
ཟླ12པའི་ཚེས24ཉིན་ནས་ཚེས25ཉིན་བར། སྐྱེ་ཁམས་ཁོར་ཡུག་པུའུ་ཡིས2025ལོའི“ཆུ་དྭངས་རི་ལྗང་ནི་གསེར་རི་དངུལ་རི་ཡིན་པའི”ལག་ལེན་གསར་གཏོད་རྟེན་གཞི་ལ་སྒོ་བྱང་འགེལ་བའི་མཛད་སྒོ་བསྡུས། པདྨ་རྫོང་ལ་ཐེངས་འདིའི་གླེང་སྟེགས་སྟེང་འབྲེལ་ཡོད་ཀྱི་གཟི་བརྗིད་མཚན་སྙན་ཐོབ།“གཙང་གསུམ་འབྱུང་ཡུལ་གྱི་ཅང་ནན་ཆུང་བའི”མཚན་སྙན་ཐོབ་ཡོད་པའི་ས་ཁུལ་འདི་ལ།“མཐོ་གྲང་སྐྱེ་དངོས་རིགས་ཀྱི་བང་མཛོད”དུ་འབོད་པའི་སྨར་ཁོག་ཆུ་ནགས་ཁུལ་གྱི་ནགས་ས་ཡོད་ལ། ནགས་སའི་སྤྱིའི་རྒྱ་ཁྱོན་སྤྱི་ཆིང་ཁྲི25ལས་བརྒལ་བ་དང་། ཀྲུང་ཧྭའི་རྒྱ་གོ་ར་དང་གནའ་བ་སོགས་རྒྱལ་ཁབ་རིམ་པའི་གཙོ་གནད་སྲུང་སྐྱོང་སྲོག་ཆགས་རིགས30ལྷག་འཚོ་སྡོད་བྱས་ཡོད་པ་དང་། སྐྱེ་དངོས་སྣ700ལྷག་སྐྱེས་ཡོད། ལོ་འདི་འགའི་རིང་ལ་པད་མ་རྫོང་གིས“སྐྱེ་ཁམས་དམིགས་སུ་བཟུང་ནས་ལྗང་མདོག་འཕེལ་རྒྱས་གཏོང་བའི”འཐབ་ཇུས་ལ་དམིགས་པ་དང་། འགག་རྩའི་བྱེད་ཐབས་ཆེན་པོ་གསུམ་ལ་བརྟེན་ནས་སྐྱེ་ཁམས་ཀྱི་རྨང་གཞི་སྲ་བརྟན་དུ་བཏང་བས། མཐོ་སྒང་འཕེལ་རྒྱས་ཀྱི་དཀའ་གནད་དངོས་གནས་སེལ་བར་བྱས་ཡོད།

སྐྱེ་ཁམས་སྲུང་ཡོལ་སྲ་བརྟན་དུ་བཏང་ནས་མགོ་ཁུངས་ཆུ་བོར་སྲུང་སྐྱོང་བྱས་པ། ནགས་དཔོན་ལམ་ལུགས་དང་ཆུ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་བ་དང་། མི700ལ་ཉེ་བའི་ཆེད་ལས་སྐྱེ་ཁམས་དོ་དམ་སྲུང་སྐྱོང་དཔུང་ཁག་བཙུགས་ནས། དྲ་མིག་ཅན་དང་རྒྱུན་རྣམ་ཅན་གྱི་སྐོར་སྲུང་མ་ལག་བཙུགས་པ་དང་། རྡོ་ཁོག་དང་སྨར་ཁོག་ཆུ་བོའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སླར་གསོའི་བཟོ་འགོད་ལ་སྐུལ་འདེད་ཏན་ཏིག་བཏང་ནས། བསྡོམས་པས་མིས་བཟོས་ནགས་སྐྲུན་སྤྱི་ཆིང800ལྷག་བྱས་པ་དང་། རྩྭ་ས་ཞན་འགྱུར་སྤྱི་ཆིང3600ལྷག་ལེགས་བཅོས་བྱས་ལ། “ལྔ་བཅུ་བཞིའི”རིང་རྫོང་ཡོངས་ཀྱི་མཁའ་རླུང་སྤུས་ལེགས་ཚད99.7%ཡན་དུ་བརྟན་པོའི་ངང་རྒྱུན་འཁྱོངས་དང་། ས་ངོས་ཀྱི་ཆུ་དང་ཆུ་མགོའི་སྤུས་ཚད100%རྒྱུན་མཐུད་བྱེད་པ། ཀྲུང་ཧྭའི་རྒྱ་གོ་རའི་རིགས་ཁྱུའི་གྲངས་འབོར་བརྒྱ་ལས་བརྒལ་བ་དང་། གནའ་བར་ལྟ་དཔྱད་ཚད་འཇལ་ཆེ་ཤོས་ཀྱི་རིགས་ཁྱུའི་གྲངས་འབོར300ལ་ཉེ་བ་ཟིན་ནས། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱེད་པའི་ཐད་ནས་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད།
