ཉེ་ཆར། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་འགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཚོགས་འདུ་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་མཛུབ་སྟོན་གལ་ཆེན་དང་ཀྲུང་དབྱང་གི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཤིང་། ཞིང་ཆེན་ཏང་ཨུའི་བླང་བྱ་དོན་འཁྱོལ་བྱས་པ་དང་། ཞིང་ཆེན་སྲིད་གཞུང་གིས་ཀྲུང་དབྱང་གི་སྐོར་ཞིབ་ཕྱིར་ལྡོག་བསམ་འཆར་བཅོས་སྒྲིག་དང་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་སོགས་ཀྱི་བྱ་བར་སྐུལ་འདེད་གཏོང་རྒྱུའི་ཞིབ་འཇུག་བཀོད་སྒྲིག་བྱས།
ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནར་མ་སོན་པའི་མིའི་བསམ་བློ་ཀུན་སྤྱོད་འཛུགས་སྐྲུན་ལ་གནང་བའི་མཛུབ་སྟོན་གལ་ཆེན་དང་ནར་མ་སོན་པའི་མིའི་བསམ་བློ་ཀུན་སྤྱོད་འཛུགས་སྐྲུན་བྱ་བའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། བློ་བརྟན་འགྱུར་མེད་ངང་ཀུན་སྤྱོད་ལ་བརྟེན་ནས་མི་གཞི་སྐྱོང་བའི་རྩ་བའི་ལས་འགན་དོན་འཁྱོལ་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་གསར་བརྗེ་ཐོན་ཁུངས་སྔོག་འདོན་གང་ལེགས་དང་བཀོལ་སྤྱོད་ལེགས་པོ་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་ཆགས་རྒྱུ་དང་། རྒྱ་ཆེའི་གཞོན་ནུ་ལོ་ཆུང་རྣམས་ཀྱིས་ཕུགས་འདུན་དད་སེམས་བརྟན་པོ་ཡོང་བ་དང་། རྒྱལ་ཁབ་དང་ཁྱིམ་ཚང་གི་བརྩེ་བ་ཇེ་ཟབ་ཏུ་གཏོང་བར་སློབ་གསོའི་ཁྲིད་སྟོན་བྱེད་དགོས། མཐུན་སྦྱོར་ངང་མི་གསོ་སྐྱོང་བྱེད་པའི་ལས་ཀའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་རྒྱུ་ཇེ་མགྱོགས་སུ་གཏོང་བ་དང་། “ཁྱིམ་ཚང་དང་སློབ་གྲྭ སྤྱི་ཚོགས”བཅས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ། སྤྱི་ཚོགས་ཡོངས་ཀྱིས་ཐུན་མོང་ཐོག་ནར་མ་སོན་པའི་མི་བདེ་ཐང་ངང་འཚར་ལོངས་ཡོང་བར་དོ་ཁུར་དང་རྒྱབ་སྐྱོར་བྱེད་པའི་སྒྲིལ་ཤུགས་དྲག་པོ་ཞིག་ཆགས་པར་བྱ་དགོས། ནུས་ཤུགས་གང་ཡོད་ཀྱིས་བདེ་ཐང་ངང་འཚར་ལོངས་ཡོང་བའི་ཁོར་ཡུག་བསྐྲུན་ནས་ནར་མ་སོན་པའི་མིར་སྲུང་སྐྱོབ་དང་ཁྲིམས་འགལ་ཉེས་གསོག་འགོག་བཅོས་ལ་ཤུགས་བསྣན་ཏེ་ཐུན་མོང་ཐོག་ནར་མ་སོན་པའི་མི་བདེ་ཐང་ངང་འཚར་ལོངས་འབྱུང་བ་དང་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་ཡར་སྐུལ་གཏོང་དགོས་པ་ནན་གྱིས་བསྟན།
ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐོར་ཞིབ་བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་དགོས་པ་དང་། སྐོར་ཞིབ་བཅོས་སྒྲིག་དེ“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། མཐའ་གཅིག་ཏུ“སྲུང་སྐྱོང་གཉིས” ལེགས་པར་བསྒྲུབ་པའི་ཞིབ་ཕྲའི་བྱ་སྤྱོད་ཅིག་ཏུ་བརྩིས་ཏེ། ཆབ་སྲིད་ཀྱི་སྣེ་ཁྲིད་དང་གནད་དོན་གྱི་ཕྱོགས་སྟོན། རྩ་ལག་མཉམ་བཅོས། གཅིག་འདོམས་ལྟ་རྟོག་བཅས་རྒྱུན་འཁྱོངས་བྱས་ཏེ། བཅོས་སྒྲིག་གི་འགན་འཁྲི་ཕྱོགས་ཡོངས་ནས་དངོས་འབེབས་བྱེད་པ་དང་། བཅོས་སྒྲིག་གི་མྱུར་ཚད་ཇེ་མགྱོགས་སུ་གཏོང་བ། སྤུས་ཚད་ཀྱི་ཚད་གཞི་མཐོར་འདེགས་གཏོང་བ། འཕེལ་རྒྱས་ཀྱི་ཕན་འབྲས་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་པ། ཚད་གཞི་དེ་བས་མཐོ་བ་དང་བླང་བྱ་དེ་བས་ནན་མོ། བྱེད་ཐབས་དེ་བས་ནུས་ལྡན་བཅས་ཀྱི་ཐོག་ནས་སྐོར་ཞིབ་ཕྱིར་ལྡོག་བསམ་འཆར་བཅོས་སྒྲིག་དམ་འཛིན་ཡག་པོ་བྱས་ཏེ། བཅོས་སྒྲིག་གྲུབ་འབྲས་དེ་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དངོས་ཡོད་ཀྱི་ཕན་འབྲས་སུ་བསྒྱུར་རྒྱུར་འབད་བརྩོན་བྱེད་དགོས་པ་ནན་གྱིས་བསྟན།
ཚོགས་འདུའི་ཐོག་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཁོངས་མིའི2025ལོའི་ལོ་འཁོར་དུ་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་བྱེད་པོའི་འགན་འཁྲི་དང“ལས་གནས་གཅིག་ལ་འགན་འཁྲི་གཉིས”དོན་འཁྱོལ་བྱས་ཚུལ་གྱི་སྙན་ཞུར་ཉན། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཏང་གི་ཆབ་སྲིད་འཛུགས་སྐྲུན་གྱིས་སྤྱི་ཁྱབ་བཀོད་འདོམས་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་བླང་བྱ་དེ་སྲིད་གཞུང་བྱ་བའི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་སོ་སོར་ཁྱབ་པར་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལེའུ་འབད་པས་འབྲི་རྒྱུར་ཆབ་སྲིད་ཀྱི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱ་དགོས་པ་ནན་གྱིས་བསྟན།
ཚོགས་འདུའི་ཐོག་དོན་ཚན་གཞན་དག་ལའང་ཞིབ་འཇུག་བྱས།