[དུས་རབས་གསར་པ། འགྲུལ་བཞུད་གསར་པ། རླབས་ཆེན་གྱི་བྱ་གཞག་གསར་པ་སྟེ། ]སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བརྟག་དཔྱད་ཞིབ་འཇུག་སྐོར།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། གཡང་སྐྱིད།

མཚོ་སྔོན་གྱིས་ཅིའི་ཕྱིར་གོ་ལ་ཧྲིལ་པོར“ཀྲུང་གོའི་ཉམས་མྱོང”ཞེས་པའི་བྱས་རྗེས་འཇོག་ཐུབ་པ་ཡིན། 

--མགོ་ལོག་རྨ་སྟོད་ཀྱི་ལྗང་མདོག་དབུལ་ཐར་དང་སྐྱེ་ཁམས་དར་རྒྱས་ཀྱི་བློ་འབྱེད་ཟིན་ཐོ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། སྐབས་དྲུག་པའི་གོ་ལ་ཧྲིལ་པོའི་དབུལ་པོ་ཉུང་གཏོང་གི་གྱོད་དཔེ་ཡག་ཤོས་ཀྱི་མིང་ཐོ་ཁྱབ་སྒྲོག་བྱས་རྗེས། ཀྲུང་གོའི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་ནས་ཐོན་པའི་གཏམ་རྒྱུད་ཅིག་གིས་ཆུ་བོ་དང་མཚོ་མོ་ལས་བརྒལ་ཏེ་འཛམ་གླིང་གི་དབུལ་པོ་ཇེ་ཉུང་དུ་གཏོང་བའི་བྱ་གཞག་གི་རིས་ཁྲ་ཐོག་གཙང་གསུམ་མགོ་ཁུངས་ལ་དབང་བའི་གཟི་འོད་འཚེར། 

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་དུ་བྱས་པའི་ཏང་ཀྲུང་དབྱང་གིས་གསར་གཏོད་རང་བཞིན་གྱི་སྒོ་ནས“གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་འབྱེད།  མཉམ་སྤྱོད”བཅས་ཀྱི་ནང་དོན་གཙོ་བྱས་པའི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བཏོན་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པར་བརྟེན་ནས་ཀྲུང་གོ་རྣམ་པའི་དེང་རབས་ཅན་ལ་སྣེ་ཁྲིད་བྱས།

རིན་ཐང་ཆེ་ཤོས་ནི་སྐྱེ་ཁམས་ཡིན་པ་དང་། འགན་འཁྲི་ཆེ་ཤོས་ནི་སྐྱེ་ཁམསཡིན། མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་ཀྱང་སྐྱེ་ཁམས་ཡིན། མཚོ་སྔོན་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་བསམ་བློ་ལག་ལེན་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་མངགས་བཅོལ་གནང་བ་ཡིད་ལ་བརྟན་པོར་འཆང་སྟེ། “སྐྱེ་ཁམས་སྔོན་སྤེལ་དང་ལྗང་མདོག་འཕེལ་རྒྱས”ཀྱི་འདུ་ཤེས་ལག་ལེན་གཏིང་ཟབ་བྱེད་པ་དང་། རང་བྱུང་ལ་བརྩི་འཇོག་དང་། རང་བྱུང་དང་མཐུན་པ། རང་བྱུང་སྲུང་སྐྱོང་བཅས་བྱས་ཏེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་འགོག་སྲུང་སྲ་བརྟན་བསྐྲུན་པའི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་དགོས། མཛེས་པའི་མཚོ་སྔོན་གྱི་སྔོ་ལྗང་གི་རི་ཆུང་ལ“མཛེས་སྡུག”ལྡན་པ་དང་གསེར་རི་དངུལ་རི་ལ“རིན་ཐང”ལྡན་པར་འབད་བརྩོན་བྱ་དགོས།

དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་སྲུང་སྐྱོང་ནི“གདམ་གསེས་རྐྱང་བ”ཞིག་མིན། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ནི་ཕུགས་བསམ་གྱི་རྣམ་པ་ཞིག་མིན་པར་སྤྱོད་ཆོག་པའི་ཐབས་ལམ་ཞིག་ཡིན། སྐྱེ་ཁམས་རིན་ཐང་དང་། དཔལ་འབྱོར་གྱི་རིན་ཐང་། སྤྱི་ཚོགས་ཀྱི་རིན་ཐང་བཅས་གཅིག་གྱུར་བྱེད་པ་ནི་མཐོ་སྒང་ས་ཁུལ་དུ་དེང་རབས་ཅན་མངོན་འགྱུར་བྱེད་པའི་ལམ་བུ་ཉག་ཅིག་ཡིན། སྐྱེ་ཁམས་ཀྱི་མཐོ་སར་ཡོད་པའིམཚོ་སྔོན་གྱིས་ལག་ལེན་ཏན་ཏིག་ལ་བརྟེན་ནས་འཛམ་གླིང་ལ་གནས་ལུགས་འདི་འདྲ་ཞིག་བཤད་པ་སྟེ། ཆེས་ནན་པོ་ཡིན་པའི་སྐྱེ་ཁམས་སྲུང་སྐྱོང་དེ་འཕེལ་རྒྱས་ཀྱི་སྒུལ་ཤུགས་ནུས་ལྡན་ཞིག་ཏུ་འགྱུར་ཐུབ། ཆེས་ཉམས་ཞན་གྱི་སྐྱེ་ཁམས་ཁོར་ཡུག་ལས་ཆེས་བརྟན་པོ་ཡིན་པའི་ལྗང་མདོག་གི་རེ་བ་གསོ་སྐྱོང་བྱེད་ཐུབ།

འོད་ཧྥུ་གློག་འདོན་ས་ཚིགས། 

འབྲོག་པ་རྣམས་ཁ་ཕྱིར་འཁོར་ནས་ཆུ་ལྗང་དང་རི་ལྗང“གསེར་རི”དུ་གྱུར།

རྨ་སྟོད་རྫོང་སྐྱ་རེངས་མཚོ་ཤང་གི་ནམ་ལངས་མ་ཐག་ཏུ།  འབྲོག་པ་བཀྲ་ཤིས་ཀྱིས“གཙང་གསུམ་མགོ་ཁུངས་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་བདག་སྐྱོང་པ”ཞེས་པའི་ཡི་གེ་བྲིས་ཡོད་པའི་སྟོད་གོས་དམར་པོ་ཞིག་གྱོན་ནས་ཉིན་གཅིག་གི་སྐོར་སྲུང་ལས་ཀ་བྱེད་མགོ་བརྩམས། ཁོང་གི་འགན་འཁྲི་ནི་ཕྱུགས་འཚོ་བ་མ་ཡིན་པར་རྩྭ་ཐང་གི་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་དང་། རི་སྐྱེས་སྲོག་ཆགས་ཀྱི་རྗེས་ཤུལ་ཟིན་ཐོ། ལམ་རྒྱུད་ཀྱི་གད་སྙིགས་གཙང་སེལ་བཅས་ཡིན། ཐོབ་ཐང་འགྱུར་ལྡོག་གི་རྒྱབ་ཏུ་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་གསར་བརྗེ་ཟབ་མོ་ཡིན།

