
ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་བའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་དང་དགུ་བ། བཅུ་བ་བསྡུས་པ།
ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་བའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་དང་དགུ་པ། བཅུ་བ་བསྡུས་པ། ཟླ1ཚེས9ཉིན་དང་། ཟླ7ཚེས29ཉིན། ཟླ12ཚེས2ཉིན་ཏེ། ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་སྐབས་བཅུ་བཞི་བའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་དང་། དགུ་པ། བཅུ་བ་ཟི་ལིང་དུ་བསྡུས། ཐེངས་བརྒྱད་པའི་སྟེང2024ལོའི་ལས་ཀར་སྤྱི་བསྡོམས་བྱས་ཤིང་། 2025ལོའི་ལས་འགན་བཀོད་སྒྲིག་བརྒྱབ་པ་དང་། ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱིས་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་གྲུབ་འབྲས་ལེགས་པོ་ལོན་པར་སྐུལ་སློང་བྱས་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་མཚོ་སྔོན་གྱི་ལག་ལེན་ལ་འབད་པ་ཆེན་པོས་སྐུལ་འདེད་བཏང་། ཐེངས་དགུ་བའི་ཚང་འཛོམས་གྲོས་ཚོགས་ནི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་གྱི་དུས་རིམ་གལ་ཆེན་དང་། མཚོ་སྔོན་གྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལ་སློབ་སྦྱོང་མཐའ་འཁྱོལ་དང་། སློབ་གསོ་གཏིང་ཟབ་ཏུ་སྤེལ་བའི་དུས་མཚམས་གལ་ཆེན། ཀྲུང་དབྱང་གིས་མཚོ་སྔོན་དུ་སྐོར་ཞིབ་བྱེད་པའི་དུས་ཚོད་གལ་ཆེན་ལ་འཚོགས་པའི་གྲོས་ཚོགས་ཧ་ཅང་གལ་ཆེན་ཞིག་རེད། ཐེངས་བཅུ་བའི་སྟེང་དུ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་ཀའི་སྙན་ཞུ་ལ་གསན་ནས་གྲོས་སྡུར་བྱས་ཤིང་། 《ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱལ་དམངས་དཔལ་འལབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་འཆར་འགོད་གཏན་འབེབས་སྐོར་གྱི་བསམ་འཆར》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།

མཚོ་སྔོན་དང་ཞང་ཀང་གི་ཚོང་འགུག་དངུལ་འདྲེན་འོས་སྦྱོར་ཚོགས་འདུ་སྐབས་གཉིས་པ་དང་། 2025ལོའི་མཚོ་སྔོན་དང་ཨའོ་མན་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་བརྗེ་སྤེལ་མཉམ་ལས་འོས་སྦྱོར་ཚོགས་འདུ་གཉིས་ཞང་ཀང་དང་ཨའོ་མན་ནས་བསྡུས།
