རྒྱལ་ཁབ་གནོད་འགོག་གནོད་སེལ་གནོད་སྐྱོབ་ཨུ་ཡོུན་ལྷན་ཁང་གིས་ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་དུས་ཀྱི་གནོད་འཚེ་སྔོན་འགོག་བྱ་བར་བཀོད་སྒྲིག་བྱས།

ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།

རྒྱལ་ཁབ་གནོད་འགོག་གནོད་སེལ་གནོད་སྐྱོབ་ཨུ་ཡོན་ལྷན་ཁང་གིས་ཉིན་འགའི་སྔོན་ལ་ཞིབ་འཇུག་བརྡར་གཅོད་བྱས་ཏེ། ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀར་རང་རྒྱལ་གྱི་དྲོད་ཚད་དམའ་བའི་འཁྱགས་གྲང་དང་གངས་སྐྱོན་གྱི་ཉེན་ཁ་ཅུང་ཆེ་ཞིང་།  ལྷོ་ཕྱོགས་ཀྱི་ས་ཆ་མང་པོའི་ནགས་ཚལ་མེ་སྐྱོན་འབྱུང་བའི་རིམ་པ་མཐོ་ལ།  རྨ་ཆུ་སོགས་ཆུ་རྒྱུན་ལ་དར་སྤུངས་སྲིད་པས། ས་གནས་སོ་སོས་འཕྲལ་བསྟུན་ཉེན་བརྡ་དང་བརྡ་ལན་སྤྲོད་པའི་ལམ་སྲོལ་དོན་འཁྱོལ་དང་།  འཕྲལ་བསྟུན་ཉེན་སེལ་གནོད་སེལ་གྱི་དངོས་ཟོག་འདང་ངེས་གྲབས་གསོག་བྱས་ཏེ།  འགྲིམ་འགྲུལ་སོགས་རྨང་གཞིའི་སྒྲིག་ཆས་བདེ་འཇགས་ངང་འཁོར་སྐྱོད་བྱེད་པར་འགན་སྲུང་བྱེད་དགོས་པའི་བླང་བྱ་བཏོན།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།