2016ལོར་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་ཐོག་མ་སྟེ། གཙང་གསུམ་མགོ་ཁུངས་རྒྱལ་ཁབ་སྤྱི་གླིང་དངོས་སུ་མགོ་བརྩམས། “སྔོན་ཆད་ང་ཚོས་རྩྭ་ཐང་ལ་བརྟེན་ནས་ནོར་ལུག་འཚོ་བ་ཡིན་མོད། ད་ལྟ་ང་ཚོས་རྩྭ་ཐང་ལ་བདག་སྐྱོང་བྱེད་ཀྱི་ཡོད”ཅེས་བཀྲ་ཤིས་ཀྱི་སྐད་ཆ་འདིས་འབྲོག་པ་ཁྲི་སྟོང་མང་པོའི་སྙིང་གཏམ་མཚོན་ཡོད།

ས་གནས་དེའི་གཙང་གསུམ་མགོ་ཁུངས་རྒྱལ་ཁབ་སྤྱི་གླིང་གི་རྨ་ཆུའི་འབྱུང་ཁུངས་གླིང་ཁུལ་གྱི་ལམ་སྲོལ་ལ་བརྟེན་ནས། ཡིག་ཚགས་དང་བྱང་བུ་འཛུགས་པའི་དབུལ་ཕོངས་མི་སྣ་གདན་ཞུ་བྱས་ཏེ“དབུལ་ཕོངས་ཁྱིམ་ཚང་རེ་རེར་ཆ་སྙོམས་ཀྱི་ལས་གནས་གཅིག”བཀོད་སྒྲིག་བྱས། སྐྱེ་ཁམས་སྤྱི་ཕན་དོ་དམ་སྲུང་སྐྱོང་གི་ལས་གནས3129རྫོང་ཡོངས་ལ་ཁྱབ་པ་དང་ལོ་རེའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི2.16འཕར་བ་དང་། “རྩྭ་ཐང་དུ་ཕྱུགས་འཚོ་བ”ནས“སྐྱེ་ཁམས་སྲུང་སྐྱོབ་མཁན”དུ་བསྒྱུར་བའི་ཐོབ་ཐང་མངོན་འགྱུར་ཐུབ་ཡོད།

རྨ་སྟོད་རྫོང་གི་སྐྱ་རེངས་མཚོ་དང་སྔོ་རེངས་མཚོའི་ཉེ་འགྲམ་དུ་རླངས་འཁོར་སྐོར་ནས་བསྐྱོད་སྐབས། སྔོན་ཆད་མི་རྣམས་ཧང་སངས་དགོས་པའི་“ས་ནག་གྲམ་ཐང”སྔོ་ལྗང་གིས་ཡོངས་སུ་ཁེབས་བཞིན་ཡོད། དེ་ལྟ་ན་ཡང་ལྗང་མདོག་ཁེབས་པའི་རྒྱབ་ཏུ་ཀུན་གྱིས་མི་ཤེས་པའི་འདས་དོན་ཅིག་ཡོད།

དུས་རབས20པའི་ལོ་རབས80པའི་དུས་མགོར། རྨ་སྟོད་རྫོང་གི་འབྲོག་པས་གསོ་སྤེལ་གཞི་ཁྱོན་རྒྱུན་ཆད་མེད་པར་རྒྱ་ཆེར་བཏང་བ་བརྒྱུད་མི་རེའི་ཆ་སྙོམས་ཡོང་འབབ་རྐྱང་རྐྱང་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་བསླེབས། དེ་ནི་རང་བྱུང་གིས་གནང་བའི་དངོས་གྲུབ་ཡིན་ལ། ། སྐྱེ་ཁམས་གྱི“ཕྱིར་རྒོལ”ལས་ཐེབས་པའི་གནོད་པ་ཡང་རེད། ཕྱུགས་ཚད་བརྒལ་འཚོས་པས་རྩྭ་ཐང་གི་སྐྱེ་ཁམས་མགྱོགས་པོར་ཉམས་ཞན་དུ་གྱུར།

སྡུག་པོ་ཆགས་རྐྱེན་ལ་བསམ་གཞིགས་གཏོང་བ།   

རྨ་སྟོད་རྫོང་གིས་སྐྱེ་ཁམས་སྲུང་སྐྱོང་དེ་འཕེལ་རྒྱས་འཐབ་ཇུས་མ་ལག་ནང་བཅུག་སྟེེ་ཕྱུགས་རིགས་ཕྱིར་འཐེན་ནས་རྩྭ་ཐང་སླར་གསོ་དང་། འདམ་ས་ཉམས་གསོ། བྱེ་འགྱུར་བཅོས་སྐྱོང་། རྩྭ་ཐང་གསབ་འདེབསལ་སོགས་སྐྱེ་ཁམས་ལས་གཞི་གཅིག་གྱུར་གྱིས་ལག་བསྟར་བྱས། 2018ལོ་ནས་བཟུང་རིམ་རྩིས་བྱས་ན་ས་ནག་གྲམ་ཐང་མུའུ་ཁྲི67(མུའུ1ཕལ་ཆེར་སྤྱི་ཆིང0.0667)བཅོས་སྐྱོང་དང་། ཉམས་ཞན་རྩྭ་ཐང་མུའུ་ཁྲི49.45ལེགས་བཅོས། གཙོ་གནད་ན་འདམ་དང་འདམ་ས་མུའུ་ཁྲི26.79སྲུང་སྐྱོང་བཅས་བྱས་ཏེ་མཐོ་སྒང་གི་ཉམས་ཞན་སྐྱེ་ཁམས་མ་ལག་གི་ནུས་པ་སླར་གསོ་ནུས་ལྡན་བྱས།

དཀའ་སྡུག་གི་མཐའ་མ་བདེ་སྐྱིད་འབྱུང་། 

ལོ་ཤས་རིང་རྨ་སྟོད་རྫོང་གི་རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཀྱི་ཚད56.3%ཟིན་པ་དང་མཚོ་སྐྱ་རེངས་དང་མཚོ་སྔོ་རེངས་ཀྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ190ལྷག་རྒྱ་ཆེར་ཕྱིན་ཡོད། རྨ་ཆུའི་མགོ་ཁུངས་ཀྱི“མཚེའུ་སྟོང་གི་ངོ་མཚར་ཡུལ་ལྗོངས”བསྐྱར་དུ་མངོན་པ་དང་སྐྱེ་ཁམས་འགོག་སྲུང་ནུས་པ་སྔར་བས་སྲ་བརྟན་དུ་ཕྱིན།

སྐྱེ་ཁམས་ཇེ་ལེགས་སུ་ཕྱིན་པ་ལས་ཕན་འབྲས་མཐོང་ཐུབ། ཝ་དམར་དང་། གསའ། རྐྱང་ལ་སོགས་རི་སྐྱེས་སྲོག་ཆགས་ཀྱི་ཁྱུ་ཚོགས་མངོན་གསལ་དོད་པོས་སླར་གསོ་བྱུང་བ་དང་། སྐྱེ་དངོས་སྣ་མང་རང་བཞིན་མངོན་གསལ་དོད་པོས་ཇེ་མཐོར་ཕྱིན། ལྷག་པར་དུ་དགའ་འོས་པ་ཞིག་ནི“སྔོ་ཞིང་དྭངས་པའི་རི་ཆུ”དེ་དངོས་གནས“གསེར་རི་དངུལ་རི”དུ་གྱུར་ཡོད་པ་དེ་རེད།

ས་གནས་དེས་འབྲོག་ལས་ཐོན་ཁུངས་ཀྱི་དགེ་མཚན་ལ་གཞི་ཚུགས་ཏེ། སྐྱེ་ཁམས་སྲུང་སྐྱོང་དང་ཚན་རིག་དང་མཐུན་པའི་སྒོ་ནས་འཕེལ་རྒྱས་གཏོང་བའི་སྤྱིའི་བླང་བྱ་ལྟར་དུ“རྨ་སྟོད་བོད་ལུགས”ཞེས་པའི་གཙོ་ཁྲིད་ཐོན་ལས་གཙོ་བོར་བཟུང་སྟེ། ནོར་ནག་གསོ་སྤེལ་དང་། གཟན་རྩྭ་འདེབས་འཛུགས། ཞིང་ཕྱུགས་ཐོན་རྫས་ལས་སྣོན་ཕྱིར་འཚོང་བཅས་ཞོར་འདེགས་ཀྱི་འཕེལ་སྟངས་ཐོག་མར་ཆགས་ནས་ སྐྱེ་ཁམས་འབྲོག་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་དང་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ཕྱུག་འགྱུར་ལ་སྐུལ་ཁྲིད་བྱེད་ཀྱི་ཡོད།

“རྨ་སྟོད་བོད་ལུག”ལ་ཞིང་ལས་ཐོན་རྫས་ཀྱི་ས་ཁམས་མཚོན་རྟགས་ཐོབ་པ་དང་ཧྲང་ཧའེ་ཡི་ཁ་གཏད་རོགས་རམ་གྱི“རྫོང་བརྒྱ་དང་ཐོན་རྫས་བརྒྱ”ཡི་མིང་ཐོའི་ནང་ཚུད། བོད་ལུག་དང་ནོར་ནག་ལ་རྒྱལ་ཁབ་ཀྱི་སྐྱེ་ལྡན་བརྗེ་སྤོ་ཡི་བདེན་དཔང་བྱས་པ་བརྒྱུད་“གནམ་རྨ་སྟོད”ཅེས་པའི་ས་ཁོངས་ཀྱི་སྤྱི་སྤྱོད་ཟོང་རྟགས་དངོས་སུ་ཁྱབ་སྒྲོག་བྱས་པ་དང་ཟོང་རྟགས་འཛུགས་སྐྲུན་གྱི་གྲུབ་འབྲས་རབ་དང་རིམ་པས་ཞིང་ཕྱུགས་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་མངོན་གསལ་དོད་པོས་ཇེ་ཆེར་ཕྱིན་ནས་མུ་མཐུད་དུ་འབབ་འཕར་ལ་སྒུལ་ཤུགས་ཆེན་པོ་བསྣན།

སྐྱེ་ཁམས་ཕྱུགས་ལས་དེ་ས་གནས་དེའི་ལྗང་མདོག་འཕེལ་རྒྱས་ཀྱི“གསེར་གྱི་ལྡེ་མིག”དུ་གྱུར།

“སྐྱེ་ཁམས་སྲུང་སྐྱོང་ནི་ཁུར་པོ་མིན་པར་འཕེལ་རྒྱས་ཀྱི་མ་རྩ་ཆེ་ཤོས་ཡིན། ད་ལོར་ལྦ་གཞུང་སྡེ་བའི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གི་ཁེ་བཟང་སྒོར་ཁྲི37.5དང་། ཐང་དཀར་མ་གྲོང་ཚོའི་ཞིབ་ཚགས་ཅན་གྱི་གསོ་སྤེལ་རྣམ་གྲངས་ལ་ཕྱོགས་བསྡུས་ཁེ་སྤོགས་སྒོར་ཁྲི42.3མངོན་འགྱུར་བྱུང་། སྤེན་མའི་ན་གྲོང་ཚོའི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་ལ་ཁེ་བཟང་སྒོར་ཁྲི20ཙམ་བགོས། གྲོང་ཚོ་རིམ་པའི་ཐུན་མོང་དཔལ་འབྱོར་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང་མང་ཚོགས་ཀྱི་སྐྱིད་སྣང་མངོན་གསལ་དོད་པོས་ཇེ་མཐོར་ཕྱིན་ཡོད”ཅེས་རྨ་ཆུ་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་དབྱང་དབྱི་ཧུང་གིས་དེ་ལྟར་བཤད།

རྨ་སྟོད་རྫོང་གི་གསར་གཏོད་ལག་ལེན་ལས་། ཆེས་གཟབ་ནན་གྱི་སྐྱེ་ཁམས་སྲུང་སྐྱོང་ལམ་ལུགས་དེ་ཆེས་ཡོངས་ཁྱབ་ཀྱི་དམངས་ཚིས་བདེ་སྐྱིད་དུ་བསྒྱུར་ཡོད་པས། སྐྱེ་ཁམས་མ་ལག་སྲུང་སྐྱོབ་བྱེད་མཁན་ནི་སྐྱེ་ཁམས་ཀྱི་ཁེ་སྤོགས་མཉམ་སྤྱོད་བྱེད་མཁན་དུ་འགྱུར་ཆོག་ཆོག་ཡིན་པ་ར་སྤྲོད་བྱས་ཡོད། 

རྨ་ཆུ་ཡུལ་ཚོའི་ལྦ་གཞུང་སྡེ་བའི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གི་ཁེ་སྤོགས་བགོ་བཤའ་རྒྱག་པའི་ཚོགས་ཆེན་སྟེང་། ཚང་མས་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ལས་བྱུང་བའི་བདེ་སྐྱིད་ཀྱི་ལོངས་སྤྱོད་ལ་ཐུན་མོང་ཐོག་བདེན་དཔང་བྱས། 

འོད་ཧྥུ་ལས་དམངས་ལ་ཡོང་འབབ་འཕེལ་ཞིང་། སྐྱེ་ཁམས་དམངས་ཕན་ལ“དངུལ་ཁང”ཡོད་པར་གྱུར།

རྨ་ཕྲ་ལི་གྲོང་རྡལ་རྨ་ལ་བཞི་སྡེ་བ་རུ་འོད་ཧྥུ་པང་ལེབ་གྲལ་སྒྲིག་ཅིང་ཉི་འོད་ཀྱི་འོག་ཏུ་ཆུ་ངོས་འོད་འཚེར་བའིརྒྱ་མཚོ་ཆེན་པོ་ཞིག་དང་འདྲ་བའི་ འོད་ཤུགས་པང་ལེབ་ཀྱིས་ཉི་ནུས་གློག་ཤུགས་གཙང་མར་བསྒྱུར་བ་མ་ཟད། ས་གནས་དེའི་མང་ཚོགས་ཀྱི་ཡོང་འབབ་འཕར་བའི“ཉི་འོད་དངུལ་བྱང”དུ་གྱུར་ཡོད།

“སྔོན་ཆད་ས་ཆ་འདིར་རྩྭ་ཕལ་ཆེར་མི་སྐྱེས་མོད། རླུང་ཆེན་གཡུག་མ་ཐག་བྱེ་རྡུལ་གྱིས་ཁེངས། ད་ལྟ་འོད་ཧྥུ་པང་ལེབ་སྒྲིག་སྦྱོར་བྱས་ན་ས་ངོས་ཀྱི་རྩྭ་སྐྱེ་བ་ཧ་ཅང་ཡག་པོ་ཡོད། ཡོང་འབབ་ཇེ་མང་དུ་སོང་བ་དང་། བྱེ་རླུང་ཇེ་ཉུང་དུ་སོང་བས་དངོས་གནས་དོན་བཟང་ཞིག་རེད། ” རྨ་ཕྲ་ལི་གྲོང་རྡལ་གྱི་མགོ་གཙོ་ལྕགས་ཐར་འབུམ་གྱིས་འོད་ཧྥུ་གློག་ཁང་ལ་བསྟན་ནས་འཛུམ་པའི་ངང་ནས་བཤད།

ལྕགས་ཐར་འབུམ་གྱིས་བཤད་པ་དེ་ནི་རྨ་སྟོད་རྫོང་གིས“འོད་ཧྥུ་དང་ཐུན་མོང་དཔལ་འབྱོར། སྐྱེ་ཁམས་སྲུང་སྐྱོང་བཅས་ཀྱི་མཉམ་འདྲེས་ཐབས་ལམ་ཐོག་བཏོད་པའི་སྔོན་དཔེ་ཞིག་རེད། ཀྲུང་གོའི་ས་བབ་མཐོ་ཤོས་ཀྱི་འོད་ཧྥུ་དབུལ་སྐྱོར་རྣམ་གྲངས་འདིས་ལོ་ལྟར་གློག་ཧྥུ་ཆུ་ཚོད་རེར་སྟོང་ཝ་ཁྲི6700ཙམ་འདོན་པ་དང་། དེས་ལོ་རེར་སྒོར་ཁྲི500ཡི་ཁེ་བཟང་རག་ཐུབ་ཀྱི་ཡོད།

ཉི་མར་ལྡེ་ནས་སྒོར་མོ་བཙལ་ཐུབ་པས། ཕུགས་འདུན་་དོན་དངོས་སུ་གྱུར། དེ་བས་གལ་ཆེ་བ་ཞིག་ནི་འོད་ཤུགས་གློག་ཁང་འཛུགས་སྐྲུན་བྱས་པ་དེས་མ་གཞི་ནས་སྐྱེ་ཁམས་སྲུང་སྐྱོང་ལ་མཐོང་ཆེན་བྱས་པ་ཡིན་པསདང་། “པང་ལེབ་ཐོག་གློག་འདོན་པ་དང་པང་ལེབ་འོག་སླར་གསོ”ཡི་སྐྱེ་ཁམས་ཕན་འབྲས་མངོན་འགྱུར་བྱུང་།

རྣམ་གྲངས་གཏན་འཇགས་ཡིན་ལ་ཁེ་བཟང་ཡུན་རིང་ཐོབ་ཐུབ་པའི་རྒྱུ་གཙོ་བོ་ནི་སྣ་མང་བྱེད་པོ་ནང་ཞུགས་ཀྱི་འཁོར་སྐྱོད་མ་ལག་རེད། རྒྱལ་ཁབ་ཀྱིས་མ་དངུལ་བཏང་ནས་གློག་དྲ་འཛུགས་སྐྲུན་དང་། ས་གནས་སྲིད་གཞུང་གིས་གཅིག་གྱུར་འཆར་འགོདབཟོ་བ། གྲོང་ཚོ་རིམ་པའི་མཉམ་ལས་ཁང་གིས་གཉེར་སྐྱོང་གི་འགན་འཁུར་བ། མང་ཚོགས་ཀྱིས་ཁེ་ཕན་མཉམ་སྤྱོད་བཅས་སྲིད་གཞུང་དང་། ཁེ་ལས། ཐུན་མོང་། མི་སྒེར་བཅས་ཐུན་མོང་ཞུགས་པའི་ཁེ་ཕན་མཉམ་སྤྱོད་ཀྱི་ཐུན་མོང་སྒྲིག་གཞི་ཆགས།

འགྱུར་ལྡོག་དེ་ནི་ནི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་སྒྱུར་ལ་རག་ལས། རྨ་སྟོད་རྫོང་གིས་འོད་ཧྥུ་ཐོན་ལས་དང་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་མཉམ་འདྲེས་གཏིང་ཟབ་བྱས་ཏེ། འོད་ཧྥུ་ཡོང་འབབ་དག་གྲོང་མིའི་ཁེ་སྤོགས་ལ་སྤྱོད་པ་མ་ཟད། ད་དུང་སྐྱེ་ཁམས་ཁ་གསབ་དང་། སྤྱི་པའི་ཞབས་ཞུ། གྲོང་ཚོ་རིམ་པའི་ཐོན་ལས་ལ་ཡང་བསྐྱར་མ་དངུལ་གཏོང་བ་བཅས་བྱས་ཏེ། “ལྗང་མདོག་གློག་ཧྥུ་ཡིས་ལྗང་མདོག་ཐོན་ལས་ལ་འདེགས་སྐྱོར་དང་། ལྗང་མདོག་ཐོན་ལས་ཀྱིས་སྐྱེ་ཁམས་སྲུང་སྐྱོང་ལ་ལྡོག་འདྲེན་བྱེད་པའི”གདུབ་གཟུགས་ཆ་ཚང་ཞིག་གྲུབ།

ནུས་ཁུངས་ནི་བཟོ་ལས་ཀྱི་རྒྱགས་ཕྱེ་དང་རྒྱལ་དམངས་དཔལ་འབྱོར་གྱི་སྲོག་རྩ་ལྟ་བུ་ཡིན། རྨ་སྟོད་རྫོང་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁྱོན་ཡོངས་སུ་འདྲེས་ནས་མ་ལག་གི་འདུ་ཤེས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་བའི་ཕྱོགས་ཁག་དང་བརྒྱུད་རིམ་ཧྲིལ་པོར་དར་ཁྱབ་བཏང་བ་དང་། རང་རྒྱལ་གྱི་ས་བབ་མཐོ་བའི་ས་ཁུལ་གྱི་དྲོད་གཏོང་གཙང་མ་འདོན་པའི་དཔེ་སྟོན་རྫོང་ཐོག་མ་ཞིག་ཏུ་གྱུར་ཡོད། རྣམ་པ་དེ་རིགས་ལ་ས་གནས་དེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་གཟི་བརྗིད་གྱིས“ལྗང་མདོག་དངུལ་ཁང་”ཞེས་འབོད་པས། འཛམ་གླིང་གི་ནུས་ཁུངས་ལྗང་མདོག་ཕྱོགས་སྒྱུར་ཁྲོད་ཀྱི་རང་རྒྱལ་གྱི་ཤུགས་རྐྱེན་དང་སྨྲ་བརྗོད་དབང་ཆ་ཕྱོགས་ཡོངས་ནས་ཇེ་མཐོར་ཕྱིན་ཡོད།

