རི་ཆུ་སྟོང་ཕྲག་བརྒལ་ནས་ཕུགས་འདུན་རིང་མོའི་དོད་དུ་མདུན་སྐྱོད་བྱེད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕུལ་བའི2026ལོའི་སྤྱི་ལོ་གསར་ཚེས་བསུ་བའི་ཤིས་ཚིག་གིས་རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱིས་ཡིད་ཆེས་བརྟན་གཏོང་དང་དངོས་སྒྲུབ་འགན་ལེན་བྱེད་པར་སྐུལ་ལྕག་གནང་། ཚང་མས་བསྟན་དོན། རྟ་མཆོག་བང་གིས་རྒྱུག་པ་ལྟ་བུའི་སྤོབས་པ་ལ་བརྟེན་ནས་གསོན་ཤུགས་ཆེན་པོ་སློང་དགོས། ཆད་པ་མེད་པའི་ངར་ཤུགས་ཀྱི་རྒྱུན་བསྐྱངས་ནས་ཕུགས་འདུན་དང་བདེ་སྐྱིད་ཀྱི་ཆེད་དུ་འབད་པ་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བརྗིད་ཉམས་ཅན་གྱི་དམིགས་འབེན་དེད་ནས་དཔའ་ངར་ཆེན་པོས་མདུན་དུ་བསྐྱོད་དགོས།
2025ལོ་ནི“ལོ་ལྔའི་འཆར་འགོད་བཅུ་བཞི་པ”མཇུག་སྒྲིལ་བའི་ལོ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལོ་གསར་ཤིས་ཚིག་ཁྲོད་ལོ5ཡི་ལོ་རྒྱུས་འཕེལ་རིམ་ནི་ཆེས་སྤྱིར་བཏང་མ་ཡིན་པ་ཞིག་ཡིན་ལ། གྲུབ་འབྲས་འདི་ཡང་ཐོབ་སླ་བོ་ཞིག་མིན། ཚང་མས་འབད་འབུངས་ལྷོད་མེད་ཀྱིས་གོང་ནས་གོང་དུ་འཕེལ་བཞིན་པའི་ད་ལྟའི་ཀྲུང་གོ་འདི་བསྐྲུན་ཡོད་ཞེས་བསྟན་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གི་སྐད་ཆས་མི་སེམས་ལ་དྲོད་ཁོལ་སྦྱིན་པ་དང་། འཐབ་ལམ་གསར་བར་འབད་པས་བསྐྱོད་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ།
ཧུའུ་ནན་ཞིང་ཆེན་ཁྲང་ཧྲ་རྫོང་ཧོང་ཧྭ་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་སུའུ་པའོ་ཡིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་ཚིག་ནི་འབད་འཐབ་མཁན་རེ་རེ་ཐད་ཀྱི་བླ་ན་མེད་པའི་བསྔགས་བརྗོད་ཅིག་ཡིན་ལ། འབད་འཐབ་རིན་ཐང་ཐད་ཀྱི་འགྲེལ་བཤད་ཟབ་མོའང་ཡིན། ད་ལྟ། གྲོང་གསེབ་ལ་ཉིན་རེ་བཞིན་རྣམ་པ་མི་འདྲ་བ་མངོན་ལ། མང་ཚོགས་ཀྱི་ཡོང་སྒོའང་ཇེ་མང་ནས་མང་དུ་ཕྱིན་པ་དང་། གདོང་གི་འཛུམ་མདངས་ཀྱང་ཇེ་མང་ནས་ཇེ་མང་རེད། ང་ཚོས་མུ་མཐུད་དུ་འབད་བརྩོན་བྱས་ནས་གྲོང་གསེབ་ཀྱི་རིག་གནས་ཡུལ་སྐོར་དང་ཞིང་ལས་ཐོན་རྫས་ལས་སྣོན་སོགས་ཀྱི་ཐོན་ལས་ཟབ་སྤེལ་བྱས་ཏེ། ཐོན་ལས་དར་སྤེལ་གྱིས་གྲོང་གསེབ་དར་སྤེལ་གྱི་རྨང་གཞི་ཇེ་བརྟན་དུ་གཏོང་རྒྱུ་ཡིན་ཟེར།
