ཞིང་བཟོ་ཏང་མཚོ་སྔོན་ཞིང་ཆེན་སྐབས་བརྒྱད་པའི་ཨུ་ཡོན་ཚང་འཛོམས་རྒྱལ་འཛོམས་གྲོས་ཚོགས་ཐེངས་དྲུག་པ་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ12པའི་ཚེས26ཉིན། ཞིང་བཟོ་ཏང་མཚོ་སྔོན་ཞིང་ཆེན་སྐབས་བརྒྱད་པའི་ཨུ་ཡོན་ཚང་འཛོམས་རྒྱས་འཛོམས་གྲོས་ཚོགས་ཐེངས་དྲུག་པ་བསྡུས། ཚོགས་འདུའི་ཐོག་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་ཞིང་བཟོ་ཏང་སྐབས་བཅུ་བདུན་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་བཅས་བརྒྱུད་སྒྲོག་སློབ་སྦྱོང་བྱས་པ་དང་།  འབྲེལ་ཡོད་ཀྱི་བྱ་བའི་སྙན་ཞུར་གྲོས་ཞིབ་བྱས་ལ། ཨུ་ཡོན་གསབ་འདེམས་བྱས།

ཚོགས་འདུའི་ཐོག་ལོ་གཅིག་གི་རིང་ལ། ཞིང་བཟོ་ཏང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་བློ་སྒྲིལ་སེམས་སྐྱེད་བྱེད་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་རེ་རེའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། “གཏན་འབེབས་སློབ་སྦྱོང་དང་།  སྤྱོད་ཚུལ་ཇེ་དྲག་ཏུ་གཏོང་བ། སྣང་བརྙན་བསྐྲུན་པ”ཞེས་པའི་བརྗོད་དོན་སློབ་གསོ་ཏན་ཏིག་ངང་སྤེལ་རྒྱུ་དེ་གཞི་འཛིན་སར་བྱས་ནས། ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་བྱ་བ་སོ་སོ་སྐས་རིམ་གསར་པར་བསྐྱོད་རྒྱུར་སྐུལ་འདེད་བཏང་ཡོད།  སྲིད་ཞུགས་སྲིད་གླེང་གི་ནུས་པ་ཕྱོགས་ཡོངས་ནས་མཐོ་རུ་བཏང་སྟེ། རང་ངོས་ཀྱི་ལེགས་ཆར་བརྟེན་ནས་ལྟེ་བའི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བར་ཕན་འབྲས་སྔར་ལས་ལྡན་པ་དང་། སྤྱི་ཚོགས་ལ་ཞབས་འདེགས་ཞུ་བར་ནུས་པ་ལྡན་པ།  དམངས་གཙོའི་ལྟ་སྐུལ་ཚད་ལྡན་དང་གོ་རིམ་ལྡན་པ། རྩ་འཛུགས་འཛུགས་སྐྱོང་དང་འགན་འཁྲི་སྒྲུབ་པའི་ནུས་པ་འཛུགས་སྐྲུན། སྤྱོད་ཚུལ་འཛུགས་སྐྱོང་བཅས་ལ་འཕེལ་རྒྱས་གསར་པ་བྱུང་ཡོད་ཅེས་བསྟན།

ཚོགས་འདུ་ལས2026ལོ་ནི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་འགོད་འགོ་རྩོམ་པའི་ལོ་ཡིན། ཞིང་བཟོ་ཏང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས། ཞིང་ཆེན་ཡོངས་ཀྱི་ཞིང་བཟོ་ཏང་གི་ཏང་ཡོན་དང་རང་གིས་འབྲེལ་བ་བྱེད་པའི་མང་ཚོགས་ལ་སྣེ་ཁྲིད་དེ་ཡིད་ཆེས་བརྟན་པོ་དང་སྙིང་སྟོབས་ཆེར་སྐྱེད་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་རྒྱ་ཁྱབ་ངང་མི་སེམས་གཅིག་སྒྲིལ་དང་།  ངོས་འཛིན་གཅིག་སྒྲིལ། བློ་གྲོས་གཅིག་སྒྲིལ། སྟོབས་ཤུགས་གཅིག་སྒྲིལ་བཅས་བྱེད་དགོས། མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་འཕེལ་རྒྱས་དེ་ཞིང་ཆེན་ཡོངས་ཀྱི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཕེལ་རྒྱས་འཆར་འགོད་ཁྲོད་དུ་འཇོག་པར་རང་འགུལ་སྒོས་སྐུལ་འདེད་གཏོང་བ་དང་།   བློ་བརྟན་འགྱུར་མེད་སྒོས་བསམ་བློའི་ཆབ་སྲིད་བྱ་བར་བརྟེན་ནས་སྲིད་ཞུགས་འགན་འཁྲི་སྒྲུབ་པ་དང་རང་ངོས་འཛུགས་སྐྲུན་གྱི་སྤྱིའི་བསམ་ཕྱོགས་དོན་འཁྱོལ་བྱས་ཏེ། བཀའ་དྲིན་ཚོར་བ་དང་། བརྩེ་སེམས་ལྡན་པ། དངོས་སྒྲུབ་ལ་མཐོང་ཆེན་བཅས་བྱས་ཏེ། འཕེལ་རྒྱས་ཀྱི་འཕར་རྩ་ལ་དམ་པོར་དམིགས་པ་དང་།  སྤྱི་ཡོངས་ཀྱི་ཞབས་ཞུའི་དགོས་མཁོ།  མི་མང་པོའི་བློ་གྲོས་གཅིག་སྡུད་དང་བསམ་འཆར་འདོན་པ། ཐབས་ཇུས་བཟང་པོ་འདོན་པ་བཅས་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་རྣམ་པ་གསར་པ་བསྐྲུན་ཆེད་མུ་མཐུད་འབད་བརྩོན་བྱེད་དགོས་པ་ནན་གྱིས་བསྟན།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།