ཟླ1ཚེས1ཉིན། ཞིང་ཆེན་ལས་བྱེད་པ་རྒན་པའི་བྱེད་སྒོའི་ལྟེ་གནས་དང་། མཚོ་ཤར་གྲོང་ཁྱེར་ཏང་ཨུའི་ལས་བྱེད་པ་རྒན་པའི་ཅུས། ཧུའུ་ཀྲུའུ་རྫོང་ལས་བྱེད་པ་རྒན་པའི་ཅུས་སོགས་ལས་ཁུངས་མང་པོ་ཞིག་མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་དུ་སོང་ནས་རིག་གནས་དམངས་ཕན་གཞི་རིམ་བསྐྱོད་པའི་བྱེད་སྒོ་སྤེལ། བློ་མཐུན་རྒན་པ་ཚོས་སྨྱུ་གུ་དང་སྣག་ཚའི་བརྩེ་སེམས་མཚོན་པ་དང་རིག་རྩལ་གྱིས་དྲོད་འཁོལ་སྐྱེལ་ཏེ། གཞི་རིམ་མང་ཚོགས་དང་ལས་ཡུལ་དང་པོའི་ངལ་རྩོལ་པར་ལོ་གསར་གྱི་སྨོན་འདུན་ཕུལ་བ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་གཞི་རིམ་དུ་རྩ་བ་ཚུགས་ནས་རྩེ་མོ་རྒྱས་སུ་བཅུག
བྱ་འགུལ་གྱི་ཡུལ་དངོས་སུ། ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་ཀྱི་ལས་བྱེད་པ་རྒན་པས་དུས་མཉམ་དུ་ངོ་མཚར་བའི་འཁྲབ་སྟོན་བྱས་པ་དང་། མི་རིགས་རོལ་དབྱངས《དམག་རྟའི་མཆོང་སྐྱོད》དང་། མཉམ་གཞས《དཔྱིད་རླུང་གང་སར་ལྡང》སོགས་ཀྱི་ལེ་ཚན་རེས་མོས་ཀྱིས་འཁྲབ་སྟོན་བྱས་པས། མཛེས་སྡུག་ལྡན་པའི་རོལ་དབྱངས་དང་སྤྲོ་སེམས་འཁོལ་བའི་ཡུལ་དངོས་ཀྱི་ཐལ་མོ་རྡེབ་སྒྲ་རྒྱུན་མི་ཆད་པར་གྲགས་པ་དང་། རིག་གནས་དང་དྲོད་རྒྱུན་ཕྱོགས་གཉིས་མཉམ་འགུལ་ཁྲོད་མི་སེམས་སུ་ཟུག་པར་བྱེད།
ཐེངས་འདིའི་རིག་གནས་དམངས་ཕན་བྱེད་སྒོ་དེས་གཞི་རིམ་གྱི་སྙིང་སྟོབས་དང་རིག་གནས་ཀྱི་དགོས་མཁོ་གནད་ལ་འཁེལ་བའི་སྒོ་ནས་འབྲེལ་མཐུད་བྱས་པ་དང་། རིག་གནས་དམངས་ཕན་དང་ཁེ་ལས་ཀྱི་སྟོབས་ཤུགས་གཅིག་བསྡུས་བཅས་ཀྱི་ཕན་འབྲས་མང་པོ་ཐོབ་པས། གཞི་རིམ་མང་ཚོགས་དང་ལས་ཡུལ་དང་པོའི་ལས་གཉེར་པས་རྒྱ་ཁྱབ་ངང་གདེང་འཇོག་ཡག་པོ་བྱས། བྱ་འགུལ་ལ་ཞུགས་པའི་བློ་མཐུན་རྒན་པས་གཅིག་རྗེས་གཉིས་མཐུད་དུ་བསྟན་དོན། ཐེངས་འདིའི་བྱ་འགུལ་ནི་ལས་བྱེད་པ་རྒན་པས་ནུས་པ་འདོན་སྤེལ་བྱས་ནས་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བའི་འགན་འཁྲིའི་ལག་ལེན་ཞིག་ཡིན་ཞིང་། རྗེས་ཕྱོགས་མུ་མཐུད་དུ་རིག་གནས་ཞབས་ཞུ་གཏིང་ཟབ་ཏུ་སྤེལ་ནས་སྨྱུ་གུ་དང་སྣག་ཚ་ལས་རིག་གནས་བརྒྱུད་བསྒྲགས་དང་། རིག་རྩལ་གྱི་ཐུན་མོང་ངོས་འཛིན་གཅིག་ཏུ་བསྡུས་ནས། གཞི་རིམ་འཕེལ་རྒྱས་ལ་ནུས་པ་བཏོན་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་ལ་སྐུལ་འདེད་ཧུར་ཐག་གཏོང་ཆེད“དངུལ་མདོག་གི་སྟོབས་ཤུགས”འབུལ་རྒྱུ་ཡིན་ཟེར།