ཧུའུ་པེ་ཞིང་ཆེན་ཝུའུ་ཧན་ཏུང་ཧུའུ་མཐོ་གསར་ཆུས་ཙུའོ་ལིང་སྲང་ལམ་ཀྲི་ཡོན་སྡེ་ཁུལ་གྱི་སྡོད་དམངས་མཱ་ཧུང་ཝུའུ་ཡིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་སྡེ་ཁུལ་དུ་ཕེབས་དུས། རྒན་རབས་པའི་བྱ་བ་ཡག་པོར་བསྒྲུབ་དགོས་ཞེས་མངག་བཅོལ་གནང་བ་ད་དུང་གསལ་བོར་དྲན། རྒན་རབས་པར་བསྟུན་པའི་བཅོས་བསྒྱུར་ནི་ང་ཚོར་སྟབས་བདེ་བསྐྲུན་པ་ཙམ་མིན་པར། ད་དུང་ང་ཚོ་རྒན་རབས་པ་རྣམས་ལ་ཐུགས་ཁུར་ཆེན་པོ་གནང་བ་ཡིན། ཏང་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་ང་ཚོའི་ལྟོ་གོས་གནད་དོན་སེམས་ལ་བཟུང་ཡོད། ང་ཚོས་ཀྱང་རང་ཉིད་ཀྱི་འཚོ་བར་སྤྲོ་སྐྱིད་ཀྱིས་ཁེངས་པར་བྱ་དགོས། དེ་ལྟར་བྱས་ཚེ་ཀྲུང་གོ་ཞེས་པའི་ཁྱིམ་གཞི་ཆེན་པོ་འདི་ཡང་གོང་ནས་གོང་དུ་འཕེལ་ངེས་ཡིན་ཟེར།
ཀྲུང་གོའི་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པ་དང་། རྒྱལ་ཡོངས་དབང་བོ་སྐྱོན་ཅན་ལུས་རྩལ་འགྲན་ཚོགས་དང་དམིགས་བསལ་ཨོ་རྩལ་འགྲན་ཚོགས་ཀྱི་རྩ་ཛུགས་ཨུ་ཡོན་ལྷན་ཁང་གི་ཞང་ཀང་དང་ཨའོ་མོན་ལས་དོན་མཐུན་སྦྱོར་པུའུ་ཡི་པུའུ་ཀྲང་གཞོན་པ་ལིའུ་ཅུན་ཧྥུན་གྱིས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལོ་གསར་ཤིས་ཚིག་ཁྲོད་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་གླེང་བས་ང་ཚོར་སྐུལ་ལྕག་ཆེན་པོ་ཐེབས། ཀོང་ཏུང་དང་ཞང་ཀང་། ཨའོ་མོན་བཅས་ས་ཁུལ་གསུམ་སེམས་མཐུན་མཉམ་སྐྱོད་དང་། འགྲན་བསྡུར་ལ་བརྟེན་ནས་རྨང་གཞིའི་སྒྲིག་ཆས་སྦྲེལ་མཐུད་དང་སྒྲིག་སྲོལ་ཚད་གཞི་འབྲེལ་མཐུད། མི་ཆོས་འགྲོ་འོང་སྦྲེལ་མཐུད་བཅས་ལ་སྐུལ་འདེད་གཏོང་རྒྱུ་ཡིན། ང་ཚོས་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་བདེ་བླག་ངང་བསྡུས་པ་དེ་འགོ་རྩོམ་ས་གསར་བར་བཟུང་ནས། ཞང་ཀང་དང་ཨའོ་མོན་གཉིས་དང་མཉམ་དུ་གྲོས་མོལ་མཉམ་ལས་ཀྱི་ལམ་སྲོལ་འཐུས་ཚང་བཏང་སྟེ། ཀོང་ཏུང་དང་ཞང་ཀང་། ཨའོ་མོན་བཅས་མཚོ་ཁུག་ཆེན་མོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་རམ་འདེགས་བྱ་རྒྱུ་ཡིན་ཟེར།
