རང་ཞིང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ཕྱི་ཕྱོགས་སྒྲོག་འགྲེལ་ཚོགས་འདུ་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ12པའི་ཚེས30ཉིན།  ཞིང་ཆེན་ཕྱི་དོན་གཞུང་སྒྲུབ་ཁང་དང་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་གཉིས་ཀྱིས་གཙོ་སྒྲུབ་བྱས་པའི་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་ཕྱི་ཕྱོགས་སྒྲོག་འགྲེལ་ཚོགས་འདུ་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་རུ་བསྡུས།  ཚོགས་འདུའི་སྟེང་ཆེད་དུ་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི།  ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་སྲིད་ཇུས་ཞིབ་འཇུག་ཁང་གི་ཀྲུའུ་རིན་དབྱང་དབྱང་གདན་འདྲེན་བྱས་ཏེ།  མཚོ་སྔོན་དུ་སྡོད་པའི་ཕྱི་རྒྱལ་གྱི་དགེ་རྒན་དང་། མཚོ་སྔོན་དུ་འོང་བའི་ཕྱི་རྒྱལ་གྱི་སློབ་མ།  ད་དུང་ཕྱི་འབྲེལ་ཁེ་ལས་ཀྱི་འཐུས་ཚབ་པ་བཅས་ལ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་གྱི་བརྗོད་སྙིང་གཙོ་བོ་དང་།  ཀྲུང་གོས་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་ལག་ལེན་འཚོལ་ཞིབ་ལ་འགྲེལ་བཤད་གཏིང་ཟབ་བྱས།

སྒྲོག་བཤད་ཚོགས་འདུའི་སྟེང་།  དབྱང་དབྱང་གིས་ཕྱོགས་བཞི་ནས་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་ཀྱི་རང་ཞིང་གི་འཕེལ་རྒྱས་ཐད་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་གཙོ་བོ་དང་འཐབ་ཇུས་ཀྱི་ལས་འགན་གལ་ཆེན། བྱེད་ཐབས་གཙོ་བོ་སོགས་ཀྱི་ནང་དོན་ཞིབ་ཕྲའི་ངང་འགྲེལ་བཤད་བྱས།  ཁོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པས་ཀྲུང་གོའི་མ་འོངས་པའི་ལོ་ལྔའི་འཕེལ་རྒྱས་ལ་རྩེ་རིམ་ཇུས་འགོད་དང་འཐབ་ཇུས་ཀྱི་བཀོད་སྒྲིག་བྱས་པར་མ་ཟད།  ཀྲུང་གོའི་མ་འོངས་པར་འབྲེལ་བ་དམ་ཟབ་ཡོད་ལ།  རི་མཐོ་ས་གཙང་གི་མཚོ་སྔོན་གྱི་ཡུལ་གྲུ་འདིར་འཚོ་བ་རོལ་མཁན་དང་སློབ་སྦྱོང་བྱེད་མཁན།  བྱ་བ་སྒྲུབ་མཁན་བཅས་ཀྱི་རྒྱལ་སྤྱིའི་གྲོགས་པོར་འབྲེལ་བ་དམ་ཟབ་ཡོད།  མ་འོངས་པའི་ཀྲུང་གོ་ནི་ངེས་པར་དུ་སྔར་བས་སྒོ་འབྱེད་ཡིན་པ་དང་སྔར་བས་གསོན་ཤུགས་ཡོད་པ།  སྔར་བས་འགན་འཁྲི་ལྡན་པའི་ཀྲུང་གོ་ཞིག་ཏུ་འགྱུར་ངེས་ཡིན།  ལྷག་བསམ་རྣམ་དག་གིས་འཛམ་གླིང་གི་ཕྱོགས་སོ་སོ་ནས་ཕེབས་པའི་རྒྱལ་སྤྱིའི་གྲོགས་པོ་དག་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རླབས་ཆེན་བྱ་གཞག་ཁྲོད་ཞུགས་པ་དང་།  ཀྲུང་གོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱས་ཏེ།  ཀྲུང་གོའི་མི་དམངས་དང་མཉམ་དུ་གཡང་ས་འདི་རུ་མཛེས་སྡུག་གི་འཚོ་བ་ཞིག་བསྐྲུན་པར་དགའ་བསུ་ཞུ་ཞེས་བསྟན།

སྒྲོག་འགྲེལ་ཚོགས་འདུར་ཞུགས་མཁན་གྱི་ཕྱི་རྒྱལ་གྱི་མི་སྣ་དང་ཕྱི་འབྲེལ་ཁེ་ལས་ཀྱི་འཐུས་ཚབ་པ་དག་གིས་བསྟན་དོན།  སྒྲོག་འགྲེལ་ཚོགས་འདུས་ཁོ་ཚོར་ཀྲུང་གོའི་མ་འོངས་པའི་འཕེལ་རྒྱས་ལ་སྔར་བས་གཏིང་ཟབ་ཀྱི་ངོས་འཛིན་ཐོབ་ཏུ་བཅུག་ལ།  ཀྲུང་གོའི་སྲིད་ཇུས་ཀྱི་ཁ་ཕྱོགས་ལའང་སྔར་བས་རྒྱུས་ལོན་གསལ་བོ་ཐོབ་ཏུ་བཅུག   ཀྲུང་གོས་ཁྱབ་ཁོངས་སོ་སོ་ནས་མངོན་པའི་སྦས་ཤུགས་དང་གོ་སྐབས་ཆེན་པོ་བདེན་དཔང་བྱས་ཡོད་ལ།  ཀྲུང་གོའི་སྒོ་འབྱེད་དཀྱེལ་ཡངས་ཀྱི་རྣམ་པར་རོལ་མྱོང་གཏིང་ཟབ་བྱས།  སྐྱེ་སྟོབས་ཀྱི་དཔལ་འབར་བའི་མཚོ་སྔོན་གྱི་ཡུལ་གྲུ་འདི་རུ་མཉམ་ལས་ལ་ཤུགས་བསྣོན་དང་།  ལམ་བུ་གསར་བར་མཉམ་དུ་བསྐྱོད་དེ་ཐུན་མོང་གིས་གཉིས་ཕན་མཉམ་རྒྱལ་གྱི་ལེའུ་གསར་བ་འབྲི་བའི་རེ་བ་ཡོད་ཟེར།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།