མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ1པའི་ཚེས4ཉིན་ཞིང་ཆེན་ཡོངས་ཀྱི་ཏང་སློབ་གྲྭའི(སྲིད་འཛིན་སློབ་གྲྭ)བྱ་བའི་ཚོགས་འདུ་ཟི་ལིང་དུ་འཚོགས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་ཚོགས་འདུར་ཞུགས་ནས་གཏམ་བཤད། ཏང་གི་སློབ་གྲྭའི་བྱ་བ་སྐོར་གྱི་ཀྱི་རྒྱས་བཤད་གལ་ཆེན་དང་མཚོ་སྔོན་ལ་རྟོག་ཞིབ་བྱེད་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱ་དགོས་པ་དང་། གསར་དུ་བཟོ་བཅོས་བརྒྱབ་པའི《ཀྲུང་གོའི་གུང་ཁྲན་ཏང་གི་ཏང་གི་སློབ་གྲྭའི(སྲིད་འཛིན་སློབ་གྲྭ་)བྱ་བའི་སྲོལ་ཡིག》དོན་འཁྱོལ་ནན་ཏན་བྱས་ཏེ། སྤུས་ཚད་ལྡན་པའི་སློབ་གྲྭ་འཛུགས་པ་དང་། ཤེས་ལྡན་མི་སྣས་སློབ་གྲྭ་སྟོབས་ཆེར་གཏོང་བ། སློབ་གྲྭ་ནན་སྐྱོང་བཅས་མཐའ་འཁྱོངས་བྱས་ཏེ། “མཐོ་ས་ལྔ”གཏོད་རྒྱུ་གཙོ་གནད་དུ་བཟུང་སྟེ། ཏང་གི་སློབ་གྲྭའི་བྱ་བའི་ཚན་རིག་ཅན་དང་། ལམ་ལུགས་ཅན། ཚད་ལྡན་ཅན་བཅས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་ཏང་གི་སློབ་གྲྭའི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ཤུགས་ཡོད་རྒུས་གཏོང་དགོས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཆི་ཧྥན་གྱིས་ཚོགས་འདུར་གཙོ་སྐྱོང་གནང་།
ཝུའུ་ཞའོ་ཅུན་གྱིས“ལོ་ལྔའི་འཆར་གཞི་བཅུ་བཞི་པ”ཚུན་ཞིང་ཆེན་ཡོངས་ཀྱི་ཏང་གི་སློབ་གྲྭའི་བྱ་གཞག་འཕེལ་རྒྱས་ཐད་བླངས་པའི་གྲུབ་འབྲས་ཁས་ལེན་གང་ལེགས་བྱས་པ་དང་ཞིང་ཆེན་ཨུ་ལྷན་གྱི་ཚབ་ཞུས་ནས་ཞིང་ཆེན་ཡོངས་ཀྱི་ཏང་གི་སློབ་གྲྭའི་ཁོངས་གཏོགས་ཀྱི་རྒྱ་ཆེའི་དགེ་རྒན་དང་ལས་བཟོ་ཚོར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཤད། ཏང་གི་སློབ་གྲྭའི་བྱ་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱས་བཤད་གལ་ཆེན་ཕྱོགས་ཡོངས་ནས་སློབ་སྦྱོང་གོ་བ་གཏིང་ཟབ་ལེན་དགོས་པ་དང་། ཏང་གི་སློབ་གྲྭའི་རུས་མིང་སྔར་ལས་རང་རྟོགས་ངང་རྒྱུན་འཁྱོངས་བྱས་ཏེ། ཏང་གི་སློབ་གྲྭའི་བྱ་བའི་ངོ་བོ་དང་ངེས་གནས་དང་། ལས་འགན་ལས་འགན་ཚན་རིག་དང་མཐུན་པའི་ཐབས་ལམ་བཅས་ལ་གོ་བ་གཏིང་ཟབ་དང་ཁོང་དུ་ཆུད་པ་བྱས་ཏེ། དར་ཆ་མཐོན་པོར་བསྒྲེངས་ནས་ཆབ་སྲིད་བཤད་རྒྱུ་དེ་སློབ་གཉེར་གྱི་ལས་རིམ་སོ་སོར་ཁྱབ་པར་བྱས་ཏེ། ཏང་གི་སློབ་གྲྭའི་བྱ་བ་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་པ་བརྒྱུད་ནས་མདུན་སྐྱོད་བྱེད་པར་ཁག་ཐེག་བྱ་དགོས་པ་བསྟན།
ཝུའུ་ཞའོ་ཅུན་གྱིས་ཏང་གི་སློབ་གྲྭའི་ཐོག་མའི་ཕུགས་འདུན་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་པ་དང་། སློབ་གཉེར་སློབ་སྐྱོང་གི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་བཏང་སྟེ་ཆུ་ཚད་མཐོ་བའི་སྒོ་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པའི་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