ཟླ2ཚེས21ཉིན། མཚོ་སྔོན་དང་ཞང་ཀང་གི་ཚོང་འགུག་དངུལ་འདྲེན་འོས་སྦྱོར་ཚོགས་འདུ་སྐབས་གཉིས་པ་དང་མཚོ་སྔོན་གྱི་གསོལ་སྟོན·ཞང་ཀང་མའེ་ཞན(美心)སྨྱན་སྦྱོར་ཁྱབ་སྒྲོག་ཚོགས་འདུ་ཞང་ཀང་དུ་བསྡུས། དེ་ནི་མཚོ་སྔོན་དང་ཞང་ཀང་ས་གནས་གཉིས་ཀྱི་མཉམ་ལས་སྔར་ལས་གཏིང་ཟབ་དང་། མངའ་ཁོངས་གསར་པ་དང་འགྲན་རྩོད་གསར་པ་རྒྱ་སྐྱེད་དེ་སྒུལ་ནུས་གསར་པ་དང་དགེ་མཚན་གསར་པ་སྐྱེད་སྲིང་བྱ་ཆེད་འཚོགས་པ་རེད། ཟླ10ཚེས28ཉིན། “འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད། མཚོ་སྔོན་དང་ཨའོ་མན་གྱི་མཉམ་ལས་དམ་ཟབ”ཅེས་པ་བརྗོད་གཞིར་བཟུང་བའི2025ལོའི་མཚོ་སྔོན་དང་ཨའོ་མན་གྱི་དཔལ་འབྱོར་ཉོ་ཚོང་བརྗེ་སྤེལ་མཉམ་ལས་འོས་སྦྱོར་ཚོགས་འདུ་ཨའོ་མན་དུ་འཚོགས་ཤིང་། དེས་མཚོ་སྔོན་དང་ཨའོ་མན་ས་གནས་གཉིས་ཀྱི་ཐོན་ཁུངས་དགེ་མཚན་བར་གྱི་འབྲེལ་བ་གནད་འཁེལ་སྦྲེལ་ཏེ་ཕོར་ཐིའུ་ཀལ་སྐད(葡语)སྤྱོད་མཁན་རྒྱལ་ཁབ་བར་གྱི་འབྲེལ་འདྲིས་མཉམ་ལས་རྒྱ་སྐྱེད།
མཚོ་སྔོན་གྱིས་འཇུ་ལག་ཆུ་བོ་ཙོང་ཆུར་འདྲེན་པའི་ལས་གཞི་ཁྱོན་ཡོངས་ནས་ལེགས་པར་གྲུབ་ནས་འཁོར་སྐྱོད་བྱས།
ཟླ6ཚེས29ཉིན། འཇུ་ལག་ཆུ་བོ་ཙོང་ཆུར་འདྲེན་པའི་ལས་ཀ་ཡོངས་སུ་གྲུབ་ནས་རྩིས་སྤྲོད་བྱས་པ་མ་ཟད། མ་དངུལ་བཏང་ནས་འཁོར་སྐྱོད་བྱེད་མགོ་བརྩམས། ལས་གཞི་དེ་ནི་མཚོ་སྔོན་གྱི་ས་ཁོངས་བརྒལ་བའི་ཆུ་འདྲེན་ལས་གཞི་ཆེ་ཤོས་དེ་ལེགས་པར་གྲུབ་པ་དེས་མི་འབོར་ཁྲི300ལྷག་དང་། ཙོང་ཆུའི་བྱང་རྒྱུད་ཀྱི་ས་མུའུ་ཁྲི100ཡི་ཞིང་ཆུ་འདྲེན་པར་ཁེ་ཕན་བསྐྲུན་ནས་ཡུལ་དེའི་ཞིང་པ་རྣམས་ཀྱིས་ལོ་ངོ་སྟོང་ཕྲག་ཡར་སྔོན་ནས“གནམ་ལ་བརྟེན་ནས་འཚོ་དགོས་པའི”ལོ་རྒྱུས་གཞི་ནས་བསྒྱུར་ཏེ། མཚོ་སྔོན་གྱི་དམངས་ཚིས་ཆུ་འདོན་ལ་འགན་སྲུང་གསར་པ་བཏོན།

རང་རྒྱལ་གྱི་མཚོ་འཕགས་ཆེས་མཐོ་པའི་ཆིང་རྒྱལ་རབས་ཀྱི་རྡོ་རྐོས་དེ་མཚོ་སྔོན་གྱི་རྨ་ཆུའི་མགོ་ཁུངས་སུ་ཡོད་པ་གཏན་འཁེལ་བྱས།
ཟླ9ཚེས15ཉིན། རྒྱལ་ཁབ་རིག་དངོས་ཅུས་ཀྱིས་པེ་ཅིང་དུ་ཆེད་དོན་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་བསྡུས་ཏེ། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་མཚོ་སྐྱ་རེངས་དང་སྔོ་རེངས་ཡུལ་ཚོའི་གྲོ་རེངས་གྲོང་ཚོ་མཚོ་སྐྱ་རེངས་ཀྱི་བྱང་ངོས་སུ་ཆིང་གི་རྡོ་རྐོས་ཞིག་རྙེད་པར“སྒར་ཐང་ཆིང་གི་རྡོ་རྐོས”ཞེས་མིང་བཏགས། དེ་ནི་རང་རྒྱལ་གྱིས་ད་སྔའི་བར་མཚོ་འཕགས་མཐོ་ཤོས་སུ་རྙེད་པའི་ཆིང་རྒྱལ་རབས་དུས་ཀྱི་རྡོ་རྐོས་ཡིན་པས། ལོ་རྒྱུས་ཀྱི་སྟོང་ཆ་བསྐང་བར་དོན་སྙིང་ཆེན་པོ་ལྡན། རྡོ་རྐོས་དེ་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོབ་ལས་ཁུངས་སྐོར་ཁག་བཅུ་གཅིག་པའི་མིང་གཞོང་དུ་བདམས།

རྒྱལ་ཐོན་ཅན་དུ་འགྱུར་བའི་གཞི་ཁྱོན་ཆེ་ཤོས་ཀྱི་ལྗང་མདོག་རྩིས་ནུས་ཞབས་ཞུ་ཐོན་རྫས་ཏེ་མཚོ་སྔོན་ལྗང་མདོག་རྩིས་སྤྲིན་ཐོན་རྫས་དམིགས་སུ་ཁྱབ་སྒྲོག་བྱས།
ཟླ3ཚེས13ཉིན། མཚོ་སྔོན་ལྗང་མདོག་རྩིས་སྤྲིན་ཐོན་རྫས་ཁྱབ་སྒྲོག་ཚོགས་འདུ་བསྡུས། དེ་ནི་རྒྱལ་ཡོངས་ནས་སྤྲིན་རྩིས་སྙོམས་སྒྲིག་གཞི་བྱས་ནས་རྒྱལ་ཐོན་ཅན་དུ་འགྱུར་བའི་གཞི་ཁྱོན་ཅན་གྱི་ལྗང་མདོག་རྩིས་ཤུགས་ཞབས་ཞུ་ཐོན་རྫས་ཤིག་ཡིན་ཞིང་། མཚོ་སྔོན་ལིན་ཐུང(联通)གིས་རྒྱལ་ཁབ་ཀྱི“ཤར་གྲངས་ནུབ་རྩིས”དང“ཐཱན་གཉིས”འཐབ་ཇུས་ལག་ལེན་ཁྲོད་སྤོས་པའི་གནད་འགག་གི་གོམ་པ་ཞིག་ཡིན་པ་མཚོན་པ་དང་། རྒྱལ་ཡོངས་ཀྱི་མིས་བཟོས་རིག་ནུས་ཀྱི་དཔེ་དབྱིབས་ཆེན་པོ་སྦྱོང་བརྡར་དང་། རིག་ནུས་མ་ལག་བཀོལ་སྤྱོད་གསར་སྤེལ་བཅས་ལ་ལྗང་མདོག་གི་སྒུལ་ཤུགས་འདོན་ཐུབ།
གངས་རི་འབྲོག་རའི་སྨི15ཅན་གྱི་ཧའོ་སྨི་ཕལ་བའི་རླབས་ཀྱི་རྒྱང་མཐོང་ལས་གཞི་གཉེར་མགོ་བརྩམས།
ཟླ9ཚེས20ཉིན། གངས་རི་འབྲོག་རའི་སྨི15ཅན་གྱི་ཧའོ་སྨི་ཕལ་བའི་རླབས་རྒྱལ་མཐོང་ལས་གཞི་དེ་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལེན་ཁ་རུ་དངོས་སུ་བསྐྲུན་མགོ་བརྩམས། དེ་ནི་ཀྲུང་གོ་རང་བདག་གིས་གསར་སྤེལ་བྱས་ཤིང་། རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་ལ་བསླེབས་པའི་ཧའོ་སྨི་ཕལ་བའི་རླབས་ཀྱི་གནམ་དཔྱད་རྒྱང་མཐོང་ཐོག་མ་རེད།
ཁམས་ར་རྒྱལ་ཁབ་ས་གཤིས་སྤྱི་གླིང་དེ་འཛམ་གླིང་གི་ས་གཤིས་སྤྱི་གླིང་དུ་གྱུར་བ།
པེ་ཅིང་དུས་ཚོད་སྟེ་ཟླ4ཚེས11ཉིན་གྱི་ཆུ་ཚོད5ཡི་སྟེང་དུ། མཚོ་སྔོན་ཁམས་ར་འོས་འདེམ་ལ་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་འཛམ་གླིང་ས་གཤིས་སྤྱི་གླིང་གི་མཚན་སྙན་བསྒྲོན་ནས་ཁམས་ར་ས་གཤིས་སྤྱི་གླིང་གི་ས་གཤིས་རྗེས་ཤུལ་ལ་རྒྱལ་སྤྱི་ནས་ངོས་འཛིན་ཐོབ། དེ་ནི་ཁུ་ནུ་རི་བོ་འཛམ་གླིང་ས་གཤིས་སྤྱི་གླིང་གི་རྗེས་སུ་མཚན་སྙན་དེ་ཐོབ་མཁན་འཛམ་གླིང་ས་གཤིས་སྤྱི་གླིང་གཉིས་པ་ཡིན་པ་མ་ཟད། མཚོ་སྔོན་དུ“འཛམ་གླིང་རིམ་པའི”མཚན་སྙན་ཡོད་པའི་རང་བྱུང་སྲུང་སྐྱོབ་བྱ་ཡུལ་བདུན་པའང་རེད།

