ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས(རྒྱ་སྐྱེད)ཚོགས་འདུ་འཚོགས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

ཟླ12པའི་ཚེས30ཉིན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས(རྒྱ་སྐྱེད)ཚོགས་འདུ་འཚོགས་ཤིང་། གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་ཨུ་དང་ཞིང་ཆེན་ཏང་ཨུས་མངགས་པའི་ཏང་གི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཞིང་ཆེན་ཐད་གཏོགས་ཀྱི་འབྲེལ་ཡོད་ལས་ཁུངས་ཀྱི་ཏང་ཙུའུ་ཧྲུའུ་ཅིས2025ལོའི་གཞི་རིམ་ཏང་འཛུགས་སྐྱོང་དང་ཏང་སྲོལ་སྤྱོད་གཙང་འཛུགས་སྐྲུན། འདུ་ཤེས་འཛིན་སྟངས་བྱ་བའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱེད་པ།  དེ་མིན་ཁྲིམས་སྐྱོང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་འགན་འཁུར་མི་སྣ་དང་པོའི་འགན་འཁྲིའི་བྱ་བའི་འགན་སྒྲུབ་གནས་ཚུལ་ཡར་ཞུ་བྱས་པར་ཉན་པ་མ་ཟད་དཔྱད་བརྗོད་བྱས་ནས།  ཏང་གིས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་ཆབ་སྲིད་འགན་འཁྲི་དོན་འཁྱོལ་བྱེད་པར་སྣེ་ཁྲིད་དེ། གཞི་རིམ་ཏང་རྩ་འཛུགས་ཀྱི་རྨང་གཞི་སྲ་བརྟན་དུ་བཏང་བ་དང་།  རིམ་པ་སོ་སོའི་ཏང་ཨུའི་ཧྲུའུ་ཅིའི་འགན་འཁྲི་སྒྲུབ་པའི་ནུས་པ་ཆེ་རུ་བཏང་སྟེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་ལ་སྐུལ་འདེད་གཏོང་བར་འགན་སྲུང་བརྟན་པོ་འདོན་སྤྲོད་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས་པ་མ་ཟད་དཔྱད་བརྗོད་གཏམ་བཤད་སྤེལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཚོགས་འདུར་ཞུགས། ཀྲུང་དབྱང་རྩ་འཛུགས་པུའུ་རྩ་འཛུགས་ཅུས་གཉིས་པའི་ཅུས་ཀྲང་གཞོན་པ་ལིང་ཞའོ་ཆང་ཚོགས་འདུར་ཞུགས་ནས་རང་ཞིང་གི་གཞི་རིམ་ཏང་འཛུགས་སྐྱོང་བྱ་བའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱས་ཚུལ་ལ་མཛུབ་ཁྲིད་བྱས་པ་མ་ཟད་དཔྱད་བརྗོད་བྱས།

གྲོས་ཚོགས་སྟེང་། གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་ཨུའི་ཧྲུའུ་ཅིས་རྣམ་གྲངས་རེ་རེ་བཞིན་འགན་སྒྲུབ་གནས་ཚུལ་སྙན་ཞུ་བྱས་པ་དང་།   ཞིང་ཆེན་ཏང་ཨུས་མངགས་པའི་ཏང་གི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དང་། ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་ལས་ཁུངས་ཀྱི་ཏང་ཙུའུ་ཧྲུའུ་ཅིས་ཡིག་ཐོག་སྙན་ཞུ་ཕུལ་བ་དང་ཝུའུ་ཞའོ་ཅུན་གྱིས་རེ་རེ་བཞིན་དཔྱད་བརྗོད་བྱས་ལ། གྲུབ་འབྲས་གླེང་བ་དང་གནད་དོན་ལ་དཔྱད་བརྗོད་བྱེད་པ། རེ་བ་འདོན་པ་བཅས་བྱས་ཏེ། ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས།     “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་།  “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་པ།     སྔར་ལས་ལྷག་པའི་སྒོ་ནས་བཤེར་འདོན་གཏིང་ཟབ་ཏུ་གཏོང་བ་དང་གཅིག་ཤེས་ཀུན་གྲོལ་བྱེད་པ། དཀའ་གནད་ཐག་གཅོད་བྱས་ཏེ།     གཞི་རིམ་ཏང་འཛུགས་སྐྱོང་དང་ཏང་སྲོལ་སྲིད་གཙང་། འདུ་ཤེས་འཛིན་སྟངས། ཁྲིམས་སྐྱོང་འཛུགས་སྐྲུན་སོགས་ཀྱི་བྱ་བ་སྐས་རིམ་གསར་པར་བསྐྱོད་རྒྱུར་སྐུལ་འདེད་ཏན་ཏིག་བཏང་སྟེ།     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་གནང་པའི་བླང་བྱ་གལ་ཆེན་དེ་དུས་རབས་གསར་པ་དང་འཐབ་ལམ་གསར་པའི་སྟེང་གི་འཕེལ་རྒྱས་གསར་པ་དང་གྲུབ་འབྲས་གསར་པར་བསྒྱུར་དགོས་པའི་རེ་བ་བཏོན།

ཝུའུ་ཞའོ་ཅུན་གྱིས་བསྟན་དོན། དེང་སྐབས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་གནད་འགག་གི་དུས་སྐབས་སུ་སླེབས་ཡོད་པ་དང་། སང་ལོ་ནི“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”མགོ་རྩོམ་པའི་ལོ་ཡིན་ལ། ཏང་འཛུགས་སྐྱོང་གི་སྣེ་ཁྲིད་དང་སྐུལ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་ཤུགས་གཏིང་ཟབ་ཏུ་གཏོང་བ་དང་།     རྩ་འཛུགས་མ་ལག་དམ་ཟབ་དང་སྟོབས་ཆེར་གཏོང་བ། གཞི་རིམ་དམ་འཛིན་དང་རྨང་གཞི་འཇོག་པ། ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། ཏང་ཡོན་གྱི་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་ཀྱི་ཐད་འབད་བརྩོན་བྱས་ཏེ། གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་བྱེད་ནུས་དང་རྩ་འཛུགས་ཀྱི་བྱེད་ནུས་དངོས་སུ་ཆེ་རུ་གཏོང་དགོས། དུས་ནམ་ཡང་ལམ་དུ་ཡོད་པའི་བློ་སྤོབས་བརྟན་པོས་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱ་རྒྱུར་རྒྱུན་འཁྱོངས་ངང་སྐུལ་འདེད་གཏོང་བ་དང་། ཏང་ཨུའི་གཙོ་གཞིའི་འགན་འཁྲི་དང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ་གྱི་ཆེད་འགན་སྲ་བརྟན་དུ་གཏོང་བ། ཆབ་སྲིད་ལྟ་སྐུལ་བྱེ་བྲག་ཅན་དང་གནད་འཁེལ་ཅན། རྒྱུན་རྣམ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ།     ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ནུས་ཤུགས་ཡོད་རྒུས་རུལ་སུངས་འབྱུང་བའི་ས་རྒྱུ་དང་ཆ་རྐྱེན་མེད་པར་བཟོ་དགོས། འདུ་ཤེས་འཛིན་སྟངས་བྱ་བའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་མོ་བྱས་ཏེ། ནུས་ཤུགས་ཡོད་རྒུས་འདུ་ཤེས་འཛིན་སྟངས་ཀྱི་གཡུལ་ས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ཉེན་ཁ་འགོག་ཟོན་དང་མངོན་མེད་རྐྱེན་ངན་མཐའ་གཅིག་ཏུ་སེལ་དགོས།  ཁྲིམས་སྐྱོང་འཛུགས་སྐྲུན་གྱི་འགན་འཁྲི་གཟབ་ནན་དུ་བཏང་སྟེ། ཁྲིམས་སྐྱོང་འཛུགས་སྐྲུན་གྱི་ལྟེ་བའི་ལས་འགན་དོན་འཁྱོལ་བྱ་རྒྱུར་གཅིག་གྱུར་འཆར་འགོད་དང་དམ་འཛིན་ནན་མོ་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་ལ་སྐུལ་འདེད་གཏོང་རྒྱུར་འགན་སྲུང་བརྟན་པོ་འདོན་སྤྲོད་བྱ་དགོས།

གྲོས་ཚོགས་སྟེང་། སྙན་ཞུ་ཕུལ་བའི་ཏང་ཨུའི་ཧྲུའུ་ཅིས་ལས་འགན་སྒྲུབ་ཚུལ་ལ་དམངས་གཙོའི་གདེང་འཇོག་དང་དཔྱད་བསྡུར་བྱས།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་བཅས་ཀྱི་ཏང་ཙུའུ་ཁོངས་མི། ཞིང་ཆེན་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཧྲུའུ་ཅི་བཅས་གྲོས་ཚོགས་སུ་ཞུགས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ་དང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་དང་གྲོང་ཁྱེར་དང་ཁུལ་སོ་སོའི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན། “འཐུས་མི་གཉིས་དང་ཨུ་ཡོན་གཅིག”དང་གཞི་རིམ་གྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱི་འཐུས་མི་སྐོར་ཞིག་དང་། མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་གི་སྨྱན་བྱད་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་སོགས་འབྲེལ་ཡོད་གྲོས་ཚོགས་སུ་ཞུགས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།