【ང་ཡིས་མཚོ་སྔོན་གྱི་མཛེས་པ་པར་དུ་ལེན】བདེ་སྐྱིད་ཀྱི་མཐོ་སྒང་།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

རྔ་རྡུང་བའི་གར་གྱི་སྟངས་སྟབས།

གསང་གཏམ།

བཅར་འདྲི་དང་ལབ་གླེང་།

ཤོག་དྲས་ལ་སྒྲིམ་པའི་བྱིས་པ། 

རྫི་བོ་ཆུང་ཆུང་། 

འབྲོག་གླུའི་ཁྲོད་ཀྱི་ལྟ་སྐྱོང་།


ལོ་ལེགས།

བོད་རིགས་བུད་མེད་ཀྱི་འཐེན་ཐུག་ཟབ་སྦྱོང་འཛིན་གྲྭ།

མྱུར་ཚད་དང་ངར་ཤུགས། 

  རྩོམ་སྒྲིག་པས། 

བརྙན་མིག་མཚོ་སྔོན་ལ་གཏད་དུས།  བདེ་སྐྱིད་ཀྱི་རྣམ་པ་དེ་མངར་སྐྱུར་འདྲེས་མའི་འཚོ་བ་དང་། ཡར་ངོས་ཟླ་ལྟར་འཕེལ་བའི་བྱ་གཞག་གི་ཁྲོད་དུ་ཉར་ཡོད།

བདེ་སྐྱིད་ནི་བརྙན་མིག་མདུན་གྱི་འཛུམ་མདངས་ལྷད་མེད་དང་།   དྲོད་ཀྱིས་གཏམས་པའི་སླང་ཁའི་རླངས་པ་ལྷོག་ལྷོག་དེ་དང་།  བང་གིས་རྒྱུག་པའི་རྟ་ཕོའི་རྨུག་སྒྲ     ལོ་ལེགས་སྨིན་པའི“གསེར་གྱི་འབྲས་རྡོག་རེ་རེ”ཡིན་པ་མ་ཟད།  སྟོབས་དང་ཤུགས་ཀྱིས་རྫོགས་པའི་རོལ་མོ་རྡུང་དཀྲོལ་གྱི་སྒྲ་དང་།  སྒོ་ཟོག་གཡག་ལ་བསྐྱོན་པའི་བློ་ཡངས་ཀྱི་བྱིས་པ་དག་ཡིན།

བདེ་སྐྱིད་ནི་མཚོ་སྔོན་པའི་ཉིན་རྒྱུན་གྱི་འཚོ་བ་ཡིན་ལ། མཐོ་སྒང་འཛིན་མའི་འགྲེལ་བརྗོད་གསོན་ཉམས་ལྡན་པ་ཡང་ཡིན།  རྣང་ཞིང་རྨོ་འདེབས་ནས་རྩྭ་ཐང་གི་མཆོང་རྒྱུག་བར་དང་།  རུ་ཁ་ཁྱིམ་མཚེས་འདུ་འཛོམས་ནས་ཚན་རིག་ལག་རྩལ་གྱི་འཕེལ་རྒྱས་བར།  བདེ་སྐྱིད་ནི་རྙོག་འཛིང་གི་ཐ་སྙད་ཅིག་མ་ཡིན་པར།  འཛུམ་མདངས་ཁྲོད་ཀྱི་འོད་སྣང་དང་།  གྲུབ་འབྲས་ཁྲོད་ཀྱི་དྲོད་སྐྱིད་དེ་དང་།     ལག་ཟུང་གིས་བསླས་པའི་འཚོ་བའི་ལོངས་སྤྱོད་དང་། མཐོ་སྒང་དུ་ཆུ་མིག་བཞིན་བརྡོལ་བའི་རེ་འདུན་དེ་ཡིན།

མཚོ་སྔོན་པའི་བདེ་སྐྱིད་ནི་ཡངས་ཤིང་རྒྱ་ཆེ་བའི་རི་ཀླུང་དུ་ཉར་ཡོད་ལ།   ཡིད་སེམས་གསོ་བའི་དམངས་ཚིས་ཀྱི་གྲུབ་འབྲས་ལས་མངོན་ཡོད།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།