ཟླ12པའི་ཚེས23ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་འགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་དངོས་འབེབ་བྱས་ལ། དཔའ་འབྱོར་འཁོར་སྐྱོད་དང་ཡུལ་རྣམ་གསར་པ་གསོ་སྐྱོང་སྒོ་འབྱེད་བྱེད་པ། དམངས་སྤྱོད་མཁའ་འགྲུལ། སྦྲེལ་དྲའི་སྟེགས་བུའི་དཔའ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་བ། རྫོང་ཁོངས་ཀྱི་སྨན་ཞབས་མཐུན་ཚོགས་འཛུགས་སྐྱོང་སོགས་ཀྱི་བྱ་བར་ཞིབ་འཇུག་བཀོད་སྒྲིག་བྱས།
གྲོས་ཚོགས་ལས་ཉེ་ལམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་བྱས། རང་ཞིང་སང་ལོའི་དཔལ་འབྱོར་བྱ་བ་ཚན་རིག་དང་མཐུན་པའི་སྒོ་ནས་འཆར་འགོད་བྱས་ཏེ། དཔལ་འབྱོར་བརྟན་བརླིང་ཁྲོད་ལེགས་ཕྱོགས་སུ་འགྲོ་བའི་འཕེལ་ཕྱོགས་རྒྱུན་ཆད་མེད་པར་སྲ་བརྟན་དང་རྒྱ་སྐྱེད་བཏང་སྟེ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགོ་ཡག་པོ་རྩོམ་པར་ཁག་ཐེག་བྱེད་དགོས། ནུས་ཁུངས་གྲོན་ཆུང་དང་ཐཱན་ཉུང་ལ་སྐུལ་འདེད་ཏན་ཏིག་བཏང་ནས། དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཁྲོད་ལྗང་མདོག་ཚུལ་སྒྱུར་ལ་སྐུལ་འདེད་གཏོང་བ་དང་། ལྗང་མདོག་ཚུལ་སྒྱུར་ཁྲོད་དུ་འཕེལ་རྒྱས་སