2026ལོའི“རྒྱལ་ཁབ་ཀྱི་ཁ་གསབ”སྲིད་ཇུས་ཐོན་འདུག

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

རྒྱལ་ཁབ་འཕེལ་རྒྱས་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་དང་ནོར་སྲིད་པུའུ་ཡིས་པར་འགྲེམས་བྱས་པའི《2026ལོའི་གཞི་ཁྱོན་ཆེན་མོ་སྒྲིག་ཆས་གསར་བརྗེ་དང་འཛད་སྤྱོད་དངོས་རྫས་ཀྱི་རྙིང་ཚབ་གསར་བརྗེ་སྲིད་ཇུས་ལག་བསྟར་སྐོར་གྱི་བརྡ་ཐོ》ཚེས30ཉིན་ཕྱི་ཕྱོགས་སུ་ཁྱབ་སྒྲོག་བྱས་ཤིང་། 2026ལོའི“གསར་གཉིས”སྲིད་ཇུས་ལ་རྒྱབ་སྐྱོར་བྱེད་པའི་ཁྱབ་ཁོངས་དང་། ཁ་གསབ་ཀྱི་ཚད་གཞི། བྱ་བའི་བླང་བྱ་བཅས་ཁ་གསལ་བཟོས་ཡོད། 2026ལོར“གསར་གཉིས”སྲིད་ཇུས་གཙོ་བོ་ཕྱོགས་གསུམ་ནས་ལེགས་སྒྱུར་བྱས་ཡོད།

གཅིག་ནི་ཁྱབ་ཁོངས་ཀྱི་རྒྱབ་སྐྱོར་ཇེ་ལེགས་སུ་གཏོང་བ།སྒྲིག་ཆས་གསར་བརྗེ་ཐད་ནས། སྤྱི་ཡོངས་ནས2025ལོའི་ཁྱབ་ཁོངས་ལ་རྒྱབ་སྐྱོར་རྒྱུན་མཐུད་བྱ་རྒྱུ།དམངས་ཚིས་ཐད་ནས། གཞུས་ཁུལ་རྙིང་པར་གློག་སྐས་འཛུགས་པ་དང་རྒན་གསོ་ལས་ཁུངས་ཀྱི་སྒྲིག་ཆས་གསར་བརྗེ་བྱ་རྒྱུ།  བདེ་འཇགས་ཐད་ནས། མེ་གསོད་རོགས་སྐྱོབ་ཁ་སྣོན་དང་ཞིབ་བཤེར་ཚད་ལེན་གྱི་སྒྲིག་ཆས་གསར་བརྗེ་བྱ་རྒྱུ།

འཛད་སྤྱོད་རྨང་གཞིའི་སྒྲིག་བཀོད་ཐད་ནས། ཚོང་ལས་ཕྱོགས་བསྡུས་གཟུགས་དང་། ཉོ་སྒྲུབ་ལྟེ་གནས། སྣ་མང་ཚོང་ཁང་། སྒོ་རྩིས་ཚོང་ཁང་ཆེ་གྲས་སོགས་དྲ་འོག་འཛད་སྤྱོད་ཀྱི་ཚོང་ལས་སྒྲིག་བཀོད་ཀྱི་སྒྲིག་ཆས་གསར་བརྗེ་ཇེ་མང་དུ་གཏང་རྒྱུ།

འཛད་སྤྱོད་དངོས་རྫས་རྙིང་ཚབ་གསར་བརྗེ་ཐད་ནས། ཐོན་ཁུངས་གཅིག་བསྡུས་བྱས་ཏེ། མི་ཚོགས་ཁྲོད་ཁྱབ་ཚད་ལ་ཤུགས་རྒྱག་པ་དང་ནུས་འབྲས་སྟོབས་ཆེར་འགྲོ་བར་སྐུལ་ཁྲིད་བྱེད་པའི་གཙོ་གནད་འཛད་སྤྱོད་དངོས་རྫས་ཀྱི“ཁ་གསབ་ཐོབ་ཚད”མཐོ་རུ་གཏོང་བ། རླངས་འཁོར་མཁོ་མེད་གསར་བརྗེ་དང་རླངས་འཁོར་གསར་སྒྱུར་གྱི་ཁ་གསབ་མུ་མཐུད་དུ་ལག་བསྟར་བྱ་རྒྱུ། ཁྱིམ་སྤྱོད་གློག་ཆས་རྙིང་ཚབ་གསར་བརྗེ་ཡི་ཁ་གསབ་མུ་མཐུད་དུ་ལག་བསྟར་བྱ་རྒྱུ།  དེའི་ནང་འཁྱགས་སྒམ་དང་། གོས་འཁྲུད་འཕྲུལ་ཆས། བརྙན་འཕྲིན། རླུང་སྙོམས་འཕྲིན་ཆས། གློག་ཀླད། ཆུ་དྲོད་ཆས་སོགས་ཐོན་རྫས་རིགས6ལ་རྒྱབ་སྐྱོར་བྱ་རྒྱུ་རེད།

