སྤྱི་ལོ་གསར་ཚེས་ཀྱི་ངལ་གསོའི་རིང་ལ། མཚོ་སྔོན་ཞིང་ཆེན་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་བཀོད་སྒྲིག་ཞིབ་ཚགས་དང་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས། ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོས་མེ་སྐྱོན་སྔོན་འགོག་དང་ལས་སྒྲུབ་དམག་འཐབ་གྲ་སྒྲིག་ལས་དོན་ལ་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱུའི་ཐད་མཛུབ་སྟོན་བྱས་པ་དང་། ས་གནས་སོ་སོའི་མེ་ཟོན་རོགས་སྐྱོབ་སྡེ་ཁག་གིས“མང་ཚོགས་ཀྱིས་དུས་ཆེན་བསུ་བར་མེ་ཟོན་གྱི་ཐད་ནས་ཉེན་ཁ་མི་འབྱུར་བར་བྱེད་པའི”འགན་འཁྲིའི་འདུ་ཤེས་བརྟན་པོ་བཅངས་ནས། སྤྱི་ཚོགས་ཀྱི་ངོས་ནས་མེ་སྐྱོན་སྔོན་འགོག་དང་རུ་དཔུང་གི་ལས་སྒྲུབ་དམག་འཐབ་གྲ་སྒྲིག་ལས་དོན་ལ་ཁྱོན་ཡོངས་ནས་ཤུགས་བསྣན་ཏེ། མི་དམངས་མང་ཚོགས་ཀྱིས་དུས་ཆེན་དགའ་སྤྲོའི་ངང་ནས་བསུ་བར་མེ་ཟོན་བདེ་འཇགས་ཀྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན།
ཞིང་ཆེན་ཡོངས་ཀྱི་མེ་ཟོན་སྡེ་ཁག་གིས་འབྲེལ་ཡོད་ལས་རིགས་གཙོ་གཉེར་སྡེ་ཁག་མཉམ་འབྲེལ་སྒོས་ཆེད་དོན་ཞིབ་བཤེར་ལས་དོན་ཚན་ཆུང་བཙུགས་ཏེ།“ཟུར་ངོས་སོ་སོ་ཟུང་འབྲེལ་དང་མཉམ་འཛིན་མཉམ་འཛུགས”ཀྱི་ལྟ་སྐུལ་དོ་དམ་རྣམ་པ་བཙུགས་ཡོད་ཅིང་། ལས་དོན་ཚན་ཆུང་སོ་སོས་གྲོང་ཁྱེར་དང་ཁུག་སོ་སོ་རུ་ཟབ་ཞུགས་བྱས་ནས། ཚོང་ལས་ཀྱི་ཕྱོགས་བསྡུས་སྒྲིག་གཞི་དང་། མགྲོན་ཁང་དང་ཟ་ཁང་། འགྲིམ་འགྲུལ་ལྟེ་གནས། དུས་ཆེན་གྱི་བྱེད་སྒོ་སྤེལ་ཡུལ། དགོན་པ་དང་ལྷ་ཁང་། དེ་བཞིན་ཐོག་བརྩེགས་མཐོ་བའི་འཛུགས་སྐྲུན་སོགས་མེ་སྐྱོན་ཉེན་ཁ་ཆེ་བའི་ས་ཁོངས་ལ་དམ་པོར་དམིགས་ཏེ། “འགོ་ཁྲིད་ཀྱིས་རུ་ཁག་ཁྲིད་ནས་ལྟ་ཞིབ་བྱེད་པ་དང་སྡེ་ཁག་གིས་མཉམ་འབྲེལ་ཞིབ་བཤེར་བྱེད་པ། མེ་འགོག་དང་མེ་ཟོན་ལ་མཉམ་འབྲེལ་ཞིབ་བཤེར་བྱེད་པ་བཅས་ཐབས་ལམ་སྣ་ཚོགས་སྤྱད་དེ། སྡེ་ཁག་གི་མེ་ཟོན་བདེ་འཇགས་དང་འབྲེལ་བའི་རང་བདག་འགན་འཁྲི་དོན་འཁྱོལ་བྱེད་ཐུབ་ཡོད་མེད་དང་། མེ་ཟོན་སྒྲིག་ཆས་དང་ཡོ་བྱད་ཆ་ཚང་མིན་དང་ནུས་ལྡན་ཡིན་མིན། ཁ་འགྲེམས་བགྲོད་ལམ་དང་བདེ་འཇགས་ཕྱིར་གཏོང་གེགས་མེད་ཡིན་མེད། མེ་དང་གློག་དང་སོལ་རླངས་སྤྱོད་པའི་དོ་དམ་ཚད་ལྡན་ཡིན་མིན་སོགས་ཀྱི་ནང་དོན་ལ་ཞིབ་བཤེར་གནད་འཁེལ་བྱས། ཟླ1པའི་ཚེས3ཉིན་བར་དུ། ཞིང་ཆེན་ཡོངས་ཀྱིས་ཁྱོན་བསྡོམས་མི་ཐེངས629ཞིབ་བཤེར་བྱས་པ་དང་། སྤྱི་ཚོགས་ལས་ཁུངས937ལ་ཞིབ་བཤེར་བྱས་ཡོད་ལ། མེ་སྐྱོན་གྱི་འགལ་རྐྱེན་ཁག1330བཅོས་སྒྲིག་བྱེད་པར་སྐུལ་འདེད་བཏང་བ་ལས་གཞན།། ཁྲིམས་ལྟར་སྲིད་འཛིན་ཆད་པ་གཅོད་པ་བཅས་བྱས་ནས། འགལ་རྐྱེན་བཅོས་སྒྲིག་གི་མཐོ་གནོན་རྣམ་པ་ངང་གིས་གྲུབ་པར་བྱས་པ་དང་། སྤྱི་ཚོགས་ཀྱི་མེ་ཟོན་བདེ་འཇགས་ཁོར་ཡུག་ལ་གཙང་སེལ་ནུས་ལྡན་བྱས།
ལྟ་སྐུལ་ཁྲིམས་འཛིན་ལ་ཤུགས་བསྣན་པའི་དུས་མཚུངས་སུ། ཞིང་ཆེན་ཡོངས་ཀྱི་མེ་ཟོན་རོགས་སྐྱོབ་དཔུང་སྡེ་ཡིས་གྲ་སྒྲིག་གང་ལེགས་བྱས་ཏེ་མིག་སྔར་ཕྱོགས་ཡོངས་ནས་འཕྲལ་སྡོམ་གྱི་རྣམ་པར་གནས་ཡོད། རིམ་པ་སོ་སོས་ཆུ་ཚོད24རིང་ལས་རེས་གྲ་སྒྲིག་ལམ་ལུགས་ལག་བསྟར་ནན་མོ་བྱེད་དགོས་པ་དང་། དུས་ཆེན་གྱི་བྱེད་སྒོ་སྤེལ་ཡུལ་དང་དར་རྒྱས་ཆེ་བའི་ཚོང་དོན་ཁུལ། འགྲིམ་འགྲུལ་ལྟེ་གནས་སོགས་འགག་རྩའི་ས་ཁོངས་སུ་གྲ་སྒྲིག་ས་ཚིགས་བཀོད་སྒྲིག་བྱས་ནས། ཉེན་ཁའི་གནས་སུ་འཕྲད་ཚེ། མགྱོགས་མྱུར་ངང་གནད་དོན་དང་ལེན་བྱེད་པ་དང་གནད་ལ་འཁེལ་བའི་སྒོ་ནས་བཀོད་གཏོང་བྱེད་པ། ཕན་འབྲས་ལྡན་པའི་སྒོ་ནས་ཐག་གཅོད་བཅས་ཐུབ་པར་འགན་ལེན་བྱེད་ཀྱིན་ཡོད། ཟླ1པའི་ཚེས3ཉིན་བར་དུ། ཞིང་ཆེན་ཡོངས་ཀྱི་མེ་ཟོན་རོགས་སྐྱོབ་རུ་དཔུང་གིས་ཁྱོན་བསྡོམས་གནད་དོན་དང་ལེན་བྱས་ཏེ་མི་ཐེངས39བཀོད་གཏོང་བྱས་པའི་ནང་། མེ་སྐྱོན་གྱི་སྐོར་ནས་མི་སྣ་བཀོད་གཏོང་ཐེངས25དང་། ཉེན་སྐྱོབ་རོགས་སྐྱོབ་ཀྱི་སྐོར་ནས་བཀོད་གཏོང་ཐེངས7། སྤྱི་ཚོགས་རོགས་སྐྱོབ་སྐོར་ནས་བཀོད་གཏོང་ཐེངས7བཅས་བྱས་ཡོད་ལ། ཁྱོན་བསྡོམས་མི་ཐེངས436དང་རླངས་འཁོར་ཐེངས101བཏང་ཡོད།