མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་འཕེལ་རྒྱས་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ1པོའི་ཚེས5ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་བྱ་བའི་གྲོས་ཚོགས་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། འདས་ཟིན་པའི་ལོ་གཅིག་གི་ནང་དུ། ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་བཅོས་སྒྱུར་མ་ལག་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བླང་བྱ་ལག་བསྟར་མཐའ་གཅིག་ཏུ་བྱས་ནས། དཔལ་འབྱོར་གྱི་ཕྱོགས་བསྡུས་མཐུན་སྦྱོར་འགན་ནུས་གཞི་རྟེན་དུ་བཟུང་སྟེ། སྐྱེ་ཁམས་སྲུང་སྐྱོབ་བཅོས་སྐྱོང་དང་དཔལ་འབྱོར་བརྟན་པོའི་ངང་འཕར་སྣོན་ཡོང་བར་བྱེད་པ། ཉེན་ཁ་དང་འགྲན་སློང་ཅི་རིགས་སེལ་བ། འཕེལ་རྒྱས་བཅོས་སྒྱུར་དང་སྤྱོད་ལམ་འཛུགས་སྐྲུན་སོགས་གཙོ་གནད་ལས་དོན་ལ་དམ་པོར་དམིགས་ཏེ། དཀའ་ངལ་མཁྲེགས་གཏོར་དང་བདེན་འཛིན་དངོས་གཉེར་བྱས་ནས། དེ་བསྟུན་གྱི་གྲུབ་འབྲས་ཆེན་པོ་བླངས་ཡོད་ཅིང་།  ཞིང་ཆེན་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཏེ། དཔལ་འབྱོར་སྤྱི་འབོར་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་སྒོར་ཁྲག་ཁྲིག་བཞི་ཡི་སྐས་རིམ་གསར་པར་སླེབས་ལ་ཉེ་བར་བྱས།

སྐྱེ་ཁམས་སྲུང་སྐྱོབ་བཅོས་སྐྱོང་གི་དོན་དག་གལ་ཆེན་ཐད། རྒྱལ་ཡོངས་ཀྱི་ས་གནས་རང་བཞིན་གྱི་སྐྱེ་ཁམས་དཔལ་ཡོན་མཐོ་ས་འཛུགས་སྐྲུན་ཚད་གཞི་ལ་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་བཟོ་སྐྲུན་གལ་ཆེན་ཁག་ཅིག་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་དགོས། དཔལ་འབྱོར་བརྟན་བརླིང་ངང་འཕར་དགོས་པའི“དཀའ་གནད”ཀྱི་མདུན་དུ། སྲིད་ཇུས་ཀྱི་གཏན་འཁེལ་རང་བཞིན་ལ་བརྟེན་ནས་ཕྱི་ཕྱོགས་ཁོར་ཡུག་འགྱུར་ལྡོག་གི་ངེས་གཏན་མིན་པའི་རང་བཞིན་ལ་ཁ་གཏད་ནུས་ལྡན་འཇལ་ཏེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་གྱིས་གནོན་ཤུགས་ཆེན་པོའི་སྔུན་ནས་མདུན་སྐྱོད་བྱེད་པ་དང་ལྗང་མདོག་དང་གསར་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་འདེགས་སྐྱོར་དང་སྐུལ་འདེད་གཏོང་དགོས། ཉེན་ཁ་དང་འགྲན་སློང་ཅི་རིགས་ཀྱི“ཉེན་ཁ”སེལ་རྒྱུར་དམིགས་ནས། གནད་དོན་གསུམ་གྱི་བཟོ་སྐྲུན་གྱི་ཆེད་དོན་བཅོས་སྒྲིག་སྣེ་སྟོན་དུ་བཟུང་སྟེ། ལོ་རྒྱུས་ཀྱིས་བཞག་པའི་རྒྱུ་ནོར་ཁག་ཅིག་ཐག་གཅོད་བྱེད་པའི་ངོས་ནས་ཐོད་བརྒལ་ཆེན་པོ་བྱུང་ཡོད་ཅིང་། དུར་འཇུག་ཞབས་ཞུའི་སྲིད་གཞུང་གི་རིན་གོང་གཏན་འཁེལ་བྱེད་སྤྱོད་ཁྱོན་ཡོངས་ནས་ཚད་ལྡན་དུ་བཏང་ནས། དུར་འཇུག་བྱ་གཞག་རིམ་བཞིན་སྤྱི་ཕན་གྱི་ངོ་བོའི་སྟེང་ཕྱིར་ལོག་བྱ་རྒྱུར་སྐུལ་འདེད་བཏང་ཡོད། འཕེལ་རྒྱས་བཅོས་སྒྱུར་གྱི“དོན་ཆེན”དོན་འཁྱོལ་བྱེད་པའི་ཁྲོད་དུ། འཆར་འགོད་གལ་ཆེན་དང་ལས་གཞི་གལ་ཆེན། བཅོས་སྒྱུར་གལ་ཆེན། ལས་འགན་གལ་ཆེན་བཅས་དོན་འཁྱོལ་བྱ་རྒྱུ་དམ་འཛིན་ནན་མོ་བྱས་ཏེ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད《གྲོས་འགོ》ལ་གྲོས་ཞིབ་བྱས་ཏེ་བདེ་བླག་ངང་གྲོས་འཆམ་བྱུང་བར་མ་ཟད། ཕྱོགས་སོ་སོས་ཁས་ལེན་ཡང་ཐོབ་ཡོད། ནུས་ཁུངས་གསར་པའི་འཕྲུལ་འཁོར་སྒྲིག་སྦྱོར་དང་གློག་འདོན་ཚད་ཀྱི“གཙོ་འགན་གཉིས”ཀྱི་གནས་བབ་ཁྱོན་ཡོངས་ནས་སྲ་བརྟན་དུ་བཏང་བ་དང་། ཟི་ལིང་གནམ་ཐང་གི་དུས་རིམ་གསུམ་པ་དང་རྒྱལ་ཁབ་ཀྱི་ས་ཁོངས་སྨན་བཅོས་ལྟེ་གནས་སོགས་ལས་གཞི་གལ་ཆེན། ནུས་ཁུངས་གསར་པའི་དྲ་སྦྲེལ་གློག་འདོན་ཁྲོམ་ར་ཅན་བཅོས་སྒྱུར་ལས་དོན་ ལག་བསྟར་དུས་མཚམས་སུ་སླེབས་ཡོད། གཞན་ཡང་སྤྱོད་ལམ་འཛུགས་སྐྲུན་གྱི“དགོས་ངེས”ལ་དམ་འཛིན་ནན་མོ་བྱས་ཏེ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་ཏན་ཏིག་ངང་སྤེལ་ནས།  སྐོར་ཞིབ་རྩིས་བཤེར་ལ་སྤུས་ཚད་མཐོ་བའི་སྒོ་ནས་གཞོགས་འདེགས་དང་འགན་སྲུང་བྱས་ཏེ། འཇོན་མི་སྟོབས་ལྡན་དུ་གཏོང་བའི་བཟོ་སྐྲུན་ལག་བསྟར་ཤུགས་ཆེན་བྱས་ནས། ལས་སྒྲུབ་ལས་སྐྲུན་དང“རང་ཁྱིམ”རིག་གནས་ཀྱི་རྣམ་པ་སྔར་ལས་ཇེ་ཡག་ཏུ་བཏང་ཡོད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།