སྐྱེ་ཁམས་ཀྱི་རིན་ཐང་མངོན་དུ་བཅུག་སྟེ་ཁྱད་ལྡན་ཐོན་ལས་སྟོབས་ལྡན་དུ་བཏང་བ། ཕྱུགས་ལས་ཐོན་རྫས་ལས་སྣོན་ཞིབ་ཚགས་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། སྐམས་ཤའི་རྒྱ་ཁོག་དང་སྐམས་ཤའི་ཁུ་བ་སོགས་ཀྱི་དངོས་གཉེར་འགྲན་ལམ་གསར་པ་བཏོད་པ་དང་། སྐམས་ཚིལ་གྱི་རྒྱ་ཁོག་དྲོ་རྫས་དང་སྐམས་ཀྱི་རུས་པས་བཟོས་པའི་བཟོ་རྩལ་ཐོན་རྫས་སོགས་ཐོན་རྫས་གསར་སྤེལ་བྱས་པས། “ཁག་གསུམ་ཚོ་བའི”སྐམས་ཤའི་རྒྱ་ཁོག་ཁང་གི་ཚོང་གཉེར་ཡོང་འབབ་སྒོར་ཁྲི400ལས་བརྒལ་བ་དང་། ཐོན་རྫས18གསར་སྤེལ་བྱས་ནས། མི1000ལྷག་ལ་ལོ་རེའི་ཆ་སྙོམས་ཡོང་སྒོ་སྒོར1300འཕར་བར་སྐུལ་ཁྲིད་བྱས།
ཐོན་ལས་གསུམ་མཉམ་འདྲེས་གཏིང་ཟབ་བྱས་ཏེ་སྐྱེ་ཁམས་ཀྱི་ཁེ་སྤོགས་གློད་པ། “རིག་གནས་ཡུལ་སྐོར+” ལ་བརྟེན་ནས་རིན་ཐང་སྣ་མང་སྐུལ་སློང་བྱས་ཏེ། བོད་ཇ་བཏོག་པའི་དུས་ཆེན་བསྟུད་མར་སྤེལ་པ་དང་། “ནས་ནག” གི་དུས་བཞིའི་སྤུས་རྟགས་འཐབ་ཇུས་དང་ཟུང་འབྲེལ་བྱས་ཏེ། མཐོ་སྒང་འཇའ་ཚོན་རྒྱུག མཚོ་སྔོན་ཀན་སུའུ་སི་ཁྲོན་གྱི་རྐང་རྩེད་སྤོ་ལོའི་གདན་ཞུའི་འགྲན་སྡུར་སོགས་ཀྱི་བྱེད་སྒོ་སྤེལ་བས། 2025ལོར་ཡུལ་སྐོར་བ་མི་ཐེངས་ཁྲི12.17ལ་སྣེ་ལེན་བྱས་པ་དང་ཡུལ་སྐོར་ཡོང་འབབ་སྒོར་ཁྲི9554.24མངོན་འགྱུར་བྱུང་། “འབྲོག་ཁྱིམ+མཉམ་ལས་ཁང+ཁེ་ལས”བཅས་ཀྱི་ཁེ་ཕན་མཉམ་འབྲེལ་ནང་རྐྱེན་བཙུགས་ནས། སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང32ཀྱིས་མང་ཚོགས་ཁྲི2ལྷག་ལ་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་དུ་བཅུག
ཐེངས་འདིའི་རྒྱལ་ཡོངས་ཀྱི“ཆུ་དྭངས་རི་ལྗང་ནི་གསེར་རི་དངུལ་རི་ཡིན་པའི”ལག་ལེན་གསར་གཏོད་རྟེན་གཞིའི་མཚན་སྙན་ཐོབ་པ་འདི་ནི། པདྨ་རྫོང་གིས་མཐོ་གྲང་གསོ་རླུང་མི་འདང་བ་དང་། སྐྱེ་ཁམས་ཉམས་ཞན་གྱི་ཁོར་ཡུག་འོག “ལྗང་སྲུང་ལ་ཐོབ་ཆ་ཡོད་པ་དང་འབབ་འཕར་སྐྱེ་ཁམས་ལ་བརྟེན་པའི”རྒྱུན་མཐུད་འཕེལ་རྒྱས་ཀྱི་ཐབས་ལམ་རྒྱལ་ཁའི་ངང་འཚོལ་ཞིབ་བྱས་པའི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་རེད། །