ལུགས་གསར་ལོ་གསར་སྐབས་སུ། ཟི་ལིང་མདོ་དབུས་མཐོ་སྒང་རི་སྐྱེས་སྲོག་ཆགས་གླིང་ག་དེ་གྲོང་ཁྱེར་སྡོད་དམངས་ཀྱི་ཡུལ་སྐོར་སྤྲོ་གསེང་གནས་སུ་གྱུར། གླིང་ག་ཡིས་གངས་འཁྱག་གི་འཇིག་རྟེན་དང་ཡོ་ལང་དོད་པའི་གུང་གསེང་བརྗོད་དོན་དུ་བྱས་པའི་བྱེད་སྒོ་སྤེལ་ནས་ཡུལ་སྐོར་བར་ཤོག་དྲས་རི་མོ་བརྒྱུད་སྐྱེལ་དང་ཡིག་མཁན་གྱིས་ལོ་གསར་གྱི་ཤིས་ཚིག་ཆ་ཡིག་སོགས་ཀྱི་སྲོལ་རྒྱུན་གྱི་དམངས་སྲོལ་མྱོང་རོལ་ཁྲོད་ཞུགས་ཆོག་ཅིང་ག་ས་གང་དུ་ལོ་གསར་བའི་སྤྲོ་དགས་ཁེངས་འདུག
གླིང་ཁུལ་གྱི་འགྲེམ་ཁུལ་སོ་སོས་ལྟད་མོ་བ་མང་པོ་ཚུར་བཀུག་ནས་ལྗོངས་གཟིགས་རླངས་འཁོར་དུ་བསྡད་ནས་ཐག་ཉེ་ས་ནས་གསའ་དང་རི་ཞིམ་སོགས་མདོ་དབུས་མཐོ་སྒང་ཁོ་ནར་ཡོད་པའི་སྲོག་ཆགས་ལ་བལྟ་བ་དང་རང་བྱུང་དང་ཚེ་སྲོག་གི་ཁྱད་མཚར་བའི་གསང་བར་མྱོང་རོལ་བྱས། གླིང་ཁུལ་གྱིས་ད་དུང་ཚན་རིག་ཁྱབ་རྡལ་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ་སྲོག་ཆགས་ཀྱི་གཏམ་རྒྱུད་བཤད་པ་སོགས་ལ་བརྟེན་ནས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་འདུ་ཤེས་རྒྱུད་སྒྲོག་བྱས། ལུགས་གསར་ལོ་གསར་སྐབས་སུ། སྲོག་ཆགས་གླིང་གིས་ཉིན་རེར་མི་ཐེངས་ཁྲི་ཡན་སྣེ་ལེན་བྱས་པ་དང་། དགའ་སྤྲོའི་དགོད་སྒྲ་དེ་སྙིང་དུ་སྡུག་པའི་རི་སྐྱེས་སྲོག་ཆགས་དག་དང་གཅིག་ཏུ་འབྲེལ་ཡོད་ལ། གྲོང་ཁྱེར་གྱི་མང་ཚོགས་དང་ཡུལ་སྐོར་བ་དག་ལ་རང་བྱུང་དང་རིག་གནས་མཉམ་དུ་འདྲེས་པའི་དགུན་དུས་ཀྱི་འགྲེམ་སྟོན་གྱ་ནོམ་པ་ཞིག་བཤམས་ཡོད།