སྤྱི་ལོ་གསར་ཚེས་ཀྱི་གུང་གསེང་སྐབས་སུ་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ཡུལ་སྐོར་ཚོང་རར་མི་ཚོགས་ཀྱི་འདུ་ལོང་རྒོད།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

སྤྱི་ལོ་གསར་ཚེས་ཀྱི་གུང་གསེང་སྐབས་སུ། མཚོ་སྔོན་རིག་གནས་ཡུལ་སྐོར་ཚོང་རར“མི་ཚོགས་ཀྱི་འདུ་ལོང་རྒོད་པ་དང་སྤུས་ཚད་རིམ་སྤར། ལས་རྣམ་གསར་གཏོད”བཅས་ཀྱི་རྣམ་པ་བཟང་པོ་མངོན་ཏེ།   མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ས་གནས་ཁག་གི་རིག་གནས་ཡུལ་སྐོར་ཚོང་རར་དགའ་མོས་བྱེད་ཚད་མཐོ་རུ་ཕྱིན།     གཙོ་གནད་མཛེས་ལྗོངས་ཁུལ25ནི་ཡུལ་སྐོར་བ་ཡོང་བའི་གནས་ཡུལ་གཙོ་བོ་ཞིག་ཏུ་གྱུར་ནས་རིམ་རྩིས་བྱས་ན་ཡུལ་སྐོར་བ་མི་ཐེངས་ཉིས་འབུམ་དྲུག་ཁྲི་བཞི་སྟོང་སུམ་བརྒྱ་སྣེ་ལེན་བྱས་པ་དང་ཡུལ་སྐོར་གྱི་འགྲོ་གྲོན་ཁྱོན་བསྡོམས་སྒོར་བྱེ་བ་གཅིག་ས་ཡ་དགུ་ལྔ་ཁྲི་སུམ་སྟོང་བརྒྱད་བརྒྱ་བཏང་།   གངས་ཤུད་ར་བར་གུང་གསེང་ཡུལ་སྐོར་གྱི་ཚ་རླབས་འཕྱུར་བ་དང་།  མིན་ཡོན་གངས་དཀར་རི་བོའི་མཛེས་ལྗོངས་ཁུལ་དུ་མི་ཐེངས་ཉིས་ཁྲི་བཞི་སྟོང་ལྔ་བརྒྱ་འབྱོར་བ་དང་།  ལུའུ་ཡོན་གངས་ཤུད་ར་བར་མི་ཐེངས་དགུ་སྟོང་སུམ་བརྒྱ་འབྱོར་བ་དང་། ཁང་ལེ་གངས་ཤུད་ར་བར་མི་ཐེངས་བཞི་སྟོང་ལྔ་བརྒྱ་འབྱོར།     ཞིང་ཆེན་ཡོངས་ཀྱི་རྟེན་མཛོད་ཁང་ལ་ལྟ་སྐོར་དུ་ཡོང་བའི་མི་ཐེངས་ཆིག་ཁྲི་བཞི་སྟོང་དགུ་བརྒྱར་སླེབས་པ་དང་། རྟེན་མཛོད་ཁང་གི་སྤྱི་ཚོགས་སློབ་གསོའི་བྱེད་སྒོ་ཐེངས16སྤེལ་ནས་སྤྱི་ལོ་གསར་ཚེས་ཀྱི་གུང་གསེང་ལ་རིག་གནས་ཀྱི་རྣམ་པ་ངེས་ཅན་ལྡན་པར་བྱས།

