མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་ཁོངས་གཏོགས་ཀྱིས་ཁྱོན་ཡོངས་ནས་བཅོས་སྒྱུར་སྔར་ལས་ཟབ་སྤེལ་བཏང་བ་ལ་བརྟེན་ནས་སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་འདོད་མཚོན་པའི་ཆ་འཕྲིན་ལས་དོན་དང་གྲོང་ཁྱེར་དང་ཁུལ་གྱི་སྲིད་གྲོས་ཀྲུའུ་ཞིའི་བཞུགས་མོལ་ཚོགས་འདུ་འཚོགས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ12པའི་ཚེས25ཉིན། ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་ཁོངས་གཏོགས་ཀྱིས་ཁྱོན་ཡོངས་ནས་བཅོས་སྒྱུར་སྔར་ལས་ཟབ་སྤེལ་བཏང་བ་ལ་བརྟེན་ནས་སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་འདོད་མཚོན་པའི་ཆ་འཕྲིན་ལས་དོན་དང་གྲོང་ཁྱེར་དང་ཁུལ་གྱི་སྲིད་གྲོས་ཀྲུའུ་ཞིའི་བཞུགས་མོལ་ཚོགས་འདུ་འཚོགས།  ཚོགས་ཐོག་ནས་ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱས་ལ། རྒྱལ་ཡོངས་སྲིད་གྲོས་ཀྱི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་དོན་འཁྱོལ་བྱས་ཏེ། སྲིད་གྲོས་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས།  “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་སྔར་ལས་ཞབས་འདེགས་ལེགས་པོ་ཞུ་དགོས་པ་བསྟན། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཚོགས་འདུར་ཞུགས་ནས་གཏམ་བཤད།

ཚོགས་ཐོག་ནས་དམངས་གཙོའི་ཏང་ཁག་གི་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གྲོས་ཀྱི་ཆེད་དོན་ཨུ་ཡོན་ལྷན་ཁང་། གྲོང་ཁྱེར་དང་ཁུལ་གྱི་སྲིད་གྲོས་ཀྱི་འགན་འཁུར་པ། རིག་མཛོད་ཀྱི་ཆེད་མཁས་པའི་འཐུས་མི་རེ་འགའ་བཅས་ཀྱིས་གཏམ་བཤད་བྱས་ཏེ། འགན་འཁྲི་བསྒྲུབས་པའི་ཕན་འབྲས་དང་ལས་ཀའི་ཉམས་མྱོང་ངོ་སྤྲོད་བྱས་པར་མ་ཟད། རང་སོ་སོའི་འགན་འཁྲི་བསྒྲུབས་པའི་ལས་འགན་གཙོ་བོ་དང་སྟབས་བསྟུན་སྒོས་ས་གནས་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་རྒྱུར་རྐང་ཚུགས་པར་བྱས་ཏེ། མ་འོངས་པའི་ལས་ཀའི་བསམ་ཕྱོགས་བཏོན།

མགོན་པོ་བཀྲ་ཤིས་ཀྱིས་བསྟན་དོན། ལོ་གཅིག་གི་རིང་ལ། ཞིང་ཆེན་སྲིད་གྲོས་ཀྱིས་ཞིང་ཆེན་ཡོངས་ཀྱི་ལས་འགན་གཙོ་བོའི་ཁྱོན་ཡོངས་ལ་དམིགས་ནས་འགན་འཁྲི་བསྒྲུབས་ཤིང་།  “ལོ་ལྔའི་འཆར་འགོད་བཅུ་བཞི་པ”མཇུག་ཡག་པོ་སྡུད་པ་དང་“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”འགོ་ཡག་པོ་རྩོམ་པར་རོགས་རམ་བྱ་རྒྱུ་དེ་གཙོ་གནད་དུ་བརྩིས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་བློ་བརྟན་འགྱུར་མེད་ངང་སྤྱད་དེ་བསམ་བློ་དང་བླ་སྲོག་ལ་ངར་བླུད་ནས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་ཏན་ཏིག་ངང་སྤེལ་ཏེ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་སྣེ་ཁྲིད་དང་འགན་སྲུང་ནུས་པ་ཤུགས་ཆེར་གཏོང་བ། མཚོ་སྔོན་ཞིང་ཆེན་སྲིད་གྲོས་བཙུགས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་རབ་དང་རིམ་པ་གྲུབ་འབྲས་ཐོབ་པའི་སྒོ་ནས་གཉེར་བ་དང་། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་གྱི་ཁྱོན་ཡོངས་ལ་དམ་པོར་ཟུང་འབྲེལ་བྱས་ནས་སྲིད་གྲོས་དང་གྲོས་འགོ་བཏོན་ལ། ཐོག་མཐའ་བར་གསུམ་དུ་མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོའི་དར་ཆ་མཐོན་པོར་བསྒྲེངས་བ་དང་།  མི་དམངས་སྲིད་གྲོས་ཀྱིས་མི་དམངས་ལ་ཞབས་འདེགས་ཞུ་བའི་འདུ་ཤེས་ལག་ལེན་གང་ལེགས་བྱས་ཏེ། སྲིད་གྲོས་ཀྱི་འགན་འཁྲི་སྒྲུབ་པའི་ནུས་པ་འཛུགས་སྐྲུན་ལ་མུ་མཐུད་དུ་ཤུགས་བསྣན་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་བྱས་རྗེས་ཆེན་པོ་བཞག་སྟེ། ལོ་ཧྲིལ་བོའི་འགན་འཁྲི་ཡོངས་འགྲུབ་བྱེད་དགོས།

