མཚོ་སྔོན་གྱི་ནུས་རྒྱུ་གཙང་མའི་རྣམ་གྲངས་གལ་ཆེན་བཞི་ལ་དྲ་སྦྲེལ་གློག་འདོན་བྱས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། 2025ལོའི་ཟླ12པའི་ཚེས31ཉིན། རྒྱལ་ཁབ་གློག་ཤུགས་མ་འཇོག་སྡེ་ཚོགས་ཀྱི་རྨ་ཆུ་སྟོད་རྒྱུད་ཆུ་གློག་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་སིས་འཆར་འགོད་འཛུགས་སྐྲུན་བྱས་པའི་ནུས་རྒྱུ་གཙང་མའི་རྣམ་གྲངས་གལ་ཆེན་བཞི་ལ་སྔ་རྗེས་སུ་གཏམ་བཟང་བསྒྲགས་ཡོང་བ་སྟེ། གཅན་ཚ་ཐང་གི་སྟོང་ཝ་ཁྲི30ཡི་འོད་ཤུགས་རྣམ་གྲངས་ལ་དྲ་སྦྲེལ་བ་དང་། ཧྥུའུ་ཧྲན་གསེར་ཆེན་གྱི་སྟོང་ཝ་ཁྲི70ཡི་འོད་ཤུགས་རྣམ་གྲངས་དང་། མཚོ་ལྷོ་ཁུལ་གྱི་སྟོང་ཝ་ཁྲི50ཡི་འོད་གསོག་གཞི་གཅིག་ཅན་གྱི་དཔང་དངོས་ར་སྤྲོད་རྟེན་གཞིའི་རྣམ་གྲངས་དུས་མཚུངས་སུ་དྲ་སྦྲེལ་པ། མཚོ་ནུབ་ཁུལ་གྱི་སྟོང་ཝ་ཁྲི50ཡི་རླུང་ཤུགས་རྣམ་གྲངས་ལ་དྲ་སྦྲེལ་བའི་གནས་ཚུལ་རེད། མ་ལག་སོ་སོའི་སྒྲིག་ཆས་འཁོར་སྐྱོད་དམིགས་ཚད་རྒྱུན་ལྡན་ཡིན་ཞིང་། དེ་ཐོག་ནས་རྨ་ཆུ་ཀུང་སིས་དུས་བཀག་ལྟར་ལོ་འཁོར་གྱི་འཕར་ཚད་དམིགས་ཚད་ལེགས་འགྲུབ་བྱུང་བ་མཚོན་པ་རེད།

གཅན་ཚ་ཐང་གི་སྟོང་ཝ་ཁྲི30ཡི་འོད་ཤུགས་རྣམ་གྲངས་དེ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་དུ་ཡོད་ཅིང་། འོད་ཤུགས96བསྟར་ནས་གྲུབ་པ་ཞིག་ཡིན་ལ། སྟོང་ཝ35ཡི་གློག་སྒོ་ས་ཚིགས་འཛུགས་བསྐྲུན་བྱས། སྤྱིའི་འཕྲུལ་འཁོར་སྒྲིག་སྦྱོར་ཤོང་ཚད15%བཀོད་སྒྲིག་བྱས་ཤིང་། ཆུ་ཚོད2རིང་གི་གློག་རྫས་འགྱུར་ཀྱི་ནུས་གསོག་མ་ལག་བཀོད་སྒྲིག་བྱས་ཡོད། ནུས་གསོག་ཤོང་ཚད་ནི་དུས་ཚོད་རེར་ཀྲའོ་ཝ45དང་ཀྲའོ་ཝ90ཡིན་པ་རེད། ལག་རྩལ་བེད་སྤྱོད་ཐད། རྣམ་གྲངས་ཀྱིས“ཕྱུགས་ལས་དང་འོད་གསོག”གཞི་གཅིག་ཅན་གྱི་གཅིག་བསྡུས་རྣམ་པའི་ལྡོག་འགྱུར་ཆས་ལས་སྟེགས་དང་རིག་ནུས་མཉེན་གཤིས་ཚོད་འཛིན་ལག་རྩལ་གསར་གཏོད་བཀོལ་སྤྱོད་བྱས་ཤིང་། དེས་གློག་ཁང་གི་འཁོར་སྐྱོད་ཀྱི་ལས་ཕྱོད་དང་དྲ་སྦྲེལ་བརྟན་བརླིང་རང་བཞིན་མངོན་གསལ་སྒོས་ཆེ་རུ་ཕྱིན།