སྤྱི་ལོ་གསར་ཚེས་ཀྱི་གུང་གསེང་སྐབས། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རིག་གནས་ཡུལ་སྐོར་སྡེ་ཁག་གིས་ཞིང་ཆེན་དང་ས་གནས་མཉམ་འགུལ་གཏིང་ཟབ་བྱས་པ་དང་།     དགེ་མཚན་ལྡན་པའི་ཐོན་ཁུངས་སྡེབ་སྒྲིལ་བྱས་ཏེ“ཞིང་ལས་ལུས་རྩལ་རིག་གནས་ཡུལ་སྐོར་ཚོང་ལས་ལྔ་མཉམ་འདྲེས”དམ་འཛིན་བྱས་ནས་རིག་རྩལ་འཁྲབ་སྟོན་དང་དཔེ་ཀློག་ཁྱབ་གདལ། གཟུགས་འདས་ཤུལ་བཞག་རིག་གནས་ཉམས་ལེན། འགྲེམ་སྟོན་བཅས་ཀྱི་རིག་གནས་ཡུལ་སྐོར་བྱེད་སྒོ་ཐེངས379སྤེལ་ནས་དགུན་དཔྱིད་རིག་གནས་ཡུལ་སྐོར་ཚོང་རར་སྒུལ་ཤུགས་དྲག་པོ་བསྩལ།     2026ལོའི“ཉི་གཞོན་དང་པོ”ཞེས་པའི་གོ་ལ་ཧྲིལ་པོས་མཉམ་དུ་ཀྲུང་གོའི་ལོ་པར་ལེན་པའི་རྒྱལ་སྤྱིའི་ཡུལ་སྐོར་ཁྱབ་གདལ་བྱེད་སྒོ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མཐོན་པོ་སྒང་དུ་འགོ་ཚུགས་ཤིང་།     མཚོ་སྔོན་པོ་མཛེས་ལྗོངས་ཁུལ་དང་།    མཚོ་ཤར་གྲོང་ཁྱེར་མཚོ་སྔོན་གཙགས་དྲུབ་གྲངས་འཛིན་ཅན་གྱི་སྤྱི་ཁྱབ་བཀོད་འདོམས་པུའུ་ཡི་རྟེན་གཞི།     ཉིང་ཧུའུ་བརླན་སའི་སྤྱི་གླིང་། མཚོ་སྔོན་ལུས་རྩལ་ལྟེ་གནས་བཅས་ཀྱི་ཁྱད་ཆོས་ཆེན་པོ་བཞི་ཡི་ཡན་ལག་ཚོགས་རའི་ས་ཁོངས་ཡོངས་མཉམ་འགུལ་བྱས་ཏེ།  མཚོ་སྔོན་རིག་གནས་ཡུལ་སྐོར་གྱི་རྒྱལ་སྤྱིའི་སྐད་གྲགས་ཚད་དང་སྙན་གྲགས་ཚད་སྔར་བས་ཆེ་རུ་ཕྱིན།

མཚོ་སྔོན་ཞིང་ཆེན་རྟེན་མཛོད་ཁང་གིས“རྟའི་རྒྱུ”དང་འབྲེལ་བའི་རིག་དངོས་ཀྱི་རིན་ཐང་སྔོག་འདོན་གཏིང་ཟབ་བྱས་ཤིང་།     མུ་འབྲེལ་རིག་གནས་གསར་གཏོད་ཐོན་རྫས་བཏོན་ནས་ཡུལ་སྐོར་བའི་དགའ་བསུ་ཆེན་པོ་ཐོབ་པ་དང་ཤོག་དྲས་དང་རྒྱལ་སྲོལ་རི་མོ་སོགས་དབྱིངས་ཞུགས་རྣམ་པའི་རིག་གནས་ཉམས་ལེན་གྱི་རྣམ་གྲངས་དུས་མཉམ་དུ་དྲ་ཐོག་ཏུ་ཞུགས་ནས་གྲོང་མི་དང་ཡུལ་སྐོར་བའི་སྤྱི་ལོ་གསར་ཚེས་ཀྱི་རིག་གནས་ལྟ་སྐོར་གནས་སུ་གྱུར་ཡོད། མཚོ་སྔོན་ཞིང་ཆེན་དཔེ་མཛོད་ཁང་གིས“མཛེས་པའི་ལོ་ཟླ་སྟེ། ཕ་བུའི་ཚན་རིག་ཁྱབ་གདལ་དཔེ་ཀློག་འགྲན་བསྡུར་སྐབས་བཞི་པ་སྤེལ་ཏེ། ཚོད་ལྟའི་འཁྲབ་སྟོན་དང་ཟློས་གར་འཁྲབ་སྟོན་སོགས་ཀྱི་རྣམ་པའི་ཐོག་ནས་དཔེ་ཀློག་རིག་གནས་བརྒྱུད་སྤྲོད་བྱས་ཏེ་མང་ཚོགས་ཀྱི་གུང་གསེང་གི་བསམ་པའི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་།

