ཉེ་ལམ། ཞིང་ལས་ཞིང་སྡེ་པུའུ་དང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ། ཀྲུང་ཧྭ་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་བཅས་ཀྱིས་མཉམ་འབྲེལ་སྒོས་སྒྲུབ་པའི་རྒྱལ་ཡོངས་ཞིང་ལས་ལས་རིགས་ཀྱི་རྩལ་ནུས་འགྲན་བསྡུར་སྐབས་བདུན་པའི་སྲོག་ཆགས་ཀྱི་རིམས་ནད་ཞིབ་བཤེར་མི་སྣའི་རྩལ་ནུས་འགྲན་བསྡུར་གྱི་རྟིང་རྩོད་འགྲན་བསྡུར་ཅི་ལིན་ཞིང་ཆེན་ཁྲང་ཁྲུན་གྲོང་ཁྱེར་དུ་བདེ་བླག་ངང་མཇུག་སྒྲིལ། རྒྱལ་ཡོངས་ཀྱི་ཞིང་ཆེན་སོ་གཅིག་དང་དེ་མིན་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས་ཀྱི་འཐུས་ཚབ་རུ་ཁག་སོ་གཉིས་དང་། འགྲན་ཞུགས་པ་གོ་དྲུག་མཉམ་དུ་འཛོམས་ནས་རྩལ་ནུས་འགྲན་བསྡུར་བྱས། མཚོ་སྔོན་གྱི་འཐུས་ཚབ་རུ་ཁག་དེ་ཞིང་ཆེན་ཡོངས་ཀྱི་རིམས་ནད་ཞིབ་བཤེར་འགྲན་བསྡུར་ཁྲོད་བདམས་ཐོན་བྱུང་བའི་གཞུང་ཕྱོགས་ཀྱི་ཕུལ་བྱུང་ཕྱུགས་ལས་སྨན་པ་གསུམ་གྱིས་གྲུབ་ཡོད་པ་དང་། དེའི་ནང་རུ་མི་གཅིག་ལ་རྒྱལ་ཡོངས་འགྲན་བསྡུར་ཆེན་མོའི་ཁྲོད་ཨང་གསུམ་པའི་བྱ་དགའ་ཐོབ་མྱོང་བས། རང་ཞིང་གི་སྲོག་ཆགས་ཀྱི་རིམས་ནད་ཞིབ་བཤེར་རུ་ཁག་གི་ཆེད་ལས་བྱང་ཚད་དང་དངོས་འཐབ་ནུས་པ་གང་ལེགས་སྒོས་མངོན་ཡོད།
རྒྱལ་ཡོངས་ཀྱི་སྲོག་ཆགས་རིམས་ནད་ཞིབ་བཤེར་ཁྱབ་ཁོངས་ཀྱི་དབང་ཟིལ་ཆེ་བའི་རྩལ་ནུས་འགྲན་བསྡུར་སྟེགས་བུ་ཡིན་པའི་ཆ་ནས། ཐེངས་འདིའི་འགྲན་བསྡུར་ནི་རྩལ་ནུས་ཐད་ཀྱི་འགྲན་བསྡུར་ཞིག་ཡིན་པར་མ་ཟད། རང་ཞིང་གི་གཞུང་ཕྱོགས་ཀྱི་ཕྱུགས་ལས་སྨན་པར་ཕན་ཚུན་བརྗེ་རེས་དང་དཔྱད་གཞིར་འཛིན་པ་དང་། རྩལ་ནུས་ངོམས་པའི་སྟེགས་བུ་ཞིག་བསྐྲུན་ཏེ་ཆེད་ལས་ཀྱི་མཐོང་རྒྱ་བསྐྱེད་པ་དང་ལས་སྒོའི་ནུས་པ་མཐོར་འདེགས་གཏོང་བར་རོགས་འདེགས་བྱས།
ཐེངས་འདིའི་རྒྱལ་ཡོངས་ཀྱི་རྩལ་ནུས་འགྲན་བསྡུར་ཁྲོད་གྲུབ་འབྲས་བཟང་བོ་ལོན་ཆེད། མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིང་གིས་ཚད་མཐོའི་མཐོང་ཆེན་བྱས་ཏེ་དུས་ཐོག་ཏུ་སྐུལ་སློང་བཀོད་སྒྲིག་བྱས་ཤིང་། ཞིང་ཆེན་སྲོག་ཆགས་དང་རྩི་ཤིང་གི་རིམས་ནད་ཞིབ་བཤེར་ས་ཚུགས་ཀྱིས་འཆར་འགོད་བཟང་བོ་བྱས་ཏེ་འགྲན་བསྡུར་ལ་ཞུགས་པའི་རུ་མི་རྣམས་ལ་མ་ལག་རང་བཞིན་དང་དམིགས་སའི་རང་བཞིན་ཡོད་སྒོ་ནས་འགྲན་བསྡུར་སྔོན་གྱི་སྦྱོང་བརྡར་བྱེད་སྒོ་སྤེལ། རིམ་པ་བགར་ནས་གཞུང་ལུགས་ཀྱི་ཟབ་ཚད་དྲག་པ་དང་དངོས་ཡོད་བཀོལ་སྤྱོད་རྩལ་ནུས་མཐོར་འདེགས་གཏོང་བའི་གཅིག་བསྡུས་སྦྱོང་བརྡར་བྱས་ཏེ་རུ་མི་རྣམས་ཀྱི་གཞུང་ལུགས་ཀྱི་རྨང་གཞི་སྲ་བརྟན་དང་དངོས་སྤྱོད་རྩལ་ནུས་ཚད་ལྡན། འགྲན་བསྡུར་སྐབས་ཀྱི་འཕྲལ་བསྟུན་ནུས་པ་མཐོར་འདེགས་བཅས་བཏང་། འགྲན་བསྡུར་སྐབས་སུ། རང་ཞིང་གི་རུ་མི་རྣམས་ཀྱིས་འགྲན་བསྡུར་གྱི་སྒྲིག་སྲོལ་བརྩི་བསྲུང་ནན་མོ་བྱས་ཤིང་། བྱང་ཆུབ་པའི་རྩལ་ནུས་དང་གཟབ་ནན་གྱི་རྣམ་འགྱུར་བརྟེན་ནས་འགྲན་བསྡུར་ཁྲོད་ཞུགས་ཏེ་ལག་རྩལ་བཟང་བོ་དང་སྙིང་སྟོབས་ཆེན་པོ་མངོན་པར་བྱས།