སྤྱི་ལོ་གསར་ཚེས་ཀྱི་ངལ་གསོའི་རིང་ལ་ཞིང་ཆེན་ཡོངས་ཀྱི་བདེ་འཇགས་གནས་བབ་སྤྱིའི་ཆ་ནས་བརྟན་པོ་རེད།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

ཟླ1པའི་ཚེས4ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིང་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2026ལོའི་སྤྱི་ལོ་གསར་ཚེས་ཀྱི་ངལ་གསོའི་རིང་ལ། ཞིང་ཆེན་ཡོངས་ཀྱི་འཕྲལ་བསྟུན་དོ་དམ་མ་ལག་གིས་ངལ་གསོའི་བདེ་འཇགས་སྔོན་འགོག་ལས་དོན་སྐོར་གྱི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། འཕྲལ་བསྟུན་དོ་དམ་པུའུ་བཅས་ཀྱི་བཀོད་སྒྲིག་བླང་བྱ་ལག་བསྟར་ནན་མོ་བྱས་ཏེ། རྩ་འཛུགས་འགོ་ཁྲིད་ལ་སྔར་ལས་ཤུགས་སྣོན་པ་དང་ཆབ་སྲིད་ཀྱི་གནས་བབ་ཇེ་མཐོར་བཏང་ནས།  གཙོ་གནད་ཁྱབ་ཁོངས་དང་གཙོ་གནད་མཛེས་ལྗོངས་ཁུལ་སོགས་མི་ཚོགས་འདུ་སའི་གནས་ཡུལ་ལ་དམིགས་ཏེ། འགལ་རྐྱེན་སྣ་མང་གི་ཞིབ་བཤེར་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས། དུས་ཆེན་སྐབས་ཀྱི་བདེ་འཇགས་འགོག་སྲུང་འཛིང་རགས་བརྟན་པོ་བཙུགས་པ་དང་བདེ་འཇགས་ཀྱི་ཚད་མཐའ་བརྟན་སྲུང་བྱས་ཏེ། མི་དམངས་མང་ཚོགས་ཀྱིས་བདེ་འཇགས་ངང་དུས་ཆེན་སྐྱིད་པོ་ཞིག་རོལ་ཐུབ་པར་འགན་སྲུང་ནུས་ལྡན་བྱས། ཟླ1པའི་ཚེས4ཉིན་གྱི་སྔ་དྲོའི་དུས་ཚོད8བར་དུ། ཞིང་ཆེན་ཡོངས་སུ་ཐོན་སྐྱེད་བདེ་འཇགས་སྐོར་གྱི་དོན་རྐྱེན་ཆེན་པོའི་རིགས་དང་ཡང་ན་དེའི་ཡན། རང་བྱུང་གནོད་འཚེ་ལ་རྐྱེན་བྱས་ཏེ་བྱུང་བའི་དོན་རྐྱེན་ཚབས་ཆེན་གྱི་རིགས་གཅིག་ཀྱང་བྱུང་མེད་པར་བརྟེན། བདེ་འཇགས་གནས་བབ་སྤྱིའི་ཆ་ནས་བརྟན་པོ་རེད།

དུས་ཆེན་གྱི་སྔོན་ལ། མཚོ་སྔོན་ཞིང་ཆེན་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གིས་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། 《ལོ་མཇུག་གི་བདེ་འཇགས་ཐོན་སྐྱེད་ལས་དོན་ལེགས་པར་སྒྲུབ་དགོས་པའི་སྐོར་གྱི་བརྡ་ཐོ》དང《དུས་ཆེན་གཉིས”དང“ཚོགས་འདུ་གཉིས”རིང་གི་བདེ་འཇགས་ཐོན་སྐྱེད་ལས་དོན་ཏན་ཏིག་ངང་ལེགས་པར་སྒྲུབ་དགོས་པའི་སྐོར་གྱི་བརྡ་ཐོ》པར་འགྲེམས་བྱས་ཏེ། སྤྱི་ལོ་གསར་ཚེས་དང་ལུགས་རྙིང་ལོ་སར། ཞིང་ཆེན་གྱི“ཚོགས་འདུ་གཉིས”བཅས་རིང་གི་བདེ་འཇགས་ཐོན་སྐྱེད་ལས་དོན་ནུས་ཤུགས་ཡོད་རྒུས་ལེགས་པར་སྒྲུབ་དགོས་པའི་ཐད་ནས་བླང་བྱ་ཁ་གསལ་བཏོན་པ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་སྔར་ལས་ཇེ་དམ་དུ་བཏང་སྟེ། བདེ་འཇགས་ལྟ་སྐུལ་དོ་དམ་ལམ་ལུགས་དང་གཙོ་གནད་ལས་འགན་བྱེད་ཐབས་དོན་འཁྱོལ་ཞིབ་ཚགས་བྱས་ནས། སྡོད་ཁང་འཛུགས་སྐྲུན་དང་མེ་ཟོན། སོལ་རླངས། དམིགས་བསལ་སྒྲིག་ཆས། གློག་ཤུགས་སོགས་བདེ་འཇགས་སྔོན་འགོག་གི་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ། བདེ་འཇགས་ཀྱི་འགལ་རྐྱེན་སྣ་ཚོགས་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བཅོས་སྒྲིག་བྱས་ཏེ། བདེ་འཇགས་ཐོན་སྐྱེད་ཀྱི་ཚད་མཐའ་བརྟན་སྲུང་བྱེད་དགོས། ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིང་གིས་སྤྱི་ལོ་གསར་ཚེས་ཀྱི་ངལ་གསོའི་རིང་ལ། འཕྲལ་བསྟུན་ལས་འགན་ལྟ་སྲུང་གི་བརྙན་ལམ་བཀོད་གཏོང་ཚོགས་འདུ་དང་ཆ་འཕྲིན་སྙན་འབུལ་གྱི་ཆེད་དོན་གསོ་སྦྱོང་ཚོགས་འདུ་འཚོགས་ནས། ལས་གནས་བརྟན་སྲུང་བྱས་ཏེ། “ནན་མོ་གསུམ་”ངེས་པར་སྒྲུབ་དགོས་པ་དང་། ཆ་འཕྲིན་སྙན་འབུལ་ལས་དོན་ཐད་ངེས་པར་དུ“འགག་རྩ་གསུམ”ཁོང་དུ་ཆུད་པར་བྱེད་དགོས་ལ། འཕྲལ་བསྟུན་ཐག་གཅོད་ལས་དོན་ཐད་ངེས་པར་དུ། “ཤུགས་སྣོན་དགོས་པ་གསུམ”སོགས་ཀྱི་ཐད་ནས་ཡང་བསྐྱར་བཀོད་སྒྲིག་དང་བླང་བྱ་ཡང་ཡང་བཏོན།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།