རྨ་སྟོད་རྫོང་ཏང་ཨུའི་ཧྲུའུ་ཅི་གཞོན་པ་རྫོང་དཔོན་རིན་ཆེན་འཚོས་འདི་སྐད།  འོད་ཧྥུ་གློག་འདོན་དེ་སྲོལ་རྒྱུན་ཐོན་ལས་ལྟར་ཐོན་ཁུངས་ཆུད་ཟོས་དང་ཕྱིརམི་བགྲུངས་པས། གྲང་ངར་ཆེ་བའི་ས་མཐོའི་སྐྱེ་ཁམས་ཉམས་ཞན་ཁུལ་གྱི་ཐོན་ལས་འཕེལ་རྒྱས་དཀའ་བའི་འགག་གནད་ཐག་གཅོད་བྱས། དེ་ནི་ནུས་ཁུངས་ལས་གཞི་ཡིན་པ་མ་ཟད། དམངས་ཚིས་ལས་གཞི་དང་སྐྱེ་ཁམས་ལས་གཞི་ཡང་ཡིན་པས།སྲོལ་རྒྱུན་ཐོན་ཁུངས་གསར་སྤེལ་ལ་མི་བརྟེན་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ཚད་མཐོའི་མཐུན་སྦྱོར་བྱེད་པའི་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུ་ཞིག་མཁོ་འདོན་བྱས་ཡོད།

མཛོ་རྒན་རྭ་བར་ཡུལ་ཚོའི་མདུང་རྩེ་སྡེ་བའི་རིག་གནས་གསར་གཏོད་ཐོན་རྫས་ཞིབ་འཇུག་གསར་སྤེལ་རྟེན་གཞི་རུ། འབྲོག་པ་རྣམས་ཀྱིས་འར་ཆ་བསྐྱར་ཏེ་ལག་ཤེས་འཁེལ་འཐག་ཐོན་རྫས་ལས་སྣོན་བྱེད་བཞིན་ཡོད། 

ནང་སྐྱེས་སྒུལ་ཤུགས་ཀྱིས་འཕེལ་རྒྱས་ཀྱི“སྒུལ་ཤུགས”སྟོབས་ཆེའི་སྐུལ་སློང་བྱེད་པ།

མཛོ་རྒན་རྭ་བར་ཡུལ་ཚོའི་གནས་སྤོ་གནས་སུ་ལོ་ན་དྲུག་ཅུ་ལས་བརྒལ་བའི་འབྲོག་པ་སྒྲོལ་མ་འཚོའི་སྔོན་ཆད་ཀྱི་ས་ཁང་དམའ་མོ་དང་ཁ་བྲལ་ནས་རྒྱ་ཆེ་ཞིང་དྭངས་གསལ་གྱི་བོད་ལུགས་ཀྱི་སྡོད་ཁང་གསར་པར་གནས་སྤོ་བྱས།

རང་འབབ་ཆུ་དང་གློག་གི་དྲོད་ཆས་སྤྱོད་ཐུབ་ཀྱི་ཡོད་པ་མ་ཟད། སྐར་མ་ཁ་ཤས་ཙམ་དུ་སོང་ན་འཕྲོད་བསྟེན་ཁང་དུ་སླེབས་ཐུབ་ཀྱི་ཡོད་ལ། ཚ་བོ་ཡང་གམ་གྱི་བུ་བཅོལ་ཁང་དུ་འགྲོ་བཞིན་ཡོད…འཚོ་བ་གསར་པའི་འགྱུར་ལྡོག་ཞིབ་ཕྲ་རྩིས་སྐབས་སྒྲོལ་མ་འཚོའི་མིག་ལ་མཆུ་ཞགས་འཁོར།

རྨ་སྟོད་རྫོང་ནི་ཆ་སྙོམས་མཚོ་འཕགས་སྨི4000ཡན་ན་ཡོད་པ་དང་། དེ་ནི་རྨ་ཆུའི་མགོ་ཁུངས་ཀྱི་རྫོང་དང་པོ་ཡིན། འདིར་གྲང་ངར་ཆེ་བ་དང་དབྱང་དབུགས་ཉུང་པ་དང་། འགྲིམ་འགྲུལ་སྟབས་བདེ་མིན་པ། ཐོན་ཁུངས་དཀོན་པ་བཅས་ས་ཆུ་དེ་ལ་བརྟེན་ནས་འཚོ་དཀའ་བར་གྱུར། ས་བབ་མཐོ་བའི་འབྲོག་པ་རྣམས་ལ“འགྲོ་སྐྱོད་དཀའ་བ་དང་། འཐུང་ཆུ་དཀའ་བ། སྡོད་ཁང་དཀའ་བ་བཅས་ཀྱི་གནད་དོན་རྩ་བའི་ཐོག་ནས་ཐག་གཅོད་བྱ་ཆེད། ས་གནས་དེའི་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར3.79བཏང་སྟེ་མ་ཁྲ་ལི་གྲོང་རྡལ་དང་ཧྭ་ཧྲི་ཞ་གྲོང་རྡལ་དུ་གནས་སྤོ་བཀོད་སྒྲིག་ཁང་པ1541བསྐྲུན་ནས་འབྲོག་པ4473བཀོད་སྒྲིག་བྱས། བགྲོད་ལམ་དང་། ཆུ་འདོན། གློག་འདོན། འཕྲིན་གཏོང་སོགས་རྨང་གཞིའི་སྒྲིག་བཀོད་དང་དེ་བཞིན་བུ་བཅོལ་ཁང་དང་། འཕྲོད་བསྟེན་ཁང་། རིག་གནས་བྱེད་སྒོའི་ཐང་ཆེན་སོགས་སྤྱི་གཞུང་ཞབས་ཞུའི་སྒྲིག་བཀོད་བྱས་པ་དང་ཆབས་ཅིག ལེ་ལག་ཆ་ཚང་ུ་བསྐྲུན་ནས“སྤོ་ཐུབ་པ་དང་བརྟན་སྡོད་ཐུབ་པའི”དམའ་རིམ་དམིགས་འབེན་མངོན་འགྱུར་བྱུང་ཡོད།

གནས་སྤོ་ནི་སྡོད་གནས་ལ་འགྱུར་ལྡོག་བཏང་བ་ཙམ་མ་ཟད། འཚོ་བ་སྐྱེལ་སྟངས་གསར་པར་སྒྱུར་པ་ཡང་ཡིན།