དེ་དང་ཆབས་ཅིག་ཏུ། ཨང་ཀིའི་ཐོན་རྫས་ཉོ་སྒྲུབ་ཀྱི་ཁ་གསབ་དེ་ཨང་ཀིའི་ཐོན་རྫས་དང་རིག་ནུས་ཐོན་རྫས་ཉོ་སྒྲུབ་ཀྱི་ཁ་གསབ་ནང་རྒྱ་སྐྱེད་་རྒྱུ་དང་། དེའི་ནང་ལག་ཁྱེར་ཁ་པར་དང་། སྙོམས་ལེབ། རིག་ནུས་ལག་འདོགས་ཆུ་ཚོད། རིག་ནུས་མིག་ཤེལ་དང་རིག་ནུས་ཁྱིམ་ཆས(རྒན་འཕྲོད་ཅན་ཀྱི་རིག་ནུས་ཁྱིམ་ཆས)བཅས་ཁྱབ་ཁོངས་ལ་རྒྱབ་སྐྱོར་བྱ་རྒྱུ་རེད།

གཉིས་ནི་ཁ་གསབ་ཀྱི་ཚད་གཞི་ཇེ་ལེགས་སུ་གཏོང་བ།

སྒྲིག་ཆས་གསར་བརྗེ་ཐད་ནས། སྡོད་ཁང་གི་གློག་སྐས་རྙིང་ཚབ་གསར་བརྗེ་ཡི་བཅད་གྲངས་ཁ་གསབ་དེ་གློག་སྐས་རིམ་པ་བཞིན་གཞི་གྲངས་རིམ་པ་དབྱེ་ནས་ཁ་གསབ་སྤད་རྒྱུ། ཟོག་འདྲེན་རླངས་འཁོར་གྱི་རྙིང་ཚབ་གསར་བརྗེ་ཁ་གསབ་ཁྲོད་གློག་སྒུལ་ཟོག་འདྲེན་རླངས་འཁོར་སུ་བརྗེ་རྒྱུ་སྔོན་ལ་རྒྱབ་སྐྱོར་བྱ་རྒྱུ་རེད།

འཛད་སྤྱོད་དངོས་རྫས་རྙིང་ཚབ་གསར་བརྗེ་ཐད་ནས། རླངས་འཁོར་ཁ་གསབ་ཀྱི་མཐོ་ཚད་འགྱུར་བ་མེད་པའི་རྨང་གཞི་སྟེང་། བཅད་གྲངས་ཁ་གསབ་དེ་རླངས་འཁོར་གྱི་རིན་གོང་སྡུར་གྲངས་ལྟར་ལེགས་སྒྲིག་བྱས་ནས་ཁ་གསབ་སྟེར་རྒྱུ།  ཁྱིམ་སྤྱོད་གློག་ཆས་རྙིང་ཚབ་གསར་བརྗེ་དེ་ཁ་གསབ་རིམ་པ་དང་པོའི་ནུས་འབྲས་སམ་ཆུ་ནུས་ཐོན་རྫས་སུ་ལེགས་སྒྲིག་བྱས་ཏེ། ཁ་གསབ་ཐོན་རྫས་ཀྱི་ཕྱིར་ཚོང་རིན་གོང15%དང་། དངོས་རྫས་གཅིག་གི་ཁ་གསབ་ཆེས་མཐོ་ཤོས་སྒོར1500ཡིན་པ་དང་། གྲངས་འཛིན་དང་རིག་ནུས་ཐོན་རྫས་ཀྱི་ཁ་གསབ་ཀྱི་ཚད་གཞི་སྔོན་ལྟར་རྒྱུན་འཁྱོངས་བྱ་རྒྱུ་རེད། 

གསུམ་ནི་ལག་བསྟར་ཀྱི་ལམ་སྲོལ་ཇེ་ལེགས་སུ་གཏོང་བ།སྒྲིག་ཆས་གསར་བརྗེ་ཕྱོགས་ནས། རྣམ་གྲངས་རེ་ཞུའི་སྙན་ཞུ་ལམ་སྲོལ་དང་དཔྱད་ཞིབ་བརྒྱུད་རིམ་ཇེ་ལེགས་སུ་བཏང་སྟེ།  རྣམ་གྲངས་སྙན་ཞུའི་མ་འཇོག་གྲངས་འབོར་གྱི་ཚད་གཞི་སྔར་ལས་ཇེ་དམའ་རུ་གཏོང་རྒྱུ་དང་། ཁེ་ལས་ཆུང་འབྲིང་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་སྲིད་ཇུས་ཀྱི་ཕན་པ་ཐོབ་ཚད་རྒྱ་ཆེར་གཏང་རྒྱུ།

འཛད་སྤྱོད་དངོས་རྫས་རྙིང་ཚབ་གསར་བརྗེ་ཐད་ནས། མ་དངུལ་བགོ་བཤའ་བྱེད་སྟངས་ཇེ་ལེགས་དང་།  འབྲེལ་ཐག་ཡོངས་ཀྱི་ལག་བསྟར་ཞིབ་སྲོལ་འཐུས་ཚང་རྒྱལ་ཡོངས་གཅིག་གྱུར་གྱི་ཚོང་ར་ཆེན་པོ་འཛུགས་སྐྲུན་གྱི་བླང་བྱ་དོན་འཁྱོལ་བཅས་བྱས་ཏེ། རླངས་འཁོར་རྙིང་ཚབ་གསར་བརྗེ་དང་། ཁྱིམ་སྤྱོད་གློག་ཆས་རིགས6རྙིང་ཚབ་གསར་བརྗེ། ཨང་ཀི་དང་རིག་ནུས་ཐོན་རྫས་རིགས4གསར་ཉོ་བྱ་དགོས་པ་སོགས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ཁྲོད་ནས་གཅིག་གྱུར་གྱི་ཁ་གསབ་ཀྱི་ཚད་གཞི་ལག་བསྟར་བྱ་དགོས་ཞེས་ཁ་གསལ་བཏོན་ཡོད་པ་རེད། 

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།