ཀྲེ་ཅང་ཞིང་ཆེན་ཧང་ཀྲོའུ་གྲོང་ཁྱེར་ཞིས་ཧུའུ་ཆུས་དཔལ་འབྱོར་དང་ཆ་འཕྲིན་ཅན་ཅུས་ཀྱི་ཅུས་ཀྲང་ཏིང་ཆི་ཝུའེ་ཡིས་བཤད་རྒྱུར། ང་ཚོའི་དཔལ་འབྱོར་སྟོབས་ཤུགས་དང་ཚན་རྩལ་སྟོབས་ཤུགས། རྒྱལ་སྲུང་སྟོབས་ཤུགས། ཕྱོགས་བསྡུས་རྒྱལ་སྟོབས་བཅས་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཡོད། འདི་ལྟ་བུའི་གྲབ་འབྲས་ཐོབ་པའི་རྩ་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྣེ་ཁྲིད་ཕྱོགས་སྟོན་ལ་ཐུག་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་ལ་རག་ལས་ཤིང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་གང་ལེགས་སྒོས་མངོན་ཡོད། ང་ཚོས་ཡིད་ཆེས་ཇེ་བརྟན་པོ་དང་དངོས་སྒྲུབ་འགན་ལེན་བྱེད་པ་དང་། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་བ་འཕེལ་རྒྱས་སུ་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལེའུ་གསར་བ་རྩོམ་དགོས་ཟེར།
ཀྲུའུ་ཞི་ཞི་ཅིན་ཕིང་གིས་བསྟན་དོན། ང་ཚོས་གསར་གཏོད་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ནུས་བསྩལ། ད་ལྟའི་ཀྲུང་གོ་གསར་གཏོད་ནུས་བ་འཕར་བ་ཆེས་མགྱོགས་པའི་དཔལ་འབྱོར་ཕུང་བོའི་གྲས་ཀྱི་གཅིག་ཏུ་གྱུར་ཡོད། ལོ་གསར་པའི་ལོ་འགོ་ལ། ཀྲུང་གོའི་ས་གཞི་ཆེན་པོར་གསོན་ཤུགས་ཀྱིས་ཁེངས། གསར་སྐྲུན་གསར་གཏོད་ཀྱིས་ཐོན་སྐྱེད་ནུས་ཤུགས་གསར་བ་བསླངས་པ་མ་ཟད། འཚོ་བ་ཡང་སྔར་བས་ཕུན་སུམ་ཇེ་ཚོགས་སུ་བཏང་།
རྒྱལ་ཁབ་ཚན་རིག་ཆེན་མོའི་སྒྲིག་ཆས་འབྱུང་འགྱུར་དྲ་རྒྱའི་ཚོད་ལྟའི་སྒྲིག་བཀོད་དོ་དམ་པུའུ་ཡི་སྤྱི་ཁྱབ་ལྟ་སྐུལ་པ་ཞུས་ཀྲི་ཅན་གྱིས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ང་ཚོར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་། ང་ཚོས་ཕྲག་གི་ལས་འགན་ལྕི་མོ་གསལ་བོར་ཚོར་ཡོད། ལོ་གསར་པའི་ནང་། ང་ཚོས་མཐུན་སྦྱོར་གསར་གཏོད་ཟབ་སྤེལ་དང་། སྒྲིག་བཀོད་ལེགས་སྒྱུར་རིམ་སྤར་ལ་མགྱོགས་མྱུར་སྒོས་སྐུལ་ཏེ། མདུན་གྲལ་ལག་རྩལ་གྱི་འགག་སྒྲོལ་ལ་ཤུགས་སྣོན་རྒྱུ་ཡིན་ལ། རང་རྒྱལ་གྱི་དྲ་རྒྱའི་བདེ་འཇགས་དང་འཕྲིན་གཏོང་ཐོན་ལས་ཀྱི་གོ་ལ་ཧྲིལ་པོའི་འགྲན་རྩོད་ནུས་ཤུགས་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བར་ཚན་རྩལ་གྱི་སྟོབས་ཤུགས་འབུལ་རྒྱུ་ཡིན་ཟེར།
