ཚན་རྩལ་ཉིན་རེའི་ཚགས་པར་བཏོན་ནས་ལོ40འཁོར་བའི་སྐབས་འདིར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཤིས་འཕྲིན་སྤྲིངས་ནས་ཚགས་པར་ཁང་གི་བློ་མཐུན་ཡོངས་ལ་རྟེན་འབྲེལ་ཞུས།
ཞི་ཅིན་ཕིང་གིས་ཤིས་འཕྲིན་ལས་བསྟན་དོན། ལོ་ངོ་བཞི་བཅུའི་རིང་། ཚན་རྩལ་ཉིན་རེའི་ཚགས་པར་གྱིས་ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་བྱ་བར་གཞིགས་ཏེ་ཏང་གི་གསར་གཏོད་གཞུང་ལུགས་དྲིལ་སྒྲོག་དང་ཚན་རྩལ་སྲིད་ཇུས་གསལ་འགྲེལ། ཚན་རྩལ་གྲུབ་འབྲས་བསྒྲགས་གཏོང་། ཚན་རིག་ཤེས་བྱ་ཁྱབ་གདལ་སོགས་ཀྱི་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། འགོ་རྩོམ་ས་གསར་པའི་སྟེང་དུ། ཁྱེད་ཅག་གིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ་དང་། ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་རྒྱུན་འཁྱོངས། གཞི་རྟེན་བྱེད་ཐབས་གསར་གཏོད་དང་ཚན་རིག་པའི་སྙིང་སྟོབས་དར་སྤེལ། ཧུར་ཐག་གིས་ཀྲུང་གོའི་ཚན་རྩལ་གསར་གཏོད་ཀྱི་གཏམ་རྒྱུད་ལེགས་པོར་བཤད་པ་དང་། ཚན་རྩལ་ལས་སྒྲུབ་པའི་བསམ་འདུན་མཚོན་པར་བྱས་ཏེ། ཆུ་ཚད་མཐོ་བའི་ཚན་རྩལ་གྱི་རང་སྟོབས་རང་སྤེལ་དང་། ཚན་རྩལ་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་བློ་གྲོས་དང་སྟོབས་ཤུགས་སྔར་ལས་མང་པོ་སྒྲིལ་དགོས།
ཚན་རྩལ་ཉིན་རེའི་ཚགས་པར1986ལོའི་ཟླ1པའི་ཚེས1ཉིན་བཏོན་པ་དང་། ལོ་ངོ40ཡི་འཕེལ་རྒྱས་བརྒྱུད། ཚགས་པར་དང་དུས་དེབ། དྲ་ཚིགས། མགྲོན་སྣེ་སོགས་ཁྱབ་སྤེལ་ལས་སྟེགས་ཡོད་པའི་ཕྱོགས་བསྡུས་རང་བཞིན་གྱི་སྨྱན་སྦྱོར་སྒྲིག་གཞིར་གྱུར་ཡོད།