ས་གནས་དེའི་སྲིད་གཞུང་གིས་གནས་སྤོ་ནི་བྱེད་ཐབས་དང་། འཕེལ་རྒྱས་་ནི་མཐར་ཐུག་གི་དམིགས་ཡུལ། འཚོ་གནས་ཀྱི་ཆ་རྐྱེན་ཇེ་ལེགས་སུ་གཏོང་བའི་རྨང་གཞི་བཅས་ཡིན་པས། འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུ་ནི་འགག་གནད་ཡིན། དེར་བརྟེན་རིག་གནས་ཐོན་ལས་ཀྱི་ལེགས་ཆར་གཞི་ཚུགས་ནས“སྣེ་ཁྲིད་ཁེ་ལས་དང་མཉམ་ལས་ཁང་དང་གནས་སྤོ་ཁྱིམ་ཚང་གི”ཁེ་ཕན་འབྲེལ་མཐུད་ལམ་སྲོལ་ཁྱབ་གདལ་བཏང་སྟེ། གནས་སྤོ་མང་ཚོགས་རིག་གནས་གསར་གཏོད་ཐོན་རྫས་ཞིབ་འཇུག་གསར་སྤེལ་ནང་གཏིང་ཟབ་ཞུགས་པར་ཁྲིད་སྟོན་བྱས་པ་དང་།རིག་གནས་ཀྱི་ནུས་པ་སྤྲད་པར་བརྟེན་ནས་གྲོང་གསེབ་དར་རྒྱས་ཀྱི་རྣམ་པ་གསར་པ་འབྲི་དགོས།

མདུང་རྩེ་སྡེ་བའི་རིག་གནས་གསར་གཏོད་ཐོན་རྫས་ཞིབ་འཇུག་གསར་སྤེལ་རྟེན་གཞིར་བསྐྱོད་སྐབས། བལ་འཐག་གི་སྐེ་དཀྲིས་དང་གླང་ཀོའི་རྒྱབ་ཁུག་སོགས་རིག་གནས་གསར་གཏོད་ཐོན་རྫས་30ལྷག་ཙམགང་སར་ཁྱབ་ཡོད། མདུང་རྩེ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཚེ་རིང་དོན་འགྲུབ་ཀྱིས་གཟའ་འཁོར་དེ་རིང་རྟེན་གཞིས་ཉེ་འཁོར་འབྲོག་པས་ཐོན་སྐྱེད་བྱས་པའི་ལུག་བལ་དང་། ལུག་ཀོ ནོར་ཁུལ། གཡག་ཀོ་བཅས་ཉོ་སྒྲུབ་བྱས་ནས་མི་རིགས་ཀྱི་བཀྲ་ཤིས་རི་མོ་དང་འདྲེས་པའི་ཐོན་རྫས་སྣ་ཚོགས་ལས་སྣོན་བྱས་ནས་ཡོ་རོབ་གླིང་གི་ས་གནས་ཁག་ཏུ་ཕྱིར་ཚོང་བྱས་ཡོད་ཟེར།

དེང་རབས་ཀྱི་ཁྲོམ་རར་སྲོལ་རྒྱུན་རིག་གནས་གསོན་ཤུགས་རྒྱས་པ། རྨ་སྟོད་རྫོང་གིས་རྡོ་བརྐོས་དང་། བོད་ཀྱི་གྱོན་ཆས། ཐང་ག། རུས་བརྐོས་བཟོ་རྩལ་ལ་སོགས་གཟུགས་འདས་རིག་གནས་ཤུལ་བཞག་སྔོག་འདོན་བྱས་ཏེ་རིག་གནས་གསར་གཏོད་ཀྱི་ཐོན་རྫས་སྣ་ཚོགས་གསར་སྤེལ་བྱས། གློག་རྡུལ་ཚོང་ལས་དང་རིག་གནས་ཡུལ་སྐོར་ངོ་སྤྲོད་ཚོགས་འདུ་སོགས་ལས་སྟེགས་བརྒྱུད་ནས་མཐོ་སྒང་གི་རིག་གནས་ཐེག་པའི་ཐོན་རྫས་རྒྱལ་ཡོངས་དང་ཐ་ན་འཛམ་གླིང་ལ་ཁྱབ་གདལ་བཏང་།

ས་གནས་དེའི་ཤར་ནུབ་མཉམ་ལས་ཀྱི་གོ་སྐབས་ཀྱི་འགག་རྩའི་སྐར་ཁུང་ལ་བརྟེན་ནས་ཅང་སུའུ་ཞིང་ཆེན་དབྱང་ཀྲོའུ་གྲོང་ཁྱེར་པའོ་དབྱིན་རྫོང་བར་ལ་ས་ཁོངས་འཕེལ་རྒྱས་ཀྱི་མཉམ་ལས་གཏིང་ཟབ་སྤེལ་བ་དང་། ཐོན་ལས་དང་། ཤེས་ལྡན་པ།  རིག་གནས་སོགས་ཁྱབ་ཁོངས་མང་པོ་ནས་མཉམ་ལས་བྱས་ཏེ་ཁྱད་ཆོས་ལྡན་པའི་རིག་གནས་གསར་གཏོད་ཐོན་རྫས་ཀྱི་ཁྲོམ་རའི་ཁས་ལེན་ཚད་དང་ཟུར་སྣོན་རིན་ཐང་སྔར་བས་ཆེ་རུ་བཏང་བ་དང་། ཕྱོགས་མང་མཉམ་འགུལ་དང་དར་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་བཏང་ནས་མཉམ་སྡེབ་སྟོབས་ཤུགས་ཆེན་པོ་ཏན་ཏིག་གཅིག་སྒྲིལ་བྱས།

གཞན་དབང་གིས་རོགས་སྐྱོར་དང་ལེན་བྱེད་པ་ནས་རང་འགུལ་ངང་གསར་གཏོད་དང་འགྱུར་ལྡོག་ལ་བརྩོན་ལེན་བྱེད་པའི་བར་རྨ་སྟོད་ཀྱི་དབུལ་ཕོངས་ཇེ་ཉུང་དུ་གཏོང་བའི་ལག་ལེན་གྱི་འཕོ་འགྱུར་གཏིང་ཟབ་ཤོས་ནི་ནང་སྐྱེས་སྒུལ་ཤུགས་ལ་སྐུལ་སྤེལ་བྱས་པ་དེ་རེད། 