ཅིག་ཐེན་ཚང་ཆོང་ཞེས་པའི་མི་མེད་མཁའ་འགྲུལ་སྤྱི་སྤྱོད་ལས་སྟེགས་རྣམ་གྲངས་ཀྱི་སྤྱི་ཁྱབ་བཀོད་འདོམས་པ་ཚའོ་ཅང་གིས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་གི2026ལོའི་ལོ་གསར་ཤིས་ཚིག་ཁྲོད་ཀྱི་མངག་བཅོལ་དྲོན་མོས་ང་ཚོའི་སེམས་ཤུགས་ལྡབ་འགྱུར་གྱིས་འཕེལ་བར་བྱས་ལ། ལུས་ལ་ངར་ཤུགས་ཀྱིས་ཁེངས། ལོ་གསར་པའི་ནང་། ང་ཚོས་ཚན་རིག་ཞིབ་འཇུག་གི་ལས་རིམ་དང་པོ་ནས་འབད་པ་བྱ་རྒྱུ་ཡིན། མིས་བཟོས་རིག་ནུས་དང་མ་ལག་འདུས་གྲུབ། སྔོན་ཐོན་བཟོ་སྐྲུན་སོགས་འགག་རྩའི་ལག་རྩལ་མཁའ་འགྲུལ་ཐོན་ལས་ཐད་སྤྱོད་པའི་ཚད་ཇེ་མགྱོགས་སུ་བཏང་སྟེ། མཁའ་འགྲུལ་ཐོན་ལས་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་རུ་བསྒྱུར་ངེས་ཡིན་ཟེར།
ལོ་གསར་པའི་ལོ་མགོར། ཁྲུང་ཆིན་ནས་ཁུན་མིན་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ཡུན་ནན་དང་ཀུའེ་ཀྲིག་བར་གྱི་ཨར་སྐྲུན་ཡུལ་དངོས་སུ་འཛུགས་སྐྲུན་པ་ཆིག་ཁྲི་ལྷག་གིས་ནུས་ཤུགས་ཡོད་རྒུས་ལས་གཞི་དུས་བཅད་ལྟར་ལེགས་གྲུབ་ཐུབ་པའི་འགན་ལེན་བྱས། ཧའེ་ཁའུ་མཚོ་ཁའི་གྲུ་ཁ་གསར་པ་དང་གྲུ་ཁ་ལྷོ་མའི་“འགག་སྒོ་གཉིས་ཀྱི་”ཟོང་འདྲེན་གཅིག་སྡུད་བརྟག་ཞིབ་ས་ཚིགས་སུ། ཟོང་འདྲེན་རླངས་འཁོར་རེ་རེ་བདེ་བླག་ངང་འགག་སྒོ་བརྒྱུད་དེ་དངོས་ཟོག་སྣ་ཚོགས་རྒྱལ་ནང་དུ་སྐྱེལ་འདྲེན་བྱེད་བཞིན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གི་ལོ་གསར་གྱི་ཤིས་ཚིག་གིས་ལས་རིགས་ཁག་གི་མི་རྣམས་ཀྱིས་འགན་སེམས་ཆེན་པོ་བཅངས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྟོབས་ཤུགས་འབུལ་བར་སྐུལ་མ་ཐེབས་བཞིན་ཡོད།
ཁྲུང་ཆིན་ནས་ཁུན་མིན་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ཡུན་ནན་དང་ཀུའེ་ཀྲིག་བར་གྱི་འཛུགས་སྐྲུན་བྱེད་མཁན་ཀྲང་ཁའེ་ཆིང་གིས་བཤད་རྒྱུར།
འདས་ཟིན་པའི་ལོ་གཅིག་ནང་། ང་ཚོས་སྟབས་ལེགས་པར་རང་རྒྱལ་གྱི་མྱུར་བགྲོད་ལྕགས་ལམ་གྱི་གཉེར་སྐྱོང་ལམ་ཚད་སྤྱི་ལེ་ཁྲི་5ལས་བརྒལ་བ་བདེན་དཔང་བྱས་ཡོད། ལོ་གསར་པའི་ནང་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཡིད་ལ་དམ་པོར་བཅངས་ནས། ཕུགས་འདུན་ཆེད་དུ་འབད་འཐབ་དང་བདེ་སྐྱིད་ཆེད་དུ་འབད་བརྩོན་བྱས་ཏེ་ནུས་ཤུགས་ཡོད་རྒུས་མྱུར་བགྲོད་ལྕགས་ལམ་འཛུགས་སྐྲུན་ནང་ཞུགས་ཡོད། ལས་གཞིའི་སྤུས་ཚད་ལ་ཁག་ཐེག་བྱས་ནས་དུས་བཅད་ལྟར་ལེགས་འགྲུབ་ཐུབ་པའི་འགན་ལེན་བྱེད་དགོས་ཟེར།