མགོན་པོ་བཀྲ་ཤིས་ཀྱིས་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་ཀྱིས་ཀྲུང་གུང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་ནན་མོ་བྱས་ཏེ། སློབ་སྦྱོང་གི་ཕན་འབྲས་དེ་སྲིད་གྲོས་ཀྱི་ལས་འགན་སྒྲུབ་པའི་ལག་ལེན་ཁྲོད་མངོན་པར་བྱེད་པ་དང་། བློ་གྲོས་དང་སྟོབས་ཤུགས་ཅི་ཡོད་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་སྤྱིའི་ཁྲོད་ནས་གཅིག་སྒྲིལ་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དོན་འཁྱོལ་དང་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་ཆེད་སྲིད་གྲོས་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུར་དམིགས་ནས་ཐབས་ཇུས་དང་ནུས་ཤུགས་འབུལ་བ་དང་། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་རྒྱུ་དེ་ལས་འགན་སྒྲུབ་པའི་གཙོ་གནད་དུ་བརྩིས་ནས། སང་ལོའི་གྲོས་མོལ་སྲིད་གྲོས་ལས་དོན་ལ་ཚན་རིག་དང་མཐུན་པའི་སྒོ་ནས་འཆར་འགོད་བྱེད་དགོས། བཅོས་སྒྱུར་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ཀྱི་དཀའ་གནད་ཐག་གཅོད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྲིད་གྲོས་ལས་དོན་ལམ་ལུགས་ཅན་དང་ཚད་ལྡན་ཅན། གོ་རིམ་ཅན་བཅས་འཛུགས་སྐྲུན་བྱེད་པར་མུ་མཐུད་དུ་སྐུལ་འདེད་གཏོང་དགོས། ཆབ་སྲིད་ཀྱི་རང་རྟོགས་ཚད་མཐོན་པོར་བརྟེན་ནས་སྲིད་གྲོས་ཀྱི་གསར་འགྱུར་དྲིལ་སྒྲོག་ལས་དོན་ལེགས་པོར་བསྒྲུབས་ནས། སྲིད་གྲོས་ལས་དོན་གྱི་དུས་རབས་ཀྱི་ཉམས་འགྱུར་མངོན་པར་བྱེད་དགོས། མང་ཚོགས་དང་འབྲེལ་གཏུག་བྱེད་པའི་ཟམ་པ་དང་འབྲེལ་ཐག་ཤར་གཏོང་ཐུབ་པར་བྱེད་རྒྱུ་དང་། སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་འདོད་ཀྱི་ཆ་འཕྲིན་ལས་དོན་དམ་འཛིན་ནན་མོ་བྱེད་དགོས། ཚད་གཞི་མཐོ་བ་དང་བླང་བྱ་ནན་མོ་རྒྱུན་འཁྱོངས་བྱས་ཏེ། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་གྲ་སྒྲིག་ལས་དོན་ཁག་ཡོངས་འགྲུབ་བྱས་ནས། གྲོས་ཚོགས་ལེགས་འགྲུབ་ཡོང་བར་འགན་ལེན་བྱེད་དགོས།

རིན་ཆེན་རྣམ་རྒྱལ་དང་ཁོང་ཡུང་། ཝང་ཀྲེན་ཁྲང་། ཀྲང་ཞའོ་རུང་། ལི་ཞའོ་ནན། ཐེན་ཁུའེ། ལིའུ་ཏ་ཡེ། མ་ཡུའེ་ཞང་བཅས་ཚོགས་འདུར་ཞུགས།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།