ཟླ12པའི་ཚེས27ཉིན། ཞིང་ཆེན་འཇིགས་སྐུལ་ངོ་རྒོལ་གཞུང་ལས་ཁང་གིས་ཁོངས་གཏོགས་སོ་སོ་དང་འབྲེལ་ཡོད་ལས་ཁུངས་དང་མཉམ་འབྲེལ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་ནས་གཅིག་བསྡུས་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་འཇིགས་སྐུལ་རིང་ལུགས་ངོ་རྒོལ་བཅའ་ཁྲིམས》ཁྱབ་བསྒྲགས་བྱས་ཏེ་ལོ་འཁོར་བཅུ་ལོན་པའི་བརྗོད་དོན་བྱ་འགུལ་སྤེལ། ཐེངས་འདིའི་བྱེད་སྒོའི་དམིགས་ཡུལ་ནི་སྔར་ལས་ལྷག་པའི་སྒོ་ནས་དམངས་ཡོངས་ཀྱི་འཇིགས་སྐུལ་ལ་འགོག་སྲུང་དང་ངོ་རྒོལ་བྱེད་པའི་འདུ་ཤེས་ཆེར་བསྐྱེད་བྱེད་པ་དང་། རྒྱལ་ཁབ་བདེ་འཇགས་ཀྱི་མི་དམངས་འགོག་ར་སྲ་བརྟན་དུ་གཏོང་བ། སྤྱི་ཚོགས་ཡོངས་ཐུན་མོང་ཐོག་འཇིགས་སྐུལ་ངོ་རྒོལ་བྱ་བའི་ཁྲོད་ཟབ་ཞུགས་བྱེད་པའི་རྣམ་པ་བཟང་བོ་བསྐྲུན་ཆེད་ཡིན།
ཐེངས་འདིའི་དྲིལ་བསྒྲགས་ཀྱིས་ས་བབས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། དྲ་ལམ་དང་ཡུལ་དངོས་ཟུང་འབྲེལ་གྱི་ལངས་གཟུགས་རྣམ་པར་བརྟེན་ནས། བརྗོད་དོན་སྒྲོག་བཤད་དང་འགྲེམས་བྱང་འགྲེམས་སྟོན། སྒྲིག་ཆས་ཉམས་ལེན། འཕྲལ་བསྟུན་སྦྱོང་བརྡར། བརྙན་ཐུང་བསྐུར་བ་སོགས་ཀྱི་རྣམ་པ་མང་བོ་མཉམ་འདྲེས་བྱས་ཡོད། འབྲོག་ཁུལ་གྱི་ས་རྒྱ་ཆེ་ཞིང་མི་གྲངས་ཉུང་བའི་ཁྱད་ཆོས་ལ་དམིགས་ཏེ། “སྐྱ་མིའི་དྲིལ་བསྒྲགས་རུ་ཁག”རྩ་འཛུགས་བྱས་ཏེ་ཁྲིམས་ལུགས་དྲིལ་བསྒྲགས་བྱས་ནས། ཁྲིམས་ལུགས་ཀྱི་ཤེས་བྱ་རྩྭ་ཐང་གི་ཕྱོགས་སོ་སོར་བསྐྱལ་ཡོད། ཐེངས་འདིའི་བྱེད་སྒོས“རིག་རྩལ་དང་ཚན་རྩལ། མཉམ་འགུལ”བཅས་འོས་འཚམ་གྱིས་སྤྱད་དེ། སྤྱི་ཚན་གྱི་ཁྲིམས་ལུགས་དེ་མི་དམངས་མང་ཚོགས་ཀྱིས་ཤེས་རྟོགས་ཐུབ་པའི་བདེ་འཇགས་ཀྱི་འགན་སྲུང་དུ་བསྒྱུར་བ་དང་། མཚོ་སྔོན་ཞིང་ཆེན་གྱིས་ལོ་བཅུའི་རིང《འཇིགས་སྐུལ་ངོ་རྒོལ་བཅའ་ཁྲིམས》ལག་ལེན་བྱས་པ་གཅིག་བསྡུས་ཀྱིས་མངོན་ཡོད་ལ། བདེ་འཇགས་བརྟན་བརླིང་ལ་སྲུང་སྐྱོབ་བྱེད་པའི་ཕྱོགས་ནས་གྲུབ་འབྲས་གལ་ཆེན་བླངས། སྡོམ་རྩིས་བྱས་པ་ལྟར་ན། བྱེད་སྒོ་དེ་རིམ་བསགས་ཀྱིས་མང་ཚོགས་འབུམ་གསུམ་ཙམ་ཁེབས་ཡོད་ལ། ཡུལ་དངོས་ནས་དྲིལ་བསྒྲགས་ལག་དེབ་དང་། ཁོར་སྲུང་ཁུག་མ། ཤོག་ཕོར་སོགས་དྲིལ་བསྒྲགས་ཐོན་རྫས་རིགས་ཁྲི་བདུན་ལྷག་བྱིན་ནས། མང་ཚོགས་ཀྱི་འགོག་སྲུང་འདུ་ཤེས་དང་རང་སྲུང་གཞན་སྐྱོབ་ཀྱི་ནུས་པ་མཐོར་འདེགས་བྱས་ཡོད།