ཧའེ་ནན་ཞིང་ཆེན་ཏང་ཨུའི་བཅོས་སྒྱུར་ཟབ་སྤེལ་གཞུང་སྒྲུབ་ཁང་(རང་མོས་ཚོང་དོན་གྲུ་ཁའི་ལས་དོན་ཨུ་ལྷན་གཞུང་དོན་ཁང)གི་ཀྲུའུ་རེན་གཞོན་པ་ཝང་ཧྥེང་ལི་ཡིས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལོ་གསར་ཤིས་ཚིག་ནང་ཧའེ་ནན་རང་མོས་ཚོང་དོན་གྲུ་ཁའི་གླིང་ཕྲན་ཡོངས་ཀྱི་འགག་སྒོ་བཀག་སྡོམ་བྱས་ཏེ་འཁོར་སྐྱོད་བྱ་རྒྱུའི་སྐོར་གླེང་ཡོད། དེས་ང་ཚོར་སྐུལ་མ་དང་བློ་སྤོབས་སྩལ་བྱུང་། ང་ཚོས་ལོ་ངོ་སྟོང་ཕྲག་རིང་འཕྲད་དཀའ་བའི་གོ་སྐབས་བཟང་པོ་དམ་འཛིན་བྱས་ནས་ལམ་ལུགས་རང་བཞིན་གྱི་སྒོ་འབྱེད་ཁྱབ་རྒྱ་བརྟན་པོའི་ངང་ཆེ་རུ་གཏོང་བ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་གཉིས་ལྡན་གྱི་སྣོལ་གནས་གལ་ཆེན་བསྐྲུན་དགོས། ཧའེ་ནན་རང་མོས་ཉོ་འཚོང་གྲུ་ཁ་དེ་རང་རྒྱལ་གྱི་དུས་རབས་གསར་པའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྣེ་ཁྲིད་བྱེད་པའི་སྒོ་མོ་གལ་ཆེན་ཞིག་ཏུ་འགྱུར་བར་འབད་བརྩོན་བྱེད་དགོས་ཟེར།
ད་ལོ་ནི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགོ་རྩོམ་པའི་ལོ་ཡིན་ལ། རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་ཀྱིས། ཡིད་ཆེས་བརྟན་པོ་དང་བབ་བསྟུན་འཕྲལ་སྒྲུབ་ཀྱིས་ཀྲུང་གོའི་ངོ་མཚར་གྱི་ལེའུ་གསར་པ་མུ་མཐུད་དུ་འབྲི་ངེས།
ནང་སོག་ཞིན་ཨན་མེང་ཁོ་ཡིའུ་ཆན་ཆི་ཁོར་ཆིན་གྲོང་རྡལ་འཇོན་མི་གསོ་སྐྱོང་ལྟེ་གནས་ཀྱི་ཀྲུའུ་རེན་ཆི་ཞའོ་ཅིན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅིས་ཚང་མར་རྟ་མཆོག་ལ་ཞོན་པ་ལྟ་བུའི་སྙིང་སྟོབས་དང་རྟ་མཆོག་བང་གིས་རྒྱུག་པ་ལྟ་བུའི་གསོན་ཤུགས་ལྡན་པར་བྱས་ནས་རྒྱུག་མཚམས་མི་འཇོག་པར་ངར་ཤུགས་རྒྱུན་འཁྱོངས་བྱེད་དགོས་པ་བསྟན་ཡོད། 2026ལོར། ང་ཚོར་ཡིད་ཆེས་དང་རེ་སྒུག་ཆེན་པོས་ཁེངས་ཡོད། ང་ཚོས་མུ་མཐུད་དུ་གནད་ཁེལ་རང་བཞིན་གྱི་རྩལ་ནུས་གསོ་སྦྱོང་བྱས་ནས་ལག་རྩལ་ཤེས་པ་དང་གཉེར་སྐྱོང་བྱེད་མཁས་པའི་གྲོང་གསེབ་ཀྱི་འཇོན་ཐང་ཅན་དེ་བས་མང་བ་གསོ་སྐྱོང་བྱས་ཏེ་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་ཡོང་བར་རོགས་རམ་བྱེད་དགོས་ཟེར།
