བཟོ་གྲྭ་ཁག་གཅིག་འཛུགས་དགོས། སྤུས་ཚད་མཐོ་ཞིང་ལས་ཆོད་ཆེ་བའི་ནུས་ཁུངས་གྲོན་ཆུང་དང་ཐཱན་ཉུང་གཏོང་དམ་འཛིན་ཡག་པོ་བྱས་ཏེ། ནུས་ཁུངས་གྲོན་ཆུང་ལྟ་སྐུལ་གྱི་བརྒྱུད་རིམ་ཡོངས་ཀྱི་དོ་དམ་འཐུས་ཚང་དང་འཐུས་ཚང་དུ་བཏང་སྟེ། གཏན་འཇགས་རྒྱུ་ནོར་མ་འཇོག་རྣམ་གྲངས་ཀྱི་ནུས་ཁུངས་གྲོན་ཆུང་ཞིབ་བཤེར་དང་ཐཱན་ཕྱིར་གཏོང་གདེང་འཇོག་ནན་པོ་བྱས་ཏེ། ནུས་ཁུངས་གྲོན་ཆུང་གི་དོན་དག་ཁྲོད་དང་རྗེས་སུ་ལྟ་སྐུལ་དོ་དམ་ཚད་ལྡན་དུ་གཏོང་དགོས། ཁྱབ་ཁོངས་གཙོ་བོའི་རྡོ་སོལ་ཚོད་འཛིན་དང་ཇེ་ཉུང་དུ་གཏོང་རྒྱུར་ཤུགས་སྣོན་པ་དང་། འགྱུར་རྡོ་ནུས་རྒྱུའི་འཛད་སྤྱོད་སྤྱི་འབོར་ཚོད་འཛིན་ནུས་ལྡན་བྱེད་པ། ཁྱབ་ཁོངས་གཙོ་བོའི་ནུས་ཕྱོད་ཆུ་ཚད་ཇེ་མཐོར་གཏོང་བ། ལྗང་མདོག་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་མགྱོགས་མྱུར་གྲུབ་ནས་ཐཱན་རྩེར་སོན་གྱི་དམིགས་ཚད་མངོན་འགྱུར་ཡོང་བར་འདེགས་སྐྱོར་ནུས་ལྡན་བྱ་དགོས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།