རང་ཞིང་གིས་འཇིགས་སྐུལ་གཏུམ་སྤྱོད་དང་འབྲེལ་བའི་ཁུངས་སྣེ་ཐེར་འདོན་བྱེད་མཁན་ལ་བྱ་དགའ་སྤྲོད་པའི་བྱེད་ཐབས་བཏོན།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ལོ་ཙཱ་བ། ལྷ་ཆེན་རྒྱལ།

དོན་ཚན་དང་པོ།

སྤྱི་བདེ་ལས་ཁུངས་ཀྱི་ལས་དོན་དང་མང་ཚོགས་ལམ་ཕྱོགས་ཀྱི་ལས་དོན་གཉིས་ཟུང་འབྲེལ་ནུས་ལྡན་ཡོང་བར་སྔར་བས་སྐུལ་འདེད་དང་། སྤྱི་དམངས་ཀྱིས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་འདུ་ཤེས་ཆེར་བསྐྱེད།འཇིགས་སྐུལ་གཏུམ་སྤྱོད་དང་འབྲེལ་བའི་ཁུངས་སྣེ་མང་ཚོགས་ཀྱིས་སྙན་སེང་ཞུ་བར་སྐུལ་སློང་བཅས་བྱ་ཆེད། རང་ཞིང་གི་དོན་དངོས་གནས་ཚུལ་ལ་གཞིགས་ནས་བྱེད་ཐབས་འདི་བཟོས།

དོན་ཚན་གཉིས་པ།

འཇིགས་སྐུལ་གཏུམ་སྤྱོད་དང་འབྲེལ་བའི་ཁུངས་སྣེའི་ནང་དུ་སྒྲིག་འཛུགས་དང་། ཇུས་འགོད། ལག་བསྟར་རམ་ངན་སྐུལ་ལག་བསྟརEd། དེ་བཞིན་འབྲེལ་ཡོད་དོགས་གཞི་ཡོད་པའི་མི་དང་།བྱ་བ།དངོས་པོ་སོགས་ཀྱི་ཁུངས་སྣེ་སོགས་འདུ་བ་དང་། ཁུངས་སྣེ་བསྡུ་ལེན་དང་།དཔྱད་བསྡུར་གཏན་འབེབས།བྱ་དགའ་སྤྲོད་པ་སོགས་ཀྱི་ལས་དོན་དེ་གྲོང་ཁྱེར(ཁུལ)དང་རྫོང(ཆུས།སྲིད་འཛིན་ཨུ་ལྷན)སྤྱི་བདེ་ལས་ཁུངས་ཀྱིས་གཅིག་གྱུར་སྒྲིག་འཛུགས་ཐོག་ལག་བསྟར་བྱེད་རྒྱུ།

དོན་ཚན་གསུམ་པ།

མང་ཚོགས་ཀྱིས་འཇིགས་སྐུལ་གཏུམ་སྤྱོད་དང་འབྲེལ་བའི་ཁུངས་སྣེ་ཤེས་རྟོགས་བྱུང་བའམ་ཡང་ན་ཤེས་རྟོགས་བྱུང་ཚེ་གཤམ་གསལ་གྱི་ཐབས་ལམ་བརྒྱུད་ཐེར་འདོན་བྱེད་ཆོག་པ་སྟེ།

(གཅིག)ཉེན་བརྡའི་ཁ་པར“110”ལ་་ཁ་པར་བརྒྱབ་ནས་ཐེར་འདོན་བྱ་ཆོག

(གཉིས།)མཚོ་སྔོན་ཉེན་བརྡའི་ལས་སྟེགས་ལ་འཕྲིན་ཐུང་བསྐུར་ནས་ཐེར་འདོན་བྱེད་པ།

(གསུམ།)གྲོང་ཁྱེར(ཁུལ)དང་།རྫོང(ཆུས་དང་སྲིད་འཛིན་ཨུ་ལྷན)གི་སྤྱི་བདེ་ལས་ཁུངས་ཀྱིས་ཁྱབ་བསྒྲགས་བྱས་པའི་ཁ་པར་དང་འཕྲིན་ཐུང་སོགས་ཀྱི་ལམ་ནས་ཐེར་འདོན་བྱ་ཆོག

(བཞི)འཕྲིན་ཡིག་ལ་བརྟེན་ནས་སྤྱི་བདེ་ལས་ཁུངས་ལ་ཐེར་འདོན་བྱེད་པ།

(ལྔ)སྤྱི་བདེ་ལས་ཁུངས་སུ་འགྲོ་བའམ་ཡང་ན་ལས་སྒྲུབ་མི་དམངས་ཉེན་རྟོག་པར་ཐད་ཀར་ཐེར་འདོན་བྱ་ཆོག།