ཧོ་པེ་ཞིང་ཆེན་གྲོང་གསེབ་ཡིད་རྟོན་ཁང་མཉམ་འབྲེལ་ཁང་གི་ཏང་ཨུའི་ཧྲུའུ་ཅི་ཀྲང་ཀྲི་ཆང་གིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལོ་གསར་ཤིས་ཚིག་ནང་དུ། བྱ་བཞག་གལ་ཆེན་ཞིག་སྒྲུབ་དགོས་ན་ངེས་པར་དུ་སྔ་འདང་གཞུག་འདང་ཞིབ་མོ་རྒྱག་དགོས་པར་གསུངས་ཡོད། ལོ་གསར་པའི་ནང་། ང་ཚོས་གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས་ཞིང་གསུམ་ལ་ཞབས་འདེགས་ཞུ་བ་དང་ཁེ་ལས་ཆུང་གྲས་ལ་རྒྱབ་སྐྱོར་བྱེད་པའི་ཐོག་མའི་སེམས་འདུན་དེ་རྫོང་ཁོངས་ཀྱི་ཁྱད་ལྡན་ཐོན་ལས་ཚོགས་པར་གནད་ཁེལ་གྱིས་དངུལ་རྩའི་རྒྱབ་སྐྱོར་བྱ་རྒྱུ་ཡིན། དངུལ་རྩའི་གསོན་ཤུགས་སྔར་ལས་དུད་ཁྱིམ་ཁྲི་སྟོང་མང་པོར་ཁྱབ་ཏུ་འཇུག་དགོས་ཟེར།
ཉིན་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་ཚན་རྩལ་སློབ་གསོ་ཁྲུའུ་ཡི་ཁྲུའུ་ཀྲང་ཝང་ཡན་ཀེང་གིས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལོ་གསར་ཤིས་ཚིག་ནང་རིག་གནས་དང་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཚ་རླབས་རྒྱུན་ཆད་མེད་པར་འཕྱུར་ཏེ། འཛམ་གླིང་ཤུལ་བཞག་ལ་ཡང་བསྐྱར་ཁ་སྣོན་བྱེད་དགོས་ཞེས་བསྟན། 2026ལོ་ནི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགོ་རྩོམ་པའི་ལོ་ཡིན། ང་ཚོས་རིག་གནས་ཡུལ་སྐོར་ལས་རིགས་དེ་ཀ་རྟེན་ཐོན་ལས་དང་། བདེ་སྐྱིད་ཐོན་ལས། དམངས་འཚོའི་ཐོན་ལས་བཅས་སུ་འགྱུར་བ་བྱེད་དགོས་ཟེར།
ཧྲན་ཞི་ཞིང་ཆེན་ཐའེ་ཡོན་གྲོང་ཁྱེར་ཅན་ཚའོ་ཕིང་ཆུས་ཞིན་རུང་སྡེ་ཁུལ་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་ཀྲང་རུའེ་ཀྲུང་གིས་བཤད་རྒྱུར། ང་ཚོས“གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་དགོས་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་ཏེ་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཡིད་ལ་དམ་པོར་འཛིན་དགོས། ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་ཕན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། སེམས་ནུས་ཡོད་རྒུ་བཏོན་ནས་མང་ཚོགས་ཀྱི་དཀའ་ངལ་དང་སེམས་ཁྲལ་གྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས། མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་ཟེར།