ཧྥུའུ་ཧྲན་གསེར་ཆེན་གྱི་སྟོང་ཝ་ཁྲི70ཡི་འོད་ཤུགས་རྣམ་གྲངས་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀྱི་སྟོང་ཝ་ཁྲི་སྟོང་རིམ་པའི་ནུས་ཁུངས་གསར་པའི་རྟེན་གཞིའི་ཁུལ་དང་པོ་དང་གླིང་གཉིས་ཀྱི་འོད་གློག་གླིང་ཁུལ་དུ་་ཡོད། རྣམ་གྲངས་དེའི་དཔེ་སྟོན་འཛུགས་སྐྲུན་གྱི་སྟོང་ཝ་ཁྲི10ཡི“སྣེ་ཁྲིད་པའི”རིག་ནུས་འོད་ཤུགས་དཔེ་སྟོན་རྣམ་གྲངས་གཞི་ཁྱོན་ཅན་གྱིས་ལས་རིགས་སྔོན་ཐོན་གྱི་ཕན་ནུས་ཆེ་བའི་གློག་སྨན་གྲུབ་ཆ་གསར་པ་དང་། རིག་ནུས་རྗེས་འདེད་མ་ལག་དང་ནུས་ཁུངས་ཟད་གྲོན་དམའ་བའི་གློག་ལས་སྒྲིག་ཆས་བཅས་འདུས་ཡོད། ཉི་འོད་ཕོག་པའི་ས་དབྱིབས་ཀྱི་ཆ་རྐྱེན་འོག་ཕྱོགས་བསྡུས་གློག་འདོན་ལས་ཆོད་ལས་རིགས་ཀྱི་སྔོན་ཐོན་ཆུ་ཚད་ལ་བསླེབས་པ་དང་། རིག་ནུས་འོད་ཤུགས་ལག་རྩལ་དེ་བྱེ་ཐང་ས་ཁུལ་དུ་གཞི་ཁྱོན་ཆེ་ཞིང་ཕན་ནུས་ཆེ་བའི་བཀོལ་སྤྱོད་ལ་ཚད་གཞི་བཟོས།

མཚོ་ལྷོ་ཁུལ་གྱི་སྟོང་ཝ་ཁྲི50ཡི་འོད་གསོག་གཞི་གཅིག་ཅན་གྱི་དཔང་དངོས་ར་སྤྲོད་རྟེན་གཞིའི་རྣམ་གྲངས་ནི་མཚོ་ལྷོ་ཁུལ་གྱི་སྟོང་ཝ་ཁྲི་སྟོང་རིམ་པའི་ནུས་རྒྱུ་གསར་པའི་རྟེན་གཞིའི་ཁུལ་དང་པོ་དང་གླིང་གཉིས་ཀྱི་འོད་གློག་གླིང་ཁུལ་དུ་གནས་ཤིང་། ཁྱོན་བསྡོམས་འོད་ཤུགས་བསྟར་ཁུལ113བཀོད་སྒྲིག་བྱས། སྟོང་ཧྥུའུ35ཡི་འདུ་འཛོམས་ས་ཚིགས་ལྔ་ཡི་སྒྲིག་ཆས་བསྐྲུན་ཡོད། བསྡོམས་པས་སྒྲོམ་སྐྱོར་ཆ་ཚང་ཁྲི2.16དང་ཝ575ཡི་ཚད་གཞིའི་ཤེལ་རྐྱང་ངོས་གཉིས་ཤེལ་ཟུང་སྒྲིག་ཆས་ཁྲི113.04སྒྲིག་སྦྱོར་བྱས། རྣམ་གྲངས་དེ་དུས་མཉམ་གློག་འདོན་འཕྲུལ་འཁོར་དང་། ནཱ་གྱེས་རྡུལ། སྲ་གཟུགས་གློག་རྫས། སྲ་གཟུགས་ཕྱེད་མའི་གློག་སྨན་སོགས་རིགས་མི་འདྲ་བའི་ནུས་གསོག་གློག་སྨན་རིགས16ཚུད་ཡོད་པས། མཐོ་སྒང་ས་ཁུལ་གྱི་ནུས་གསོག་རིགས་མི་འདྲ་བར་ཞིབ་འཇུག་བྱ་བར་དཔང་དངོས་ར་སྤྲོད་ཚོད་ལྟའི་གཞི་གྲངས་འདེགས་སྐྱོར་གལ་ཆེན་མཁོ་འདོན་བྱས་པ་རེད།

མཚོ་ནུབ་ཁུལ་གྱི་སྟོང་ཝ་ཁྲི50རླུང་ཤུགས་རྣམ་གྲངས་ནི་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་མང་ནེ་གྲོང་ཁྱེར་མཚོ་འཁྱགས་གྲོང་རྡལ་དུ་ཡོད་པ་དང་། སྒྲིག་ཆས་ཀྱི་གསོག་ནུས་གཞི་ཁྱོན་དུས་ཚོད་རེར་ཀྲའོ་ཝ50དང་ཀྲའོ་ཝ100ཡིན་པ་དང་། དུས་མཚུངས་སུ་སྟོང་ཧྥུའུ330ཡི་གནོན་འཕར་ས་ཚིགས་དང་སྐྱེལ་འདྲེན་སྐུད་ལམ་ཞིག་འཛུགས་སྐྲུན་བྱས། ཐོན་སྐྱེད་བྱེད་མགོ་ཚུགས་རྗེས་སྔོན་དཔག་བྱས་ན་ལོ་རེར་གློག་འདོན་ཚད་ཆུ་ཚོད་རེར་སྟོང་ཝ་དུང་ཕྱུར9.41ཡིན་པ་དང་། དེ་ནི་ལོ་རེར་ཚད་ལྡན་རྡོ་སོལ་ཏུན་ཁྲི28.28ལྷག་གྲོན་ཆུང་དང་། དབྱང་གཉིས་ཐཱན་རྫས་ཏུན་ཁྲི77.5ལྷག་ཉུང་གཏོང་ཡིན་པ་དང་ཧ་ལམ་འདྲ་བ་རེད། རྣམ་གྲངས་དེ་སྤྱོད་མགོ་ཚུགས་རྗེས། ས་ཁོངས་ཀྱི་ནུས་རྒྱུ་གཙང་མའི་མཁོ་སྤྲོད་མ་ལག་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་བཏང་བ་དང་། ཞིང་ཆེན་ཡོངས་ཀྱི་གློག་ཤུགས་མ་ལག་གི“མཚན་མོ་གློག་དཀོན་པའི”དཀའ་གནད་དེ་གནད་ལ་འཁེལ་བའི་སྒོ་ནས་ཐག་གཅོད་བྱས། མཚོ་ནུབ་ཁུལ་གྱིས“ཤར་རྒྱུད་ས་ཁུལ་གྱི་གཞི་གྲངས་རྩིས་རྒྱག་གི་དགོས་མཁོ་ཆེན་པོ་ནུབ་རྒྱུད་ས་ཁུལ་དུ་བཀོད་གཏོང་བྱས་ནས་ལེགས་སྒྲུབ་བྱེད་པའི”འཐབ་ཇུས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་བ་དང་། ལྗང་མདོག་རྩིས་ནུས་མཐོ་ས་བསྐྲུན་ནས་ལྗང་མདོག་གློག་གི་འདེགས་སྐྱོར་བརྟན་པོ་འདོན་སྤྲོད་བྱས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།