དོན་ཚན་བཞི་པ།

མང་ཚོགས་ཀྱིས་ཐེར་འདོན་བྱས་ཤིང་སྤྱི་བདེ་ལས་ཁུངས་ཀྱིས་ཁུངས་དེ་སྤྱད་པ་ཡིན་ན་དེའི་ནུས་པ་དང་ཕན་འབྲས་སོགས་ལ་གཞིགས་ནས་དཔྱད་བསྡུར་རིམ་པ་གཏན་འབེབས་བྱ་རྒྱུ།   དེ་ཡང་དམིགས་བསལ་རིམ་པའི་ཁུངས་སྣེ་ནི་གཏུམ་སྤྱོད་འཇིགས་སྐུལ་གྱི་དོན་རྐྱེན་སྔོན་འགོག་དང་མྱུལ་ཞིབ་བྱ་ཆེད་ནུས་པ་གལ་ཆེན་འདོན་ཆེད། མི་དངརྒྱུ་ནོར་ལ་གྱོང་གུན་ཚབས་ཆེན་ལ་གཡོལ་ཏེ། བྱས་རྗེས་ཧ་ཅང་མངོན་གསལ་ཡོད་པའི་ཁུངས་སྣེ་ལ་གོ།

རིམ་པ་དང་པོའི་ཁུངས་སྣེ་ནི། གཏུམ་སྤྱོད་འཇིགས་སྐུལ་གྱི་དོན་རྐྱེན་སྔོན་འགོག་དང་མྱུལ་ཞིབ་བྱ་ཆེད་ནུས་པ་གལ་ཆེན་འདོན་ཆེད། མི་དང་རྒྱུ་ནོར་གྱོང་གུན་མི་ཤོར་བའི་ཆ་་ནས་ལེགས་སྐྱེས་མངོན་གསལ་བཞག་པའི་ཁུངས་སྣེ་ལ་གོ།

རིམ་པ་གཉིས་པའི་ཁུངས་སྣེ། གཏུམ་སྤྱོད་འཇིགས་སྐུལ་དོན་རྐྱེན་ལ་དོགས་ཟོན་དང་མྱུལ་ཞིབ་བྱ་ཆེད་ནུས་པ་ཆེན་པོ་ཐོན་པའི་ཁུངས་སྣེ་ཞིག་རེད།

རིམ་པ་གསུམ་པའི་ཁུངས་སྣེ་ནི། གཏུམ་སྤྱོད་འཇིགས་སྐུལ་གྱི་དོན་རྐྱེན་སྔོན་འགོག་དང་མྱུལ་ཞིབ་བྱ་ཆེད་ནུས་པ་ངེས་ཅན་འདོན་ཐུབ་པའི་ཁུངས་སྣེ་ལ་གོ།

དོན་ཚན་ལྔ་པ།

འཇིགས་སྐུལ་གཏུམ་སྤྱོད་དང་འབྲེལ་བའི་ཁུངས་སྣེར་བྱ་དགའ་སྤྲོད་སྟངས་ནི་ཁུངས་སྣེ་དཔྱད་འདེམས་ཀྱི་རིམ་པ་ལྟར་བྱ་དགའི་དངུལ་སྟེར་རྒྱུ་སྟེ། དམིགས་གསལ་རིམ་པའི་ཁུངས་སྣེ་ལ། རྩ་དོན་ཐོག་སྒོར200000ནས་སྒོར500000ཡི་བྱ་དགའ་སྟེར་རྒྱུ།

རིམ་པ་དང་པོའི་ཁུངས་སྣེ་ལ།རྩ་དོན་ཐོག་སྒོར100000ནས་སྒོར200000ཡི་བྱ་དགའ་སྟེར་རྒྱུ།

རིམ་པ་གཉིས་པའི་ཁུངས་སྣེ་ལ།རྩ་དོན་ཐོག་སྒོར50000ནས་སྒོར100000ཡི་བྱ་དགའ་སྟེར་རྒྱུ།

རིམ་པ་གསུམ་པའི་ཁུངས་སྣེ་ལ། རྩ་དོན་ཐོག་སྒོར10000ནས་སྒོར50000ཡི་བྱ་དགའ་སྟེར་རྒྱུ་དང་དམིགས་བསལ་གྱི་གལ་འགངས་ཆེ་བའི་ཁུངས་སྣེར་གོང་གསལ་གྱི་བྱ་དགའི་དངུལ་ཀྱི་ཚད་བཀག་མེད།

