ཞིང་ཆེན་ཏང་ཨུའི་དཔལ་འབྱོར་བྱ་བའི་ཚོགས་འདུ་འཚོགས་པ།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ12པའི་ཚེས29ཉིན། ཞིང་ཆེན་ཏང་ཨུའི་དཔལ་འབྱོར་བྱ་བའི་ཚོགས་འདུ་ཟི་ལིང་དུ་འཚོགས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ12པའི་ཚེས29ཉིན། ཞིང་ཆེན་ཏང་ཨུའི་དཔལ་འབྱོར་བྱ་བའི་ཚོགས་འདུ་ཟི་ལིང་དུ་འཚོགས་ཤིང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། 2025ལོའི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་བྱ་བ་ཕྱོགས་སྡོམ་དང་མིག་སྔའི་དཔལ་འབྱོར་གནས་བབ་དབྱེ་ཞིབ་བྱས་ཏེ། 2026ལོའི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་བྱ་བ་བཀོད་སྒྲིག་བྱས་ཏེ། ཞིང་ཆེན་ཡོངས་གོང་རིམ་གྱིས་དམ་འཛིན་དངོས་སྒྲུབ་དང་དཀའ་ངལ་སྒྲོལ་བར་སྐུལ་སློང་བྱས་ཏེ། སང་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་དང་ལས་འགན་མངོན་འགྱུར་ཧུར་ཐག་བྱས་ཏེ། རང་ཞིང་གི“ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”མགོ་ལེགས་པོ་རྩོམ་པར་སྐུལ་འདེད་ཧུར་ཐག་བཏང་ཡོད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་གྱིས་གསུང་བཤད་གནང་བ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་བཀོད་སྒྲིག་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཚོགས་འདུར་ཞུགས།

ཝུའུ་ཞའོ་ཅུན་གྱིས་ཀྲུང་དབྱང་དཔལ་འབྱོར་བྱ་བའི་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་དེ་མར་ཁེ་སི་རིང་ལུགས་ཀྱི་ཤེས་རྟོགས་སྨྲ་བ། ལག་ལེན་སྨྲ་བ། བརྟག་ཐབས་སྨྲ་བ། དཔལ་འབྱོར་འཕེལ་རྒྱས་ཀྱི་ཆོས་ཉིད་དང་རང་རྒྱལ་འཕེལ་རྒྱས་ཀྱི་དོན་དངོས་གནད་ལ་འཁེལ་བའི་སྒོ་ནས་ཁོང་དུ་ཆུད་པ་གང་ལེགས་མཚོན་ཞིང་། ཆབ་སྲིད་ཀྱི་རང་བཞིན་དང་། བསམ་བློའི་རང་བཞིན། དམིགས་སའི་རང་བཞིན། མཛུབ་སྟོན་གྱི་རང་བཞིན་བཅས་ཧ་ཅང་ཆེན་པོ་ལྡན་པས་ང་ཚོས་དཔལ་འབྱོར་བྱ་བ་ཡག་པོ་བསྒྲུབ་རྒྱུར་ཁ་ཕྱོགས་གསལ་སྟོན་དང་བརྩི་སྲུང་འདོན་སྤྲོད་བྱས་ཡོད། ཞིང་ཆེན་ཡོངས་གོང་འོག་གིས་ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་བྱ་བའི་ཐད་བཏོན་པའི་བླང་བྱ་གལ་ཆེན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་ཟུང་འབྲེལ་བྱས་ཏེ། གཞི་གཅིག་ཏུ་ཁོང་དུ་ཆུད་པ་དང་། གཅིག་གྱུར་གྱིས་བསམ་བློ་དང་བྱ་སྤྱོད་ཏན་ཏིག་ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་ཐོག་གཅིག་གྱུར་བྱས་ཏེ། ལས་འགན་དང་བྱེད་ཐབས་ཁག་མཚོ་སྔོན་དུ་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་པར་གནད་ལ་འཁེལ་བར་སྐུལ་འདེད་གཏོང་དགོས། 

ཝུའུ་ཞའོ་ཅུན་གྱིས་བསྟན་དོན། ད་ལོར། ཛ་དྲག་དང་རྙོག་འཛིང་ཆེ་བའི་རྒྱལ་ཁབ་ཕྱི་ནང་གི་གནས་བབ་དང་དཀའ་ཚེགས་ཆེ་བའི་བཅོས་སྒྱུར་དང་འཕེལ་རྒྱས། བརྟན་བརླིང་གི་ལས་འགན་ལ་ཁ་གཏད་ནས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་ཀྱི་འགོ་ཁྲིད་བརྟན་པོའི་འོག ཞིང་ཆེན་ཏང་ཨུས་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མའི་སྣེ་ཁྲིད་དེ་དཀའ་ངལ་ཁྱད་བསད་དང་གནོན་ཐེག་མདུན་སྐྱོད་བྱས་པས། དཔལ་འབྱོར་འཁོར་སྐྱོད་སྤྱི་ཡོངས་བརྟན་བརླིང་དང་བརྟན་བརླིང་ཁྲོད་ཡར་རྒྱས་བྱུང་ནས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་ཐོབ་པ་དང་། ཞིང་ཆེན་ཡོངས་ཀྱི་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱས་ཏེ།   བཅོས་སྒྱུར་སྒོ་འབྱེད་བྱེད་ཤུགས་རྒྱུན་མཐུད་སྒོས་ཆེ་རུ་གཏོང་བ་དང་། གཙོ་གནད་མངའ་ཁོངས་ཀྱི་ཉེན་ཁ་སེལ་བར་དོན་དངོས་རང་བཞིན་གྱི་འཕེལ་རིམ་བླངས་པས།   དམངས་འཚོ་འགན་སྲུང་སྔར་ལས་དྲོད་ཚད་ལྡན་པ་དང་།     དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་བརྟན་བརླིང་ཁྲོད་ཡར་རྒྱས་ཡོང་བ། ལྗང་མདོག་གསར་པའི་ཕྱོགས་སུ་བསྐྱོད་པ། གྲངས་ཚད་དང་སྤུས་འདེགས་རྒྱ་བསྐྱེད་བཅས་ཀྱི་རྣམ་པ་མངོན་ཡོད། མ་འོངས་པར་ཁ་ཕྱོགས་ཏེ། གོ་ལ་ཧྲིལ་པོའི་ནམ་ཟླའི་བཅོས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་བསྟུན་ནས། གོ་ལ་ཧྲིལ་པོའི་ནུས་ཁུངས་ཀྱི་གནས་བབ་ལ་འགྱུར་ལྡོག་གཏིང་ཟབ་འབྱུང་བ་དང་།   རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ལག་བསྟར་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་སའི་རྒྱལ་སྤྱིའི་ཤུགས་རྐྱེན་སྔར་ལས་མཐོ་རུ་བཏང་སྟེ། མཚོ་སྔོན་གྱི་རང་བྱུང་གི་སྦས་ཤུགས་ཆེན་པོ་སྔར་ལས་འབུར་དུ་ཐོན་པ།     ས་ཁོངས་འཕེལ་རྒྱས་ཀྱི་འགུལ་ནུས་དང་གསོན་ཤུགས་སྔར་ལས་ཕུན་སུམ་ཚོགས་པ།     སྐྱེ་ཁམས་དཔལ་འབྱོར་དང་གཞི་གྲངས་དཔལ་འབྱོར།     དམའ་དབྱིངས་དཔལ་འབྱོར་སོགས་ལས་རྣམ་གསར་པ་རྒྱུན་ཆད་མེད་པར་ཐོན་བཞིན་ཡོད།     དྲིན་ཚོར་བ་དང་བརྩེ་སེམས་ལྡན་པ། དངོས་སྒྲུབ་ལ་མཐོང་ཆེན་བཅས་ཀྱི་རྣམ་པ་ཉིན་རེ་བཞིན་ཇེ་ཟབ་ཏུ་འགྲོ་བཞིན་ཡོད་པས།     ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགུལ་ནུས་མུ་མཐུད་ཇེ་ཆེར་འགྲོ་བཞིན་ཡོད། དེ་དང་ཆབས་ཅིག རང་ཞིང་གི་དཔལ་འབྱོར་འཕེལ་རྒྱས་སྔར་བཞིན་དཀའ་ངལ་དང་འགྲན་རྩོད་མི་ཉུང་བར་འཕྲད་ཡོད་པས། ངེས་པར་དུ་དཀའ་ངལ་ལ་ལྟ་སྟངས་ཡང་དག་འཛིན་པ་དང་།  ཡིད་ཆེས་ཇེ་བརྟན་དུ་གཏོང་བ།     དོན་འཁྱོལ་ནན་ཏན་བཅས་བྱས་ཏེ།     དཔལ་འབྱོར་བསྐྱར་འཕར་ཇེ་ལེགས་སུ་འགྲོ་བའི་རྣམ་པ་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་དགོས།

ཝུའུ་ཞའོ་ཅུན་གྱིས་བསྟན་དོན། མིག་སྔར་མཚོ་སྔོན་འཐབ་ཇུས་ཀྱི་གནས་བབ་སྤྱི་ཡོངས་ནས་འཕར་བའི་དུས་སྐབས་དང་།  སྐྱེ་ཁམས་ཀྱི་ཁྱད་སྟོབས་བརྗེ་སྤོར་བྱེད་པའི་གནད་འགག་གི་དུས་སྐབས་དང་། དེང་རབས་ཅན་གྱི་ཐོན་ལས་མ་ལག་གསོ་སྐྱོང་དང་མཐོར་འདེགས་གཏོང་བའི་དུས་སྐབས་བཅས་སུ་སླེབས་ཡོད།  སང་ལོ་ནི “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”མགོ་རྩོམ་པ་དང་། ངར་ཤུགས་ཆེན་པོས་སྔོན་ཐོན་བརྩོན་ལེན་བྱེད་པའི་འགག་རྩའི་ལོ་ཞིག་རེད། སང་ལོའི་དཔལ་འབྱོར་བྱ་བ་ལེགས་པོར་བསྒྲུབ་པའི་སྤྱིའི་བླང་བྱ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་རེ་རེའི་དགོངས་དོན་ལག་བསྟར་གཏིང་ཟབ་དང་། ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་བཅས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ།  “ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གྱི་ངེས་གནས་དང“སྔར་ལས་གལ་ཆེ་བ་གསུམ་གྱི”འཐབ་ཇུས་གནས་བབ་གཞིར་བཟུང་ནས།  “རྒྱུན་འཁྱོངས་གསུམ”ལག་ལེན་གྱི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ།  ཕྱོགས་ཡོངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་གནད་ལ་འཁེལ་བའི་སྒོ་ནས་ལག་བསྟར་བྱེད་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པར་གཏིང་ཟབ་ཏུ་མཉམ་འདྲེས་དང་ཞབས་འདེགས་ཞུ་བ།     ནུས་ཤུགས་ཡོད་རྒུས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱས་ཏེ།     འཕེལ་རྒྱས་དང་བདེ་འཇགས་ལ་སྔར་ལས་གཅིག་གྱུར་འཆར་འགོད་བྱེད་པ་དང་། སྟོབས་ཤུགས་གཅིག་བསྡུས་སྒོས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྱོང་དང་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་བྱེད་པར་དམིགས་ཏེ།     སྲིད་ཇུས་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས་སྡེབ་སྒྲིག་ནུས་འབྲས་ཇེ་ཆེར་གཏོང་བ་དང་། ནང་མཁོ་རྒྱ་བསྐྱེད་དང་མཁོ་སྤྲོད་ལེགས་སྒྱུར། འཕར་ཚད་དང་གསོག་ཚད་ལེགས་སྒྱུར་བྱེད་པ། གྲངས་ཚད་གསར་པ་བསྐྱེད་པ་བཅས་བྱས་ཏེ། ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་སུ་གཏོང་བ་དང་། མུ་མཐུད་དུ་འགག་རྩའི་ཁྱབ་ཁོངས་ཀྱི་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ།  གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་འགོག་ཟོན་དང་ཞི་འཇགས་སུ་བཏང་ནས།  ནུས་ཤུགས་ཡོད་རྒུས་ལས་ཞུགས་དང་ཁེ་ལས།  ཁྲོམ་ར། སྔོན་དཔག་བཅས་བརྟན་བརླིང་ཡོང་བར་བྱས་ཏེ།     དཔལ་འབྱོར་གྱི་སྤུས་ཚད་ནུས་ལྡན་ངང་མཐོར་འདེགས་དང་གྲངས་ཚད་ལུགས་མཐུན་ངང་འཕར་སྣོན་ཡོང་བར་སྐུལ་འདེད་བཏང་སྟེ།     སྤྱི་ཚོགས་ཁྱོན་ཡོངས་འཆམ་མཐུན་དང་བརྟན་བརླིང་ཡོང་བ་སྲུང་འཛིན་བྱས་ནས། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”མགོ་ཡག་པོ་རྩོམ་པར་འབད་བརྩོན་བྱ་དགོས།

ཝུའུ་ཞའོ་ཅུན་གྱིས་བསྟན་དོན། སང་ལོའི་དཔལ་འབྱོར་བྱ་བའི་ལས་འགན་དཀའ་ཚེགས་ཆེ་བས།     གནད་འགག་གསལ་བོར་ཤེས་པར་བྱེད་པ་དང་རྩ་འཛིན་གསལ་བོ་བྱས་ནས།     བྱེ་བྲག་ཅན་གྱི་བྱེད་ཐབས་དངོས་དང་བྱེད་ཐབས་ནན་མོ་བཏོན་ཏེ།     སྣེ་ཁྲིད་རང་བཞིན་དང་མཚོན་རྟགས་རང་བཞིན་གྱི་བྱ་བའི་བྱེད་ཐབས་ཁག་གཅིག་ལག་བསྟར་བྱས་ནས།     གཙོ་གནད་ཁྱབ་ཁོངས་དང་།  བཟོ་སྐྲུན་གལ་ཆེན། བཅོས་སྒྱུར་གལ་ཆེན་བཅས་ཀྱི་ཐད་དོན་དངོས་རང་བཞིན་གྱི་ཐོལ་བརྒལ་ཡོང་བར་འབད་བརྩོན་བྱ་དགོས། “ཐཱན་གཉིས”སྣེ་ཁྲིད་བྱེད་པར་དམིགས་ནས།  ལྗང་མདོག་འཕེལ་རྒྱས་ཀྱི་འགུལ་ནུས་ཟབ་སྤེལ་དང་།     སྐྱེ་ཁམས་སྲུང་སྐྱོབ་དང་རིན་ཐང་ཚུལ་སྒྱུར་གྱི་བྱ་བ་གཉིས་ལེགས་པར་བསྒྲུབ་དགོས།     ནུས་ཤུགས་ཡོད་རྒུས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ཐད་མཚོ་སྔོན་གྱི་ཉམས་མྱོང་སྐོར་ཞིག་ཆགས་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་གྱི་ཚད་གཞིའི་མ་ལག་སྔོན་ལ་གཏན་འབེབས་བྱས་ཏེ།     གཞི་གཅིག་ཅན་གྱི་བཅོས་སྐྱོང་སྲུང་སྐྱོབ་ཀྱི་ཕན་འབྲས་སྲ་བརྟན་དུ་གཏོང་བ་དང་།     “ཐཱན་གཉིས”སྣེ་ཁྲིད་ཀྱི་དགེ་མཚན་དང་ཁྱད་ཆོས་འབུར་དུ་ཐོན་པ།   རྣམ་པ་གསར་པའི་ནུས་ཁུངས་མ་ལག་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ་བཅས་བྱ་དགོས། ནུས་ལྡན་གྱི་དགོས་མཁོ་རྒྱ་ཆེར་གཏོང་བར་དམིགས་ཏེ།  རྒྱལ་ནང་གི་ཁྲོམ་རའི་ཁྲོད་སྔར་ལས་ལེགས་པའི་སྒོ་ནས་མཉམ་འདྲེས་བྱེད་པ་དང་།    དངུལ་གཏོང་དང་འཛད་སྤྱོད་དགེ་མཚན་ལྡན་པའི་མཉམ་འགུལ་ལ་སྐུལ་འདེད་གཏོང་བ།     “གཙོ་བོ་གཉིས”དང“གསར་པ་གཉིས”ཀྱི་བྱ་བ་སྒྲུབ་ཤུགས་ཆེ་རུ་གཏོང་བ།   དངུལ་གཏོང་གི་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ་དང་།     དམངས་ཁྲོད་ཀྱི་དངུལ་གཏོང་གསོན་ཤུགས་བསྐྱེད་དེ། ཕན་ནུས་ཡོད་པའི་དགོས་མཁོ་རྒྱ་བསྐྱེད་པར་དམིགས་ཏེ། རྒྱལ་ནང་གི་ཁྲོམ་རའི་ཁྲོད་སྔར་ལས་བཟང་པོའི་མཉམ་འདྲེས་བྱས་ནས། དངུལ་གཏོང་དང་འཛད་སྤྱོད་འཁོར་རྒྱུག་བཟང་པོ་བྱེད་པར་ཡར་སྐུལ་བྱེད་པ་དང་།   “གཙོ་བོ་གཉིས”དང“གསར་པ་གཉིས”ཀྱི་བྱ་བའི་ནུས་པ་ཆེ་རུ་གཏོང་བ། དངུལ་གཏོང་གི་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ། དམངས་ཁྲོད་ཀྱི་དངུལ་གཏོང་གསོན་ཤུགས་བསྐྱེད་པ། འཛད་སྤྱོད་ཆེད་དམིགས་བྱ་སྤྱོད་དང་འཛད་སྤྱོད་ཁོར་ཡུག་ཇེ་ལེགས་སུ་གཏོང་བའི་ལོ་གསུམ་གྱི་འགུལ་སྐྱོད་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས།     ཡུལ་སྐོར་ཐོན་ལས་མུ་ཕྲེང་ཡོངས་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་དང་།     ལས་རྣམ་གསར་པ་དང་ཐོན་རྫས་གསར་པའི་མཁོ་སྤྲོད་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས། དངོས་ཕུང་དཔལ་འབྱོར་ལ་དམིགས་ཏེ། དཔལ་འབྱོར་གྱི་ཤུགས་སྣོན་ས་དངོས་ཕུང་དཔལ་འབྱོར་གྱི་སྟེང་འཇོག་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་།     སྤུས་ཚད་མཐོ་བའི་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་བྱེད་པ།    ཐོན་ལས་ཚུལ་སྒྱུར་རིམ་སྤོར་དང་གཅིག་བསྡུས་གསོ་སྐྱོང་བྱེད་པ།     “རིག་བཅོས་ཨང་བསྒྱུར”གྱི་ཚད་ཤིང་བཟོ་སྐྲུན་བཅས་ལག་བསྟར་བྱས་ཏེ།  སྲོལ་རྒྱུན་ཐོན་ལས་ཀྱི་རིམ་སྤོར་ལེགས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་།     གསར་དར་ཐོན་ལས་གསོ་སྐྱོང་དང་སྟོབས་ཆེར་གཏོང་བ།     ནུས་གསོག  ལྗང་གློག་དང་ལྷད་མེད་ཧ་ཡང་། རྩིས་གློག་མཉམ་འདྲེས། ཚྭ་མཚོའི་ཚན་རྩལ་གསར་སྐྲུན། གཤིས་ནུས་མཐོ་བའི་རྒྱུ་ཆ་སོགས་འཕེལ་རྒྱས་ཀྱི་རྒྱུགས་ལམ་གསར་པ་གསར་འབྱེད་བྱས་ཏེ།   ཞབས་ཞུའི་ལས་རིགས་ཀྱི་ནུས་པ་རྒྱ་བསྐྱེད་དང་སྤུས་འདེགས་འགུལ་སྐྱོད་ལག་བསྟར་བྱས་ནས། ནུས་ཤུགས་ཡོད་རྒུས་སྟེགས་བུའི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་དང་། ཚོང་འགུག་དངུལ་འདྲེན་གྱི་སྤུས་ཚད་དང་ནུས་ཚད་ཤུགས་ཆེན་པོས་འཕེལ་རྒྱས་སུ་བཏང་སྟེ། འགུལ་ནུས་གསར་པ་རྒྱ་བསྐྱེད་དང་གསོ་སྐྱོང་ཤུགས་ཆེན་བྱ་དགོས། གསར་གཏོད་སྐུལ་སྤེལ་བྱེད་པར་དམིགས་ནས་ཚན་རྩལ་གསར་གཏོད་ཀྱིས་ཐོན་ལས་རིམ་སྤོར་ལ་ཁྲིད་སྟོན་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་།  ཞིང་ཆེན་གྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་འཛུགས་སྐྱོང་ལ་ཤུགས་སྣོན་པ།     ཐོན་ལས་ཀྱི་གནད་འགག་ལག་རྩལ་གྱི་ཐོལ་བརྒལ་ཇེ་དྲག་ཏུ་གཏོང་བ།   གསར་གཏོད་ཐོན་ཁུངས་བཀོད་སྒྲིག་ལེགས་སྒྱུར་བྱེད་པ།     ཚན་རྩལ་གསར་གཏོད་སྟེགས་བུའི་གསོ་སྐྱོང་འགུལ་སྐྱོད་ལག་བསྟར་བྱེད་པ།    ཚན་རྩལ་དང་སློབ་གསོའི་འཇོན་མིའི་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཚན་རྩལ་གསར་གཏོད་ཀྱི་འདེགས་སྐྱོར་ནུས་པ་མཐོར་འདེགས་གཏོང་དགོས།   བཅོས་སྒྱུར་སྒོ་འབྱེད་ལ་དམིགས་ནས་རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་མོ་མཉམ་འཛུགས་ཁྲོད་འདྲེས་པར་བྱེད་པ་དང་།   ལྗང་གློག་ཐད་སྦྲེལ་དང་རིག་ནུས་གློག་དྲ།    གློག་དྲ་ཆུང་ངུའི་འཛུགས་སྐྲུན་སོགས་ཇེ་མགྱོགས་སུ་གཏོང་བ།  རྒྱུ་རྐྱེན་ཁྲོམ་ར་ཅན་གྱི་སྒྲིག་བཀོད་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ།    རྒྱལ་དབང་རྒྱུ་ནོར་དང་རྒྱལ་དབང་ཁེ་ལས་ཀྱི་བཅོས་སྒྱུར་སྔར་ལས་གཏིང་ཟབ་ཏུ་སྤེལ་བ།    ཞིང་ཆེན་ལ་གཏོགས་པའི་ཁེ་ལས་ཀྱི་བྱེད་ནུས་གཙོ་བོ་དང་ཁྲོམ་རའི་འགྲན་རྩོད་ནུས་པ་ཇེ་དྲག་ཏུ་གཏོང་བ།    དམངས་གཉེར་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མཚོན་བྱེད་རང་བཞིན་གྱི་བྱེད་ཐབས་སྐོར་ཞིག་དོན་འཁྱོལ་བྱེད་པ།   ཕྱི་ཕྱོགས་སྒོ་འབྱེད་མཉམ་ལས་དང་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པ།  ཤར་ནུབ་རྒྱུད་མཉམ་ལས་བཅས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སྤེལ་བ།    གྲངས་འཛིན་ཉོ་ཚོང་གསར་གཏོད་དང་འཕེལ་རྒྱས་གཏོང་བ་བཅས་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་གསོན་ཤུགས་བསྐྱེད་དགོས།    མཐུན་སྦྱོར་འཕེལ་རྒྱས་ལ་དམིགས་ནས་རྒྱལ་ཁབ་ཀྱི་ཁུལ་ཁོངས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་མཉམ་འདྲེས་གཏིང་ཟབ་ཡོང་བར་བྱེད་པ་དང་། ལྟེ་བ་གཅིག་དང་ས་ཁུལ་གསུམ་དང་། ལྟེ་རྒྱུད་གཉིས་དང་རྒྱུད་གཅིག་གི་ཁུལ་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་སྒོས་བསྐྲུན་པ།   གྲོང་ཁྱེར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།    གསར་དར་རྣམ་པའི་མཁར་གྲོང་ཅན་འཛུགས་སྐྲུན་དང་གྲོང་གསེབ་ཕྱོགས་ཡོངས་དར་སྤེལ་ལ་གཅིག་གྱུར་གྱིས་སྐུལ་འདེད་གཏོང་བ།    རྫོང་ཁོངས་ཁྲོམ་རའི་གཙོ་གཞི་གསོ་སྐྱོང་འགུལ་སྐྱོད་ལག་བསྟར་བྱེད་པ།   ཞིང་ལས་ཐོན་ལས་ཅན་ལ་མགྱོགས་མྱུར་སྒོས་སྐུལ་འདེད་གཏོང་བ།   དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་དང་རྒྱ་བསྐྱེད་གཏོང་བ་བཅས་བྱས་ནས་མཁར་གྲོང་མཉམ་བསྲེས་དང་ཁུལ་ཁོངས་མཉམ་འགུལ་ལ་སྐུལ་འདེད་གཏོང་དགོས།   དམངས་འཚོ་ལེགས་བཅོས་ལ་དམིགས་ནས་ལས་ཞུགས་རྩལ་ནུས་གསོ་སྦྱོང་དང་མི་ཚོགས་གཙོ་བོའི་ལས་ཞུགས་རོགས་སྐྱོར་ལ་ཤུགས་སྣོན་པ་དང་།     ཁྱད་ལྡན་ངལ་ལས་ཟོང་རྟགས་གསོ་སྐྱོང་དང་སྟོབས་ཆེར་གཏོང་བ།    རྨང་གཞིའི་སློབ་གསོའི་ལེགས་སྐྱེད་སྤུས་འདེགས་དང་མཐོ་རིམ་སློབ་གསོའི་ནང་རྒྱས་གོང་འཕེལ།    ལས་རིགས་སློབ་གསོའི་ནུས་པ་མཐོར་འདེགས་བཅས་ལ་སྐུལ་འདེད་གཏོང་བ།   སྨན་གསུམ་མཉམ་འབྲེལ་བཅོས་སྒྱུར་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སྤེལ་བ།    མཁར་གྲོང་གི་རིམ་པ་གསུམ་པའི་རྒན་གསོ་ཞབས་ཞུའི་དྲ་རྒྱ་འཐུས་ཚང་དུ་གཏོང་བ།    བུ་སྐྱེ་རྒྱབ་སྐྱོར་དང་སྐུལ་ལྕག་རྐྱེན་སྲོལ་ལེགས་སྒྱུར་བྱེད་པ།   བུ་བཅོལ་དང་གཞི་གཅིག་ཅན་གྱི་ཞབས་ཞུ་འཕེལ་རྒྱས་དང་ཁྱབ་གདལ་གཏོང་བ།    རིག་གནས་ཐོན་ལས་མགྱོགས་མྱུར་སྒོས་འཕེལ་རྒྱས་གཏོང་བ་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཉིན་རེར་འཕར་བཞིན་པའི་བསམ་པའི་རིག་གནས་ཀྱི་དགོས་མཁོ་བསྐང་དགོས།   ཚད་མཐའ་བརྟན་སྲུང་བྱེད་པར་དམིགས་ནས་ཉེན་ཁ་འགོག་སྲུང་གི་ཡུན་ཕན་རྐྱེན་སྲོལ་བཙུགས་ནས་འཐུས་ཚང་དུ་གཏོང་བ་དང་།    ཁུལ་ཁོངས་གཙོ་བོའི་ཉེན་ཁ་ལུགས་མཐུན་སྒོས་ཐག་གཅོད་པ།     བདེ་འཇགས་ཐོན་སྐྱེད་ཐད་ཀྱི་རྩ་བཅོས་མཁྲེགས་གཏོར་གྱི་ལོ་གསུམ་གྱི་འགུལ་སྐྱོད་ཕྱོགས་ཡོངས་ནས་ཡོངས་འགྲུབ་བྱེད་པ།    མེ་འགོག་གནོད་སེལ་དང་ཉེན་གཡོལ་གནས་སྤོའི་བྱ་བར་གཅིག་གྱུར་གྱིས་སྐུལ་འདེད་གཏོང་བ།    དྲ་རྒྱའི་བདེ་འཇགས་སྒྲིག་གཞིའི་འཛུགས་སྐྲུན་གཏིང་ཟབ་ཏུ་སྤེལ་བ་བཅས་བྱས་ནས་སྤྱི་ཚོགས་བཅོས་སྐྱོང་ཕན་ནུས་ཕྱོགས་ཡོངས་ནས་མཐོར་འདེགས་གཏོང་དགོས།

ཝུའུ་ཞའོ་ཅུན་གྱིས་བསྟན་དོན།    ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་བྱས་ཏེ་སྟོབས་དང་ལྡན་པའི་འགན་སྲུང་ལ་བརྟེན་ནས་བྱེད་ཐབས་སྣ་ཚོགས་དངོས་འབེབས་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་དགོས། ཏང་གི་འགོ་ཁྲིད་དེ་དཔལ་འབྱོར་བྱ་བའི་གོ་རིམ་ཡོངས་དང་ཕྱོགས་སོ་སོར་ཁྱབ་པར་བྱེད་པ་དང་ཆབ་སྲིད་གླེང་བའི་མཐོ་ཚད་ནས་དཔལ་འབྱོར་བྱ་བ་དམ་འཛིན་བཟང་བོ་བྱེད་པ།   སྤྱི་ཡོངས་ཀྱི་འདུ་ཤེས་དང་ལག་བསྟར་ནུས་པ་ཇེ་དྲག་ཏུ་བཏང་ནས་རང་རྟོགས་སྒོས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་དགོས།   ཡང་དག་པའི་སྲིད་འབྲས་ལྟ་བ་འཛུགས་པ་དང་ལག་བསྟར་བྱས་ནས་མི་དམངས་ཀྱི་ཆེད་དུ་སྲིད་འབྲས་ལེན་པ་དང་དངོས་སྒྲུབ་ལ་བརྟེན་ནས་སྲིད་འབྲས་ལེན་རྒྱུ་རྒྱུན་འཁྱོངས་བྱེད་པ།   དངོས་སྒྲུབ་ལ་བརྟེན་ནས་འཇོན་མི་སྐྱོང་བ་དང་གྲུབ་འབྲས་དངོས་ལ་བརྟེན་ནས་ལས་བྱེད་པ་བཀོལ་བའི་མི་བཀོལ་ཁྲིད་ཕྱོགས་འཛུགས་པ།    སློབ་བསྡུར་སྙེག་བརྒལ་དར་སྤེལ་གཏོང་བ་བཅས་བྱས་ནས་ལས་བྱེད་པའི་འགན་འཁྲི་ལེགས་པོར་ཁུར་བ་དང་བདེན་འཚོལ་དངོས་གཉེར་བྱེད་པར་སྐུལ་མ་གཏོང་དགོས།  དཔལ་འབྱོར་དམ་འཛིན་དང་འཕེལ་རྒྱས་ལ་འཆར་འགོད་བྱེད་པའི་རང་འགུལ་རང་བཞིན་ཇེ་དྲག་ཏུ་གཏོང་བ་དང་།    ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་བློ་བརྟན་འགྱུར་མེད་སྒོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འགན་འཁྲི་ལེགས་པོར་ཁུར་བ།    ཐོག་མཐའ་བར་གསུམ་དུ་སྔོན་ཐོན་གྱི་ཚད་གཞིར་དམ་དུ་དམིགས་པ།    དཀའ་སེལ་མདུན་སྐྱོད་དང་ཧུར་ཐག་འབད་འཐབ་བྱས་ནས་འཕེལ་རྒྱས་ལ་འཆར་འགོད་དང་འཕེལ་རྒྱས་དམ་འཛིན།  འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན།  གསར་སྐྲུན་རང་བཞིན་བཅས་གང་ལེགས་སྒོས་བསྐྱེད་དགོས།    རྒྱུན་ཆད་མེད་པར་འཕེལ་རྒྱས་ཀྱི་ཁོར་ཡུག་བཟང་བོ་བསྐྲུན་པ་དང་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་རྒྱ་བསྐྱེད་གཏོང་བ། ཁྲིམས་ལྟར་སྲིད་འཛིན་དང་ཁྲིམས་ལྟར་ལས་སྒྲུབ་བྱེད་པ།     ཕན་ནུས་མཐོ་བའི་སྒོ་ནས་དོན་དག་གཅིག་ལེགས་པོར་སྒྲུབ་རྒྱུ་རྒྱུན་འཁྱོངས་བྱེད་པ།    ཁ་དན་ཚིག་གནས་ཀྱི་ཡིད་རྟོན་ཁོར་ཡུག་བསྐྲུན་པ་བཅས་བྱས་ནས་ཁྲོམ་རའི་གསོན་ཤུགས་དང་སྒུལ་ཤུགས་རྒྱུན་ཆད་མེད་པར་བསྐྱེད་དགོས།   རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པས་དཔལ་འབྱོར་བྱ་བའི་འཇོན་ནུས་རྒྱུན་མཐུད་ངང་སྦྱོང་བརྡར་བྱེད་པ་དང་།     ཆབ་སྲིད་ཐད་ནས་ལྟ་བ་དང་ཆབ་སྲིད་ཐད་ནས་སྒྲུབ་པའི་ནུས་པ་དང་། གནས་བབ་ལ་ངོས་འཛིན་དང་གནས་བབ་ལ་རྒྱུས་ལོན་བྱེད་པའི་ནུས་པ།    སྤྱི་ཡོངས་ནས་ལངས་ཏེ་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ནུས་པ།   སྲིད་ཇུས་སློབ་སྦྱོང་དང་སྲིད་ཇུས་ཞིབ་འཇུག་བྱེད་པའི་ནུས་པ།     གནད་དོན་རྙེད་པ་དང་གནད་དོན་ཐག་གཅོད་པའི་ནུས་པ་བཅས་མཐོར་འདེགས་གཏོང་བ།    སེམས་ཤུགས་འཕེལ་རྒྱས་སྟེང་བཀོལ་ནས་རྒྱུན་མཐུད་འབད་འཐབ་དང་དཀའ་སྤྱད་འབད་བརྩོན།     དཔའ་སྐྱེད་སྔོན་བརྩོན་བཅས་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ཐད་ཕན་འབྲས་སྔར་ལས་ཆེན་པོ་ལོན་པར་ཧུར་ཐག་གིས་སྐུལ་འདེད་གཏོང་དགོས།

ཝུའུ་ཞའོ་ཅུན་གྱིས་བསྟན་དོན།   ལུགས་གསར་ལོ་སར་དང་ལུགས་རྙིང་ལོ་སར་ཐོན་ལ་ཉེ་བས། དུས་ཆེན་གཉིས་སྐབས་ཀྱི་མཁོ་སྤྲོད་དང་རིན་གོང་བརྟན་འཇགས།  འཛད་སྤྱོད་ལ་སྐུལ་འདེད།   ཟས་རིགས་བདེ་འཇགས།    ཞིང་བ་ཞོར་ལས་པའི་གླ་ཕོགས་སྟེར་བ་སོགས་ཀྱི་བྱ་བ་བཟང་བོར་བསྒྲུབ་པ་དང་།    དཀའ་ཁག་ཡོད་པའི་མི་ཚོགས་དང་ཉམས་ཞན་མི་ཚོགས།    བདག་མེད་ལོ་ལོན།   གཞིས་སྲུང་བྱིས་པ་སོགས་དཀའ་ཁག་ཡོད་པའི་མང་ཚོགས་ཀྱི་འཚོ་བའི་འགན་སྲུང་བྱ་བ་བཟང་བོར་བསྒྲུབ་པ།    བདེ་འཇགས་ཚད་མཐའ་བརྟན་སྲུང་དང་སྤྱི་ཚོགས་བདེ་འཇགས་སྲུང་སྐྱོང་བྱེད་པ།    ཞིང་ཆེན་ཡོངས་དང་དེ་མིན་གྲོང་ཁྱེར་དང་ཁུལ།  རྫོང་སོ་སོའི་ཚོགས་ཆེན་གཉིས་ལ་སེམས་ཞིབ་མོས་གྲ་སྒྲིག་བྱས་ཏེ་བཟང་བོར་བསྡུ་བ་དང་།    མགོ་བཟང་བོ་རྩོམ་པའི་དམིགས་འབེན་ལ་དམིགས་ནས་དུས་ཚིགས་དང་པོའི་ལས་འགན་གཙོ་བོར་སྔོན་ལ་འཆར་འགོད་བྱས་ནས་ལོ་ཧྲིལ་བོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་རྨང་གཞི་བརྟན་པོ་འདིང་དགོས།

ལུའོ་ཏུང་ཁྲོན་གྱིས་སང་ལོའི་དཔལ་འབྱོར་བྱ་བར་བཀོད་སྒྲིག་བྱེད་སྐབས་ནན་གྱིས་བསྟན་དོན།    ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལས་འགན་གཙོ་བོར་དབྱེ་ཞིབ་ནན་མོ་བྱེད་པ་དང་གནད་འགག་གི་ཤུགས་འདོན་ས་ཡང་དག་པར་བཙལ་ནས་དོན་དག་རེ་རེ་བཞིན་དངོས་འབེབས་དོན་འཁྱོལ་བྱེད་དགོས།   ཕྱོགས་ཡོངས་ཀྱི་ལྗང་མདོག་ཚུར་སྒྱུར་ལ་ཤུགས་ཆེན་པོས་སྐུལ་འདེད་གཏོང་བ་དང་ཐཱན་གཉིས་ཁྲིད་སྟོན་རྒྱུན་འཁྱོངས་བྱེད་པ།   སྐྱེ་ཁམས་བཅོས་སྐྱོང་དེང་རབས་ཅན་གྱི་ཆུ་ཚད་མཐོར་འདེགས་གཏོང་བ།   གནམ་སྔོན་པོ་དང་ཆུ་དྭངས་མོ།   ས་གཙང་མའི་སྲུང་སྐྱོབ་དམག་འཐབ་རྒྱུན་མཐུད་ངང་བཟང་བོར་སྤེལ་བ།    ཐཱན་རྩེར་སོན་གྱི་ཆེད་དོན་འགུལ་སྐྱོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ནས་ཐཱན་ཇེ་དམར་གཏོང་བ་དང་སྦགས་བཙོག་ཇེ་ཉུང་དུ་གཏོང་བ།   ལྗང་མདོག་རྒྱ་བསྐྱེད།   འཕར་སྣོན་བཅས་ལ་མཐུན་སྦྱོར་སྒོས་སྐུལ་འདེད་གཏོང་དགོས།   