་དགོས་པ་དང་། གཞུང་ལུགས་དྲག་ཆས་ཀྱི་མཐོ་ས་བསྐྲུན་ནས་ཏང་གི་གསར་གཏོད་གཞུང་ལུགས་ཀྱི་སློབ་གསོ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ཐད་བཏོན་པའི་བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པར་རྒྱུན་མཐུད་ངང་ནུས་ཤུགས་འདོན་དགོས། ཏང་གཤིས་སྦྱོང་བརྡར་གྱི་མཐོ་ས་བསྐྲུན་ནས་ཕུགས་བསམ་དང་དད་མོས་ཀྱི་སློབ་གསོ་གཏིང་ཟབ་ཏུ་གཏོང་བ་དང་། དོན་སྙིང་གི་འདུ་ཤེས་ཇེ་དྲག་ཏུ་གཏོང་བའི་སློབ་གསོའི་ཐད་ཕན་འབྲས་དངོས་ཐོབ་པར་བྱེད་དགོས། ནུས་པ་མཐོར་འདེགས་བྱེད་པའི་མཐོ་ས་བསྐྲུན་ཏེ། འགྱུར་ལྡོག་ལ་ངོས་འཛིན་ཡང་དག་བྱེད་པ་དང་འགྱུར་ལྡོག་ལ་བབ་བསྟུན་རང་བཞི་ལྡན་པར་བྱས་ནས། བྱ་བའི་ཁྲོད་སློབ་སྦྱོང་བྱེད་པ་དང་སློབ་སྦྱོང་ཁྲོད་བྱ་བ་སྒྲུབ་པའི་ནུས་པ་མཐོ་རུ་གཏོང་བར་འབད་བརྩོན་བྱ་དགོས། སྲིད་སྐྱོང་རོགས་སྐྱོར་གྱི་མཐོ་ས་བསྐྲུན་ནས“ལོ་ལྔའི་འཆར་འགོད་བཅོ་ལྔ་བའི”འཕེལ་རྒྱས་ལ་ཞབས་ཞུ་བྱེད་པ་དང་རིག་མཛོད་ཀྱི་ནུས་པ་འདོན་སྤེལ་བྱེད་པའི་ཐད་གནད་ལ་ཁེལ་བའི་ཤུགས་འདོན་ས་འཚོལ་ཞིབ་བྱ་དགོས། སློབ་སྦྱོང་གི་རྣམ་པ་དང་སློབ་གྲྭའི་དར་སྲོལ་གྱི་མཐོ་ས་བསྐྲུན་ནས་སློབ་སྦྱོང་གི་རྣམ་པའི་འཛུགས་སྐྱོང་ཐད་གཟབ་ནན་གྱིས་དོན་གཉེར་བྱ་དགོས་པ་དང་། སློབ་གྲྭའི་དར་སྲོལ་འཛུགས་སྐྱོང་གི་ཚད་ཤིང་འཛུགས་དགོས་པ་བསྟན།
ལིའུ་ཆི་ཧྥན་གྱིས་ཕྱོགས་བསྡོམས་གཏམ་བཤད་གནང་སྐབས་ཞིང་ཆེན་ཡོངས་ཀྱི་ཏང་གི་སློབ་གྲྭ(སྲིད་འཛིན་སློབ་གྲྭ)ཁོངས་གཏོགས་ཀྱིས་བསམ་བློའི་ངོས་འཛིན་གཏིང་ཟབ་ཏུ་གཏོང་བ་དང་། བརྗོད་དོན་གཙོ་བོའི་གཙོ་ཐིག་འབུར་དུ་ཐོན་པ། སློབ་ཁྲིད་བྱེད་སྟངས་ཕུན་སུམ་ཚོགས་པ། འཕེལ་རྒྱས་ཀྱི་དགོས་མཁོ་དང་བསྟུན་ནས་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་དམ་འཛིན་ཡག་པོ་བྱ་དགོས་པ་དང་། དུས་རབས་གསར་པའི་ཏང་གི་སློབ་གྲྭའི་(སྲིད་འཛིན་སློབ་གྲྭ)བྱ་བའི་ཡང་དག་པའི་ཁ་ཕྱོགས་དམ་འཛིན་ནན་པོ་བྱས་ཏེ། 《ཀྲུང་གོའི་གུང་ཁྲན་ཏང་གི་ཏང་སློབ་གྲྭ(སྲིད་འཛིན་སློབ་གྲྭ)བྱ་བའི་སྲོལ་ཡིག》ལ་ནན་ཏན་གྱིས་སློབ་སྦྱོང་དང་ལག་བསྟར་བྱ་དགོས། གཞི་རྩའི་གསོ་སྦྱོང་དང་། ཚན་ཞིབ་སྲིད་དོན་བློ་འདྲི་བྱེད་པ། ཤེས་ལྡན་མི་སྣའི་དཔུང་ཁག འཆར་འགོད་སྒྲིག་བཟོ། རྫོང་རིམ་པའི་ཏང་གི་སློབ་གྲྭ་འཛུགས་སྐྱོང་སོགས་བྱ་བ་གཙོ་བོར་ལ་དམིགས་ཏེ། སློབ་གཉེར་སྒྲིག་སྲོལ་བཅོས་སྒྱུར་དང་སློབ་གཉེར་བྱེད་སྟངས་གསར་གཏོད་མུ་མཐུད་གཏིང་ཟབ་ཏུ་བཏང་སྟེ་ཏང་གི་སློབ་གྲྭའི(སྲིད་འཛིན་སློབ་གྲྭ)བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ་བསྟན།
ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་པུའུ་ཨུ་དང་། ཞིང་ཆེན་གྱི་ཐད་གཏོགས་འབྲེལ་ཡོད་ལས་ཁུངས། རིམ་པ་སོ་སོའི་ཏང་གི་སློབ་གྲྭ་བཅས་ཀྱི་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས།