མཚོ་སྔོན་གྱི་སྲིད་འཛིན་ཁྲིམས་འཛུགས་བྱ་བའི་སྤུས་ཚད་དང་ཕན་འབྲས་བརྟན་བརླིང་ངང་མཐོ་རུ་ཕྱིན།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

གསར་འགོད་པས་ཟླ12པའི་ཚེས26ཉིན་འཚོགས་པའི“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཕེལ་རྒྱས་གྲུབ་འབྲས”ཀྱི་མུ་འབྲེལ་བརྗོད་དོན་གཙོ་བོའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་ཞིང་ཆེན་ཁྲིམས་འཛིན་ཐིང་གི་ཆེད་དོན་ཚོགས་འདུ་ནས་ཤེས་རྟོགས་བྱུང་བ་ལྟར་ན།     “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རིང་མཚོ་སྔོན་ཞིང་ཆེན་གྱིས་སྲིད་འཛིན་ཁྲིམས་འཛུགས་བྱ་བའི་རྐྱེན་སྲོལ་གསར་གཏོད་ཐད་འཚོལ་ཞིབ་ཧུར་ཐག་བྱས་ནས་ཁྲིམས་འཛུགས་ཀྱི་སྤུས་ཚད་དང་ཕན་འབྲས་སྔར་བས་མཐོ་རུ་ཕྱིན་ཡོད།

ཏང་གིས་ཁྲིམས་འཛུགས་ལ་འགོ་ཁྲིད་བྱེད་པའི་བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་།    དོན་ཚན་གལ་ཆེན་གྱི་དགོངས་སྐོར་སྙན་ཞུའི་ལམ་ལུགས་ལག་བསྟར་ནན་མོ་བྱས་ཏེ།     ཞིང་ཆེན་ཏང་ཨུས་གཏན་འཁེལ་བྱས་པའི་ཁྲིམས་འཛུགས་དོན་ཚན་གལ་ཆེན་དང་ཁྲིམས་འཛུགས་བྱ་བའི་ཁྲོད་སྒྲིག་སྲོལ་གལ་ཆེན་དང་སྲིད་ཇུས་གལ་ཆེན་ལེགས་སྒྲིག་དང་འབྲེལ་བ་ཡོད་པའི་གནད་དོན།     དེ་བཞིན་ཞིང་ཆེན་སྲིད་གཞུང་གི་ལོ་འཁོར་གྱི་ཁྲིམས་འཛུགས་བྱ་བའི་འཆར་གཞི་དང་ཁྲིམས་འཛུགས་རྣམ་གྲངས་གལ་ཆེན་གྱི་འཆར་ཟིན་བཅས་ཚང་མ་དུས་ཐོག་ཏུ་གོ་རིམ་ལྟར་ཞིང་ཆེན་ཏང་ཨུར་དགོངས་སྐོར་སྙན་ཞུ་ཕུལ་ཏེ།     ཁྲིམས་འཛུགས་བྱ་བ་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་པ་བརྒྱུད་ནས་མདུན་དུ་སྐྱོད་པར་འགན་ལེན་བྱས།

སྤྱི་ཚོགས་ཁྲིམས་འཛུགས་ནང་ཞུགས་པའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་།  ནུས་ཤུགས་ཡོད་རྒུས་སྒོ་འབྱེད་པའི་ཁྲིམས་འཛུགས་ལ་སྐུལ་འདེད་བཏང་ནས་སྤྱི་དམངས་ཟབ་ཞུགས་ཀྱི་ཐབས་ལམ་རྒྱ་བསྐྱེད་པ་དང་།     ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིང་གིས《མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་གཞི་རིམ་ཁྲིམས་འཛུགས་འབྲེལ་གཏུག་ས་ཚིགས་གཏན་འཁེལ་བྱ་རྒྱུའི་སྐོར་གྱི་བརྡ་སྦྱོར》དཔར་འགྲེམ་བྱས་པ་དང་།    སྐོར་ཐེངས་དང་པོའི་ཞིང་ཆེན་སྲིད་གཞུང་གི་གཞི་རིམ་ཁྲིམས་འཛུགས་འབྲེལ་གཏུག་ས་ཚིགས25བཙུགས་ཏེ་སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་འདུན་ཐད་ཀར་ཁྲིམས་འཛུགས་ལ་ཞུ་བའི་བརྒྱུད་རིམ་ཧྲིལ་པོ་སྐུལ་འདེད་བཏང་། དེ་དང་ཆབས་ཅིག་ཞིང་ཆེན་སྲིད་གྲོས་དང་ཁྲིམས་འཛུགས་ཀྱི་གྲོས་མོལ་ལ་ཤུགས་བསྣན་ནས་སྲིད་གྲོས་ཨུ་ཡོན་དང་ཁྲིམས་འཛུགས་གྲོས་མོལ་གྱི་རིག་མཛོད་ཆེད་མཁས་པའི་བསམ་འཆར་དང་གྲོས་གཞིར་རྒྱ་ཁྱབ་ཏུ་ཉན།

“བཅད་ཁ་ཆུང་བ”དང“ཞིབ་ཚགས་ཅན”གྱི་ཁྲིམས་འཛུགས་འཚོལ་ཞིབ་དང་སྐུལ་འདེད་བཏང་།   ཁྲིམས་འཛུགས་ཀྱི་འདུ་ཤེས་བསྒྱུར་ནས“ཆེ་ཞིང་ཚང་བ”མི་བརྩོན་པར“ཆུང་ཞིང་ཞིབ་པ”བརྩོན་ལེན་བྱས་ཏེ།   ཆེད་དམིགས་ཁྱབ་ཁོངས་ལ་དམིགས་ནས་ཆེད་དམིགས་གནད་དོན་ཐག་གཅོད་བྱས་ཏེ།    “བཅད་ཁ་ཆུང་བའི”ཁྲིམས་འཛུགས་རྣམ་གྲངས་ཁག་ཅིག་ལ་ཞིབ་བཤེར་བཟོ་བཅོས་བྱས་ནས། སྒྲིག་སྟངས་ཆ་ཚང་བརྩོན་ལེན་མི་བྱེད་པར“དོན་ཚན་འགའ་ཡོད་ན་དོན་ཚན་འགའ་འཛུགས་རྒྱུ”རྒྱུན་འཁྱོངས་བྱས་ཏེ།    གཙོ་བོ་གནད་དོན་དངོས་ཐག་གཅོད་བྱས་ནས་མཚོ་སྔོན་གྱི་ཁྱད་ཆོས་མངོན་གསལ་དོད་དུ་བཏང་སྟེ་ཁྲིམས་འཛུགས་ཀྱི་གནད་ལ་འཁེལ་ཚད་དང་དངོས་ཕན་རང་བཞིན་མཐོར་འདེགས་བྱས་ཡོད།  དཔེར་ན།《མཚོ་སྔོན་ཞིང་ཆེན་གྱི་བཅའ་ཁྲིམས་རོགས་སྐྱོར་གྱི་གཏན་འབེབས་འགའ》ཡིས་དངོས་གཉེར་གོ་ཆོད་ཀྱི་རིག་ལམ་བརྩི་སྲུང་དང“ཉུང་ཞིང་ཞིབ་པའི”རྣམ་པ་སྤྱད་དེ།     བཅའ་ཁྲིམས་ཀྱི་རོགས་སྐྱོར་བཅའ་ཁྲིམས་ནང་ཁ་གསལ་བྱས་པའི་ནང་དོན་ལ་བསྐྱར་ཟློས་གཏན་འབེབས་བྱས་མེད་པར་མཚོ་སྔོན་གྱི་དངོས་ཡོད་དང་ཟུང་འབྲེལ་བྱས་ཏེ།    གཙོ་བོ་དཔལ་འབྱོར་དཀའ་ཁག་གི་ཚད་གཞི་ངོས་འཛིན་དང་བཅའ་ཁྲིམས་རོགས་སྐྱོར་ཁྱབ་ཁོངས། བཅའ་ཁྲིམས་ཞབས་ཞུའི་ཐོན་ཁུངས་ཀྱི་ས་ཁོངས་བརྒལ་བའི་བཀོད་སྒྲིག་སོགས་ལ་ཁ་གསབ་དང་ཞིབ་ཕྲ་བྱས་ཡོད།     སྒྲིག་སྟངས་ཐད་ལེའུ་མེད་ལ་དོན་ཚན་སྟབས་བདེ་ཁ་གསལ་ཡིན་པས།    བཅའ་ཁྲིམས་ཀྱི་རོགས་སྐྱོར་ཞབས་ཞུའི་ཁྱབ་ནུས་རང་བཞིན་དང་ཕན་ནུས་རང་བཞིན་དངོས་སུ་ཆེ་རུ་ཕྱིན་ཡོད།

ངོ་སྤྲོད་བྱས་པ་ལྟར་ན།     ཞིང་ཆེན་ཁྲིམས་འཛིན་ཐིང་གིས་ཁྲིམས་འཛུགས་བྱ་བའི་རྐྱེན་སྲོལ་གསར་གཏོད་མུ་མཐུད་དུ་གཏིང་ཟབ་ཏུ་གཏོང་བ་དང་།     ཁྱད་ལྡན་ཞིབ་ཚགས་ཀྱི་ཁྲིམས་འཛུགས་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་དང་།   གཙོ་གནད་ཁྱབ་ཁོངས་དང་གསར་དར་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་ལ་ཤུགས་སྣོན་རྒྱུ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས།     ཁྲིམས་ལྟར་སྲིད་འཛིན་དང་དམངས་འཚོ་འགན་སྲུང་སོགས་ཀྱི་དགོས་མཁོར་དམིགས་ཏེ་རྒྱུན་མཐུད་ངང་སྤུས་ཚད་མཐོ་བའི་ལམ་ལུགས་མཁོ་སྤྲོད་བྱེད་པ་དང་། གཞི་རིམ་ཁྲིམས་འཛུགས་འབྲེལ་གཏུག་ས་ཚིགས་ལེགས་པོར་འཛུགས་པ་དང་བེད་སྤྱོད་ཡག་པོ་བྱེད་པ། སྤྱི་དམངས་ཁྲིམས་འཛུགས་ནང་ཞུགས་པའི་ཐབས་ལམ་རྒྱ་སྐྱེད་གཏོང་བ་དང་།   དམངས་ཀྱི་རེ་འདུན་བསྡུ་ལེན་དང་དམངས་ཀྱི་བློ་གྲོས་གཅིག་སྡུད་བྱས་ནས་ཁྲིམས་འཛུགས་ཀྱི་གསལ་ཚད་དང་སྤྱི་དམངས་ཀྱི་མོས་སེམས་ཆེ་རུ་གཏོང་རྒྱུ་རེད། 

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།