ནུས་ཡོད་དགོས་མཁོ་ཤུགས་ཆེན་པོས་བསྐྱེད་དེ་མཁོ་སྤྲོད་དང་དགོས་མཁོ་ཕྱོགས་གཉིས་ནས་མཐུན་སྦྱོར་སྒོས་ཤུགས་འདོན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་།    འཛད་སྤྱོད་ཇེ་མཐོར་གཏོང་བའི་ཆེད་དོན་འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ་བ།    དངུལ་གཏོང་བརྟན་པོ་ཡོང་བར་སྐུལ་འདེད་གཏོང་བ།   རྒྱལ་ཡོངས་གཅིག་གྱུར་ཁྲོམ་ར་ཆེན་མོར་ཞབས་འདེགས་ཞུ་བ་དང་དེའི་ཁྲོད་འདྲེས་པར་བྱས་ནས་ནང་མཁོའི་སྦས་ཤུགས་མགྱོགས་མྱུར་སྒོས་ཕྱིར་འདོན་དགོས།    དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་ལ་ཤུགས་ཆེན་པོས་སྐུལ་འདེད་གཏོང་བ་དང་།   ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་ཟབ་མོ་ཡོང་བ་རྒྱུན་འཁྱོངས་བྱེད་པ།   སྲོལ་རྒྱུན་ཐོན་ལས་ལེགས་སྒྱུར་རིམ་སྤོར་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ།    གསར་དར་རྣམ་པའི་ཐོན་ལས་གསོ་སྐྱོང་དང་སྟོབས་ཆེར་གཏོང་བ།    མ་འོངས་ཐོན་ལས་ལ་སྔོན་དཔག་བཀོད་སྒྲིག་བྱེད་པ།   ཞབས་ཞུའི་ལས་རིགས་ཀྱི་སྤུས་ལེགས་ནུས་མཐོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།    ཚན་རྩལ་གསར་གཏོད་གཏིང་ཟབ་ཏུ་སྤེལ་བ་དང་སྤུས་ཚད་མཐོན་པོའི་སྒོ་ནས་ཐོན་ལས་ཀྱི་གནས་བཞིའི་ཁྱུ་ཚོགས་འཛུགས་སྐྲུན་བྱེད་པ།    ཚད་གཞི་མཐོན་པོས་རྒྱལ་ཁབ་ཀྱི་ལྗང་མདོག་རྩིས་གློག་མཐུན་སྦྱོར་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་བཅས་བྱས་ནས་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་བསྐྲུན་དགོས། བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་ནས་དཔལ་འབྱོར་སྒྲིག་གཞིའི་བཅོས་སྒྱུར་ཁྲིད་སྟོན་དུ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་།    འཕེལ་རྒྱས་ཐད་ཀྱི་དཀའ་གནད་ཐག་གཅོད་པ།   ཚོང་གཉེར་གཙོ་གཞིའི་གསོན་ཤུགས་བསྐྱེད་པ།  ཕྱི་ནང་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ།   མཁར་གྲོང་མཉམ་བསྲེས་ཁུལ་ཁོངས་མཉམ་འབྲེལ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་གསོན་ཤུགས་ཇེ་དྲག་ཏུ་གཏོང་དགོས།  དམངས་འཚོའི་ཕྱུག་འགྱུར་ལ་ཤུགས་བསྣན་ནས་དམངས་འཚོ་གཙོ་བོར་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་།    རྨང་གཞིའི་རང་བཞིན་དང་ཁྱབ་གདལ་རང་བཞིན།   མཐའ་སྐྱོང་རང་བཞིན་བཅས་ཀྱི་དམངས་འཚོ་འཛུགས་སྐྲུན་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ།  སྤུས་ཚད་མཐོ་བའི་ལས་ཞུགས་ལ་སྐུལ་འདེད་གཏོང་བ་དང་སྤྱི་བའི་ཞབས་ཞུའི་འགན་སྲུང་ཇེ་དྲག་ཏུ་གཏོང་བ།    བདེ་འཇགས་ཚད་མཐའ་བརྟན་སྲུང་བཅས་བྱས་ནས་ཧུར་ཐག་སྒོས་མི་དམངས་མང་ཚོགས་ཀྱི་ཆེད་དུ་དོན་དངོས་མང་པོ་བསྒྲུབ་དགོས།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་།  ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གཞུང་།  ཞིང་ཆེན་སྲིད་གྲོས་བཅས་ཀྱི་ཏང་ཙུའུ་ཁོངས་མི།   ཞིང་ཆེན་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཧྲུའུ་ཅི་བཅས་ཚོགས་འདུར་ཞུགས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།