རྨ་སྟོད་རྫོང་ཏང་ཨུའི་ཧྲུའུ་ཅི་ཀུའོ་ཧྥུང་ཧུའེ་གྱིས“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”རིང་ས་གནས་དེའི་ཐབས་ཇུས་གནད་ལ་འཁེལ་བའི་ཐོག་ནས་འཕེལ་རྒྱས་ཀྱི་དཀའ་གནད་ཐག་གཅོད་བྱས་ཡོད། “་ཡར་རྒྱས་རང་ཉིད་ལ་ཡོང་དགོས་པ”ནས“རང་ཉིད་ལ་ཡར་རྒྱས་ཡོང་དགོས”པའི་འདུ་ཤེས་འགྱུར་ལྡོག་གིས་འཕེལ་རྒྱས་ཀྱི་འགྱུར་ལྡོག་ལ་སྣེ་ཁྲིད་བྱེད་ཀྱི་ཡོད། སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་དེ་དེང་རབས་ཀྱི་རིན་ཐང་སྔོག་འདོན་ཁྲོད་གསོན་ཤུགས་གསར་པ་འཕེལ། ཐོན་ལས་དེ་དག་གིས་ལས་ཞུགས་དང་ཡོང་འབབ་འཕར་སྣོན་ལ་སྐུལ་ཁྲིད་བྱས་པ་མ་ཟད། མི་རིགས་ཀྱི་རིག་གནས་ལ་སྔར་ལས་སྲུང་སྐྱོང་དང་རྒྱུན་འཛིན་བྱས་ཏེ། ནང་སྐྱེས་སྒུལ་ཤུགས་དང་རིག་གནས་ཀྱི་ཡིད་ཆེས་ཆེ་རུ་བཏང་སྟེ། “འཕེལ་རྒྱས་དང་ཕྱུག་འགྱུར”མགྱོགས་པོར་འཕར་སྣོན་མངོན་འགྱུར་བྱུང་།

ཁྲ་ལ་རི་བོའི་ཁུག་ཁུལ་དུ་གནས་པའི་རྨ་སྟོད་རྫོང་དུ་གངས་གསོ་རླུང་དཀོན་པས། མིའི་རིགས་འཚོ་གནས་དང་མི་འཚམ་པའི་གྲང་ངར་ཆེ་བའི་ས་ཆ་ཞིག་ཡིན་མོད། འོན་ཀྱང་སྐྱེ་ཁམས་ཉམས་ཞན་ཡིན་པའི་མཐོ་སྒང་སྟེང་དུ་སྐྱེ་ཁམས་སྲུང་སྐྱོང་དང་། དམངས་ཚིས་ལེགས་སྒྱུར། ས་ཁོངས་འཕེལ་རྒྱས་བཅས་ཀྱི་ཁེ་བཟང་མང་བའི་ཇུས་གཞི་འཚོལ་ཞིབ་བྱས། དེ་ནི་ཀྲུང་གོའི་ཐག་རིང་ས་ཁུལ་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་ཞིག་ཡིན་པ་མ་ཟད། འཛམ་གླིང་ཐོག་སྐྱེ་ཁམས་ཞན་འགྱུར་དང་དབུལ་ཕོངས་ཀྱི་འགྲན་སློང་ཉིས་བརྩེགས་འཕྲད་པའི་ས་ཁུལ་མང་པོ་ཞིག་ལ་དཔྱད་གཞིར་འཛིན་ཆོག་པའི་མཚོ་སྔོན་གྱི་མ་དཔེ་མཁོ་འདོན་བྱས་ཡོད། དེ་ནི་དུས་རབས་ཀྱིས་ཀྲུང་གོར་སྤྲད་པའི་རྒྱུགས་ལན་་ཡིན་ལ་ཀྲུང་གོས་འཛམ་གླིང་ལ་སྤྲད་པའི་རྒྱུགས་ལན་ཡང་རེད།

རྨ་སྟོད་རྫོང་གྲོང་གི་ཁུལ་གཉིས་པའི་དྲོད་འདོམ་གཙང་མ་རྣམ་གྲངས་ཀྱིས་ལོ་ལྟར་ཚད་ལྡན་རྡོ་སོལ་ཏུན3180ཚབ་བྱེད་ཐུབ་པས་གཙང་གསུམ་མགོ་ཁུངས་ལྗང་མདོག་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བར་དོན་སྙིང་གལ་ཆེན་ལྡན།

རྨ་སྟོད་རྫོང་གིས་ནང་སྐྱེས་སྒུལ་ཤུགས་ལ་སྐུལ་སྤེལ་བྱས་ནས་ལག་ཤེས་ཐོན་ལས་དེ“སྲོལ་རྒྱུན་གྱི་བཟོ་ཁང”ནས“དེང་རབས་ཐོན་ལས”སུ་མཆོང་སྐྱོད་བྱེད་པར་སྐུལ་འདེད་བཏང་།

[ཟིན་བྲིས]སྲུང་སྐྱོང་དང་འཕེལ་རྒྱས་ནི“ཁབ་རྩེ་ཁ་སྤྲོད་བྱས་པ”མ་ཡིན།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“དཔལ་འབྱོར་འཕེལ་རྒྱས་ཀྱིས་སྐྱེ་ཁམས་ལ་གཏོར་བཤིག་གཏོང་རྒྱུ་དེ་རིན་དོད་དུ་འཛིན་མི་རུང་སྟེ། སྐྱེ་ཁམས་ནི་མ་གཞི་དཔལ་འབྱོར་ཡིན་པ་དང་། སྐྱེ་ཁམས་སྲུང་སྐྱོང་ནི་ཐོན་སྐྱེད་ཀྱི་ནུས་ཤུགས་འཕེལ་རྒྱསཡིན”ཞེས་པའི་རྒྱས་བཤད་གལ་ཆེན་འདིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་རྩོད་སྒྲུབ་འབྲེལ་བ་གསལ་སྟོན་གཏིང་ཟབ་བྱས།

ད་ལྟའི་མཚོ་སྔོན་གྱིས་རྒྱལ་ཡོངས་ཀྱི་དཔལ་འབྱོར་སྤྱི་འབོར་ནང་བཟུང་བའི་བསྡུར་ཚད་ཧ་ཅང་ཆུང་མོད། འོན་ཀྱང་གནམ་གཤིས་འགྱུར་ལྡོག་དང་སྐྱེ་ཁམས་ཞན་འགྱུར་སོགས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ཉིན་བཞིན་ཛ་དྲག་ཏུ་འགྲོ་བའི་དེང་གི་དུས་འདིར། མཚོ་སྔོན་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ“མཐའ་ཐིག་གསལ་འབེབས། ”“མཐའ་མཚམས་གསལ་དབྱེ། ”“རི་ཆུ་ལེགས་སྒྱུར་”བཅས་བྱས། དེའི་སྐྱེ་ཁམས་ཐོན་ཁུངས་ཀྱི་སྤྱིའི་རིན་ཐང་སྒོར་དུང་ཕྱུར18.39ཡིན་པ་དང་། ལོ་ལྟར་སྨད་རྒྱུད་ལ་ཆུ་གཙང་མ་སྨི་བཞི་མ་དུང་ཕྱུར600ལྷག་སྐྱེལ་བཞིན་ཡོད་ལ།  སྐྱེ་ཁམས་ཞབས་ཞུའི་སྤྱིའི་རིན་ཐང་སྒོར་དུང་ཕྱུར7300ཟིན་ནས་རྒྱལ་ཡོངས་ཀྱི་ཆུའི་ཐོན་ཁུངས་བདེ་འཇགས་ལ་འགན་སྲུང་བརྟན་པོ་མཁོ་འདོན་བྱེད་ཀྱི་ཡོད། ཆུ་བོ་འབབ་རྒྱུད་ཀྱི་སེམས་ཅན་གསོ་སྐྱོང་བྱས་ནས་ཧྭ་ཞ་ས་གཞི་ལ་གསོན་ཤུགས་འཕེལ།