གཞན་ཡང་ཟི་ལིང་གྲོང་ཁྱེར་གྱི་སྤྱི་ལོ་གསར་ཚེས་ལ་བརྒལ་བའི་སྤྲོ་དགའི་མཚན་མོ་དང་ཉ་སྒྲོན་རྒྱ་གོས་སྐོར་སྐྱོད་སོགས་བྱེད་སྒོ་དང་མཚོ་སྔོན་གྱི་གཞས་གདངས་ཆུང་བ་དང་གཟུགས་འདས་ཤུལ་བཞག་རིག་གནས་རྒྱ་འཆམ་སོགས་ས་གནས་ཀྱི་སྲོལ་རྒྱུན་གཞི་རྒྱུ་ཕན་ཚུན་འདྲེས་པར་སྣང་ཞིང་།     བྱང་གཞོངས་ཆིང་ཐང་ཁྲེང་གི“དར་མེ་རྒྱས་སྟོན”དང་།     ཐང་ཏའོ637གཅན་གཟན་ཆེན་པོའི་སྒྱུ་རྩལ་སྐོར་སྐྱོད།   སྟོང་སྐོར་གློག་སྒྲོན་གཉིས་འགྲེམ་སྟོན་སོགས་ཀྱི་ལྗོངས་རྣམ་གྱིས་འཛད་སྤྱོད་ཀྱི་ཚ་རླབས་འཕྱུར་ནས་གྲོང་མི་དང་ཡུལ་སྐོར་བ་དགུ་འབུམ་དགུ་ཁྲི་སུམ་བརྒྱ་སྤྲོ་སེམས་ཁོལ་བའི་ངང་ཞུགས་པར་ཡིད་དབང་བཀུག་ནས་ཚོང་ཚོམས་ཀྱི་འཛད་སྤྱོད་སྒོར་བྱེ་བ་གསུམ་ས་ཡ་གཅིག་སུམ་འབུམ་སུམ་ཁྲི་བཞི་སྟོང་དྲུག་བརྒྱ་སྐུལ་ཁྲིད་བྱས།     ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱིས“ཤུལ་བཞག་འགྲེམ་སྟོན་གྱི་གཟི་ཉམས.ཡུས་ཧྲུའུ་དགུན་དུས་ཡུལ་སྐོར”བརྗོད་དོན་གཙོ་བོར་བྱས་ནས་མུ་འབྲེལ་བྱེད་སྒོ་སྤེལ་ནས་མི་རིགས་ཁག་གི་མང་ཚོགས་ཀྱིས་མཐུན་སྒྲིལ་འབད་བརྩོན་དང་ངར་ཤུགས་ཆེན་པོས་ཡར་རྒྱས་ཡོང་བའི་བསམ་པའི་ཉམས་འགྱུར་ཕྱོགས་ཡོངས་ནས་མངོན་ཡོད། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས“ཚྭ་མཚོའི་འོད་ཟེར། བཀྲག་མདངས་འཚེར་བའི་ན་གོར་མོ”ཞེས་པའི་དམངས་ཡོངས་ཀྱི་སྤྱི་ལོ་གསར་ཚེས་ལ་བརྒལ་བའི་མཉམ་འཛོམས་སྤྲོ་ཚོགས་ཆེན་པོའི་མུ་འབྲེལ་བྱེད་སྒོ་སྤེལ་ཏེ། ཡུལ་སྐོར་བར་ཁུ་ནུ་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་མྱོང་རོལ་ཟབ་མོ་བྱེད་དུ་བཅུག 

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།