མཚོ་སྔོན་གྱི་དམངས་ཕན་ཟམ་པ500ཡིས་ཞིང་འབྲོག་མང་ཚོགས་ཁྲི30ལ་ཕན་བདེ་བསྐྲུན།
མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས“ངེད་ཚང་གི་སྒོ་འགྲམ་གྱི་ཟམ་པ་དེ”ཞེས་པའི་ཟམ་པ500བསྐྲུན་པའི་དམངས་ཚིས་ལས་གཞི་ཡོངས་སུ་གྲུབ། ཐེངས་འདིའི་ལས་གཞི་ཡིས་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ8དང་། རྫོང་དང་ཆུས29། སྲིད་འཛིན་གྲོང་ཚོ་བརྒྱ་ཕྲག་ལྷག་དང་ཞིང་འབྲོག་མང་ཚོགས་ཁྲི30ལྷག་ལ་ཕན་བདེ་བསྐྲུན་པ་དང་། དེ་སྔ་ཞིང་འབྲོག་མང་ཚོགས“ཆུར་བརྒལ་ནས་འགྲོ་བ་དང་། ལམ་བསྐོར་ནས་སྐྱོད་པའི”དཀའ་ངལ་ཐག་བཅད་ནས་མཚོ་སྔོན་གྱི་ཞིང་འབྲོག་ས་ཁུལ་གྱི་འགྲིམ་འགྲུལ་ལས“མཇུག་མཐའི་ལེ་དབར་གཅིག”ཤར་གཏོང་བྱས།
《དེང་རབས་རྒྱ་བོད་ཚིག་མཛོད》ཤན་སྦྱར་མའི་དེབ་ཡོངས་སུ་པར་སྐྲུན་འགྲེམས་སྤེལ་བྱས།
ཟླ7ཚེས11ཉིན། 《དེང་རབས་རྒྱ་བོད་ཚིག་མཛོད》རྒྱ་བོད་ཤན་སྦྱར་མའི་དེབ་ཡོངས་སུ་པར་སྐྲུན་འགྲེམས་སྤེལ་བྱས། 《ཚིག་མཛོད》དེའི་སྡུད་སྒྲིག་བྱ་བ་བགྲང་བྱ13ལ་གཉེར་ཞིང་། ཁྱོན་བསྡོམས་རྒྱ་ཡིག་གི་མིང་དང་ཐ་སྙད་ཁྲི7ལྷག་དང་། བོད་ཡིག་གི་མིང་དང་ཐ་སྙད་ཁྲི20ལྷག་བསྡུས། དེབ་ཡོངས་སྟོད་སྨད་བར་གསུམ་དུ་ཕྱེས་ནས་བསྐྲུན་ཡོད་པ་དང་ཁྱོན་བསྡོམས་ཡིག་འབྲུ་ཁྲི1000ལྷག་ཟིན། དེར《དེང་རབས་རྒྱ་ཡིག་ཚིག་མཛོད》པར་ཐེངས་བདུན་པའི་ནང་དོན་ཆ་ཚང་བཀོད་ཡོད། །
མཚོ་སྔོན་གྱི་ལོ་རྒྱུས་སྟེང“ཝན་ཧྭ་(文华)འཁྲབ་སྟོན་བྱ་དགའ”ཐོག་མར་བླངས།
ཟླ11ཚེས4ཉིན་ཀྲུང་གོའི་སྒྱུ་རྩལ་དུས་ཆེན་སྐབས་བཅུ་བཞི་བ་མཇུག་སྒྲིལ་བ་དང་སྐབས་བཅོ་བརྒྱད་པའི་ཝན་ཧྭའི་བྱ་དགའ་གནང་བ་མཛད་སྒོ་ཁྲུང་ཆིང་དུ་བསྡུས། མཚོ་སྔོན་ཞིང་ཆེན་བོད་ཀྱི་ཟློས་གར་ཚོགས་པས(མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་གླུ་གར་ཚོགས་པ)སྒྲིག་འཁྲབ་གནང་བའི་ཨ་མདོའི་བོད་ཀྱི་ཟློས་གར་ཆེ་གྲས《གྱིམ་ཤིང་ཀོང་ཇོ》འཁྲབ་སྟོན་བྱེད་མཁན་པདྨ་སྐྱིད་ལ“ཝན་ཧྭ་(文华)འཁྲབ་སྟོན་བྱ་དགའ”ཐོབ་ཅིང་། དེ་ནི་མཚོ་སྔོན་གྱི་ལོ་རྒྱུས་སྟེང་ཐོབ་པའི“ཝན་ཧྭ་འཁྲབ་སྟོན་གྱི་བྱ་དགའ”ཐོག་མ་རེད།