2026ལོའི་ལུགས་གསར་ལོ་གསར་ཐོན་ལ་ཉེ་བའི་སྐབས། 2025ལོའི་ཟླ12པའི་ཚེས29ཉིན། མཚོ་སྔོན་ཞིང་ཆེན་དམག་དཔུང་ལས་ཕྱིར་བུད་པའི་དམག་མིའི་ལས་དོན་ཐིང་དང་། མཚོ་སྔོན་ཞིང་ཆེན་དམག་ཁུལ་ཆབ་སྲིད་བྱ་བའི་ཅུས། མཚོ་སྔོན་ཞིང་ཆེན་གཉིས་བཀུར་བྱ་བའི་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་བཅས་ཀྱིས་མཉམ་འབྲེལ་སྒོས་འགྲེམ་སྤེལ་བྱས་པའི《བརྡ་ཐོ》ལྟར་ན། ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོའི་དཔུང་སྡེ་སོ་སོས2026ལོའི་ལུགས་གསར་ལོ་གསར་དང་ལུགས་རྙིང་ལོ་གསར་གྱི་སྐབས་སུ་དམག་དཔུང་ལ་བརྩི་བཀུར་དང་ཁྱིམ་མིར་གཟིགས་སྐྱོང་། སྲིད་བརྩི་དམངས་གཅེས་ཀྱི་བྱ་བར་སེམས་ཤུགས་དང་བརྩེ་སེམས་བཏོན་ནས་བསྒྲུབས་ཏེ། བྲག་རྡོ་ལྟར་བརྟན་པའི་དམག་སྲིད་དམག་དམངས་མཐུན་སྒྲིལ་མུ་མཐུད་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས་པའི་བླང་བྱ་བཏོན་ཡོད།
《བརྡ་ཐོ》ལས་ས་གནས་སོ་སོ་དང་སྡེ་ཁག་སོ་སོ། མཚོ་སྔོན་དུ་སྡོད་པའི་དཔུང་སྡེ་སོ་སོས་རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་གྲོང་ཁྱེར(རྫོང)དང་། “ཆེས་མཛེས་པའི་དམག་དཔུང་ལས་ཕྱིར་བུད་པའི་དམག་མི།” “ཆེས་མཛེས་པའི་དམག་མིའི་ཆུང་མ།” “ཆེས་མཛེས་པའི་དམག་དཔུང་རོགས་སྐྱོར་མི་སྣ”བཅས་དང་དེ་མིན་མཚོ་སྔོན་ཞིང་ཆེན་གྱི་གཉིས་བཀུར་དཔེ་སྟོན་ལས་ཁུངས་དང་མི་སྒེར་སོགས་ལ་སྔོན་ཐོན་གྱི་དཔེ་མཚོན་བྱས་རྗེས་དར་སྤེལ་ཤུགས་ཆེན་གཏོང་དགོས་པའི་བླང་བྱ་བཏོན། དམག་མི་དང་ས་ཁུལ་གྱི་མཛའ་འབྲེལ་དང་ཡིག་གཟུགས་དང་རི་མོའི་འགྲེམས་སྟོན། རིག་རྩལ་འཁྲབ་སྟོན་སོགས་མཚོ་སྔོན་གྱི་ས་ཁོངས་ཀྱི་ཁྱད་ཆོས་ལྡན་པ་དང་དམག་དམངས་ཀྱིས་ཐོས་དགའ་མཐོང་སྤྲོའི་མང་ཚོགས་རང་བཞིན་གྱི་རིག་གནས་བྱེད་སྒོ་སྤེལ་ནས། དམག་དམངས་ཀྱི་མཛའ་བརྩེ་སྔར་ལས་ཇེ་ཟབ་ཏུ་བཏང་།
ས་གནས་སོ་སོས་ཐོག་མཐའ་བར་གསུམ་དུ་དམག་དཔུང་ལ་ཞབས་འདེགས་ཞུ་བའི་དམག་འཐབ་གྲ་སྒྲིག་དང་དམག་འཐབ་བྱ་རྒྱུ་དེ་དུས་ཆེན་གྱི་སྐབས་དམག་དཔུང་ལ་བརྩི་བཀུར་བྱེད་པའི་གལ་ཆེའི་ནང་གི་འགངས་ཆེན་དུ་བརྩིས་ནས། “དཔུང་སྡེའི་དམག་འཐབ་སྦྱོང་བརྡར་དང་ས་གནས་ཀྱིས་མདུན་ཕྱོགས་ལ་རྒྱབ་སྐྱོར་སྦྱོང་བརྡར་བྱེད་པའི”དགེ་མཚན་ལྡན་པའི་མཉམ་འགུལ་ཀྱི་རྣམ་པ་འཛུགས་དགོས།“མཐའ་མཚམས་ཀྱི་མཚོ་སྲུང་དཔོན་དམག་ལ་བརྩེ་སེམས་བཅངས”དང“ལས་ཡུལ་དང་པོར་དམིགས་ནས་སྟོབས་ཤུགས་གཅིག་སྡུད་ཀྱིས་དཀའ་ངལ་སེལ”སོགས་ཆེད་དམིགས་དམག་མིར་རོགས་སྐྱོར་བྱེད་པའི་བྱེད་སྒོ་གཏིང་ཟབ་ཏུ་སྤེལ། ཚན་རྩལ་གྱིས་དམག་དཔུང་ལ་བརྩི་བཀུར་དང་། རིག་སྟོབས་ཀྱིས་དམག་དཔུང་ལ་བརྩི་བཀུར་བྱེད་པ། རིག་