ནུས་ཁུངས་གཙང་མའི་གློག་འདོན་ཚད་ཀྱིས་རྒྱལ་ཡོངས་ཀྱི་ཨང་དང་པོ་ཟིན་པའི་ལྗང་མདོག་གློག་ཤུགས་ནས་ཨ་ཆེན་གངས་རྒྱབ་ཀྱི་གཙོད་ཁྱུ་ཚོགས་སླར་གསོ་བྱེད་པའི་སྐྱེ་ཁམས་ཀྱི་རྒྱུགས་འབྲས་བར་དང་། འཛམ་གླིང་རིམ་པའི་ཚྭ་མཚེའུ་ཐོན་ལས་རྟེན་གཞི་འཚར་ལོངས་ནས་མཐོ་སྒང་གི་སྔོ་ཚལ་གྲང་པོ་ཕྱིར་གཏོང་ཚད་ཀྱི་ཕྱི་ཕྱོགས་ཚོང་དོན་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པའི་བར་དུ་མཚོ་སྔོན་གྱིས་ལྗང་མདོག་རྩིས་གློག་མཐུན་སྦྱོར་ངང་འཕེལ་རྒྱས་བཏང་སྟེ་གསར་གཏོད་ཀྱི་བར་སྟོང་གསར་པ་རྒྱ་བསྐྱེད་བཞིན་ཡོད། “འཛམ་གླིང་ཡང་རྩེ”ཐོག་དེང་རབས་ཅན་གྱི་ཐོན་ལས་མ་ལག་གི་ལངས་གཟུགས་རྣམ་པ་བསྐྲུན་ནས། ལྗང་མདོག་ཕྱོགས་སྒྱུར་ཁྲོད་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་། སྤུས་ཚད་ནུས་ལྡན་ངང་མཐོར་འདེགས་དང་གྲངས་ཚད་ལུགས་མཐུན་ངང་འཕར་སྣོན་བྱུང་ཡོད།

མཚོ་སྔོན་གྱི་དབུལ་ཕོངས་ཉུང་གཏོང་གི་གྲུབ་འབྲས་ཐོབ་པའི་ལག་ལེན་དང་གོ་ལ་ཧྲིལ་པོའི་དབུལ་ཕོངས་ཉུང་གཏོང་ལ་བྱས་རྗེས་བཞག་པ་ལས་ལྟེ་བའི་ཁྱད་ཆོས་འགའ་མཚོན་ཡོད་པ་སྟེ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་བསམ་བློ་མཐའ་འཁྱོངས་བྱས་ནས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཁེ་ཕན་ཨང་དང་པོར་འཇོག་པ། ས་གནས་ཀྱི་གནས་ཚུལ་དང་བསྟུན་ནས་ས་གནས་དེའི་ཐོན་ཁུངས་ལ་གཞིགས་ནས་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ཐབས་ལམ་འཚོལ་ཞིབ་བྱས། ཕྱོགས་མང་པོར་མཐུན་སྦྱོར་བྱས་ནས་སྲིད་གཞུང་དང་། ཁྲོམ་ར། སྤྱི་ཚོགས་བཅས་ཐུན་མོང་ཐོག་ཞུགས་པའི་འཕེལ་རྒྱས་ཀྱི་རྣམ་པ་ཆེན་པོ་ཆགས་པ་དང་། རྒྱུན་མཐུད་འདུ་ཤེས་ལ་མཐོང་ཆེན་བྱས་ཏེ་དུས་ཐུང་ནང་དབུལ་ཕོངས་ཉུང་གཏོང་དང་ཡུན་རིང་འཕེལ་རྒྱས་ཟུང་འབྲེལ་བྱས།

སྲུང་སྐྱོང་དང་འཕེལ་རྒྱས་ནི“ཁབ་རྩེ་ཁ་སྤྲོད་ལྟ་བུ”ཞིག་མ་ཡིན ཀྲུང་གོའི་ནུབ་རྒྱུད་ས་ཁུལ་ནི་མི་རིགས་མང་པོ་འདུས་སྡོད་བྱས་པའི་དར་རྒྱས་ཆེར་མེད་པའི་ཞིང་ཆེན་ཞིག་ཡིན་པའི་ཆ་ནས། མཚོ་སྔོན་གྱིས་དཔལ་འབྱོར་འཕེལ་རྒྱས་གཏོང་སྐབས། རི་ཁུལ་དང་ཆུའི་ནང་གི་ཐོན་ཁུངས་ཐེངས་གཅིག་ལ་སྟོང་ཟད་དུ་གཏོང་མི་རུང་སྟེ། དེ་ལྟར་བྱས་ན་ཁོར་ཡུག་ལ་གཏོར་བརླག་དང་རྒྱབ་ཕྱོགས་ཆད་སྲིད།

དུས་མཚུངས་སུ་སྐྱེ་ཁམས་སྲུང་སྐྱོང་བྱེད་པ་ནི་དཔལ་འབྱོར་འཕེལ་རྒྱས་མི་གཏོང་བ་དང་། ཚང་མས་སྔོ་ལྗང་རི་ཆུ་སྲུང་སྐྱོང་བྱས་ནས་དབུལ་པོ་སྐྱེལ་དུ་འཇུག་རྒྱུ་དེ་མ་ཡིན་པར། ཁོར་ཡུག་ཡག་པོ་སྲུང་ཐུབ་ལ་ཁོར་ཡུག་ལ་བརྟེན་ནས་སྒོར་མོ་བཙལ་ཐུབ་པའི་ཐབས་ཤེས་འཚོལ་དགོས། སའི་གོ་ལའི་སྣེ་གསུམ་པར་ཡང་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་ལམ་དུ་བློ་བརྟན་འགྱུར་མེད་ངང་བསྐྱོད་ཚེ་ཀྲུང་ཧྭ་མི་རིགས་རྒྱུན་མཐུད་འཕེལ་རྒྱས་འགྲོ་བར་རྨང་གཞི་བརྟན་པོ་འདིང་ཐུབ། ལྗང་མདོག་འཕེལ་རྒྱས་ནི་ཆེས་སྟོབས་ལྡན་དང་ཡུན་རིང་གི་དབུལ་ཕོངས་ཉུང་གཏོང་དང་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཡིན། དེ་ནི་མཚོ་སྔོན་གྱིས་འཛམ་གླིང་ལ་ཕུལ་བའི“ཀྲུང་གོའི་ཉམས་མྱོང”རྩ་ཆེན་ཞིག་རེད་དོ། ། 

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།