དོན་ཚན་དྲུག་པ།

འཇིགས་སྐུལ་གཏུམ་སྤྱོད་དང་འབྲེལ་བའི་ཁུངས་སྣེའི་རིམ་པ་གཏན་འབེབས་དང་སྤྲད་བྱའི་བྱ་དགའ་དེ་རྩ་དོན་ཐོག་ལོ་ཕྱེད་རེར་ཚོགས་ཆུང་གིསབྱ་དགའ་སྒོར170304དཔྱད་བསྡུར་གཏན་འབེབས་བྱས་ནས་སྤྲད་རྒྱུ།  

དོན་ཚན་བདུན་པ།

མང་ཚོགས་ཀྱིས་ཐེར་འདོན་བྱས་པའི་ཁུངས་སྣེ་དེ་བྱ་དགའི་ཚད་གཞི་དང་མཐུན་ཚེ། ཐེར་འདོན་བྱེད་མཁན་གྱིས་ཐེར་འདོན་བྱས་པའི་ཁུངས་སྣེ་བསྡུ་མཁན་སྤྱི་བདེ་ལས་ཁུངས་ཀྱིས་ཐེར་འདོན་པར་བྱ་དགའི་བརྡ་ཐོ་གཏོང་དགོས། གལ་སྲིད་བརྡ་ཐོ་མ་འབྱོར་བ་དང་ཐེར་འདོན་ཁུངས་སྣེ་བེད་སྤྱོད་མ་བཏང་ཚེ་བྱ་དགའ་མེད། མིང་མེད་ཐེར་འདོན་བྱས་པ་ཡི་ཐོབ་ཐང་གསལ་བོ་ཤེས་་ཐབས་མེད་ན་བྱ་དགའི་ཁྱབ་ཁོངས་སུ་མི་འཇོག

འཇིགས་སྐུལ་གཏུམ་སྤྱོད་དང་འབྲེལ་བའི་ཐེར་འདོན་ཁུངས་སྣེ་ཐག་གཅོད་བྱ་རྒྱུ་དེ་གསང་འབྲེལ་དོན་ཚན་དུ་གཏོགས་པས།སྤྱི་དམངས་ཀྱིས་བྱ་དགའི་གནས་ཚུལ་འདྲི་རྩད་བྱེད་མི་རུང་།

དོན་ཚན་བརྒྱད་པ།

ཐེར་འདོན་བྱེད་མཁན་ལ་བྱ་དགའི་བརྡ་ཐོ་འབྱོར་ཉིན་ནས་བཟུང་ཉིན30ནང་ཚུན་དུ་རང་ཉིད་དམ་མི་གཞན་ལ་མངགས་བཅོལ་བྱས་ནས་བྱ་དགའ་ལེན་དུ་ཡོང་དགོས། དུས་ཡོལ་ཚེ་རང་འདོར་ལ་བརྩི་ངེས།

དོན་ཚན་དགུ་པ།

ཐེར་འདོན་ལ་ཁ་གཡར་ནས་མི་གཞན་ལ་སྙོན་འཛུགས་ཞུ་གཏུག་དང་མ་ཉེས་ཁག་གཡོགས་བྱེད་པ་དང་།འཇིགས་སྐུལ་ཆ་འཕྲིན་རྫུན་མ་བཟོ་བ་དང་ཁྱབ་སྤེལ་བྱེད་པ།ཉེན་རྟོག་པའི་གནས་ཚུལ་རྫུན་ཞུ་བྱེད་པ་སོགས་ཀྱི་བྱ་སྤྱོད་རིགས་ལ་ཁྲིམས་འགན་འདེད་རྒྱུ།

དོན་ཚན་བཅུ་པ།

སྤྱི་བདེ་ལས་ཁུངས་ཀྱིས་ངེས་པར་དུ་ཐེར་འདོན་བྱེད་མཁན་གྱི་བདེ་འཇགས་ལ་འགན་སྲུང་བྱ་དགོས་ཏེ།  བདེན་དཔང་རྩད་གཅོད་དང་།  དྲིལ་སྒྲོག བྱ་དགའ་སྤྲོད་པའི་གོ་རིམ་ཁྲོད་དུ་ཐེར་འདོན་བྱེད་མཁན་མི་སྒེར་གྱི་ཆ་འཕྲིན་ཕྱིར་བསྒྲགས་མི་རུང་། གལ་ཏེ་ཐེར་འདོན་བྱེད་མཁན་གྱི་ཆ་འཕྲིན་ཕྱིར་བསྒྲགས་པ་ཡིན་ན། འབྲེལ་ཡོད་མི་སྣར་བཅའ་ཁྲིམས་ཀྱི་འགན་འདེད་རྒྱུ།

དོན་ཚན་བཅུ་གཅིག་པ།

བྱེད་ཐབས་འདི་ཁྱབ་བསྒྲགས་བྱས་ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།