གནས་ཀྱིས་དམག་དཔུང་ལ་བརྩི་བཀུར་བྱེད་པ། བཅའ་ཁྲིམས་ཀྱིས་དམག་དཔུང་ལ་བརྩི་བཀུར་བྱེད་པ་བཅས་རྒྱ་ཁྱབ་ངང་ཁྱབ་གདལ་དུ་གཏོང་དགོས། “གྲོང་ཁྱེར་དང་གྲོང་ཁྱེར་གྱི་མིང་གིས་བཏགས་པའི་གྲུ་གཟིངས་མཉམ་འཛུགས”ཀྱི་བྱེད་སྒོའི་ཕན་འབྲས་གཏིང་ཟབ་ཏུ་བཏང་སྟེ། ཐུགས་ཁུར་དང་དྲོད་སྐྱིད་མཚོ་གླིང་གི་མཐའ་མཚམས་དང་གཞི་རིམ་གྱི་ལས་ཡུལ་དང་པོར་ཐད་ཀར་ཐོན་ཐུབ་པར་སྐུལ་འདེད་གཏོང་དགོས།
《བརྡ་ཐོ》ལས། མཚོ་སྔོན་དུ་སྡོད་པའི་དཔུང་སྡེ་སོ་སོས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་བརྟན་པོ་བཙུགས་ནས། བདེ་འཇགས་གསར་འཛུགས་དང་འཆམ་མཐུན་གསར་འཛུགས་ནང་ཧུར་ཐག་ཞུགས་དགོས་པའི་བླང་བྱ་བཏོན། སློབ་གསོར་རོགས་སྐྱོར་བྱས་ནས་སློབ་གསོ་དར་སྤེལ་གཏོང་བ་དང་། འོས་འགན་སྐོར་སྐྱོད་སྨན་བཅོས་དང་། དམངས་ཕན་ཞབས་ཞུ་སོགས་ཀྱི་བྱེད་སྒོ་གཏིང་ཟབ་ཏུ་སྤེལ་ནས། ཞིང་སྡེའི་བགྲོད་ལམ་འགྲིམ་འགྲུལ་དང་ས་ཞིང་ཆུ་བེད་སོགས་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་ཇེ་ལེགས་སུ་གཏོང་རྒྱུར་རོགས་རམ་བྱེད་དགོས།“དྲོད་འཁོལ་བསྐྱལ་བ་དང་གཅེས་སེམས་འབུལ་བའི”བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་བ་དང་། གཙོ་གནད་མི་ཚོགས་ལ་འཚམས་འདྲི་དང་རོགས་སྐྱོར་བྱེད་པ་གཙོར་བཟུང་ནས། ནགས་ཚལ་མེ་སྐྱོན་དང་གངས་འཁྱགས་སོགས་རང་བྱུང་གནོད་འཚེའི་ཉེན་སེལ་རྒུད་སྐྱོབ་དང་འཕྲལ་བསྟུན་རོགས་སྐྱོབ་གྲ་སྒྲིག་བྱ་བ་དངོས་གནས་ཡག་པོར་སྒྲུབ་དགོས།
ས་གནས་སོ་སོས་གཟིགས་སྐྱོང་བཀོད་སྒྲིག་གི་སྲིད་ཇུས་སྣ་ཚོགས་དང་ཁྲིམས་སྲོལ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། དམག་མིའི་ཁྱིམ་མི་དང་དམག་ཁོངས་ལས་ཕྱིར་བུད་པའི་དམག་མི། གཟིགས་སྐྱོང་བྱ་ཡུལ་གཞན་དག་བཅས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་དངོས་གནས་སྲུང་སྐྱོབ་བྱ་དགོས། སྤྱི་པའི་ཞབས་ཞུའི་སྒེའུ་ཁུངས་ལས་ཁུངས་ཀྱིས་དམག་མིའི་ཁྲིམས་ལྟར་སྔོན་ལ་སྤེལ་བའི་སྲིད་ཇུས་ནན་མོ་བྱས་ཏེ། དམག་མིའི་ཁྱིམ་མི་དུས་ཆེན་གྱི་འགྲོ་འོང་དང་། གླིང་ཀའི་ཡུལ་སྐོར་སོགས་ལ་སྤུས་ལེགས་ཀྱི་གཟིགས་སྐྱོང་ཞབས་ཞུ་འདོན་སྤྲོད་བྱ་དགོས། “བྱས་རྗེས་མཁན་ལ་གཅེས་སྐྱོང”དང“གཉིས་བཀུར་གཞི་རིམ་དུ་ཡོད་པའི”བྱེད་སྒོ་གཏིང་ཟབ་ཏུ་སྤེལ་ནས། འཇར་འགོག་དམག་འཐབ་ཀྱི་འཐབ་མོ་བ་རྒན་པ་དང་། དམག་ཁོངས་ནས་ཕྱིར་བུད་པའི་དམག་མི་རྒན་པ། སྔོན་གཤེགས་དཔའ་བོའི་ཁྱིམ་མི། རང་སྲོག་བློས་བཏང་བའི་དམག་མིའི་ཁྱིམ་མི་དང་དེ་མིན་དཀའ་ཁག་ཡོད་པའི་དམག་མི། དམག་དཔུང་ལས་ཕྱིར་བུད་པའི་དམག་མིའི་ཁྱིམ་ཚང་གཙོར་བཟུང་ནས་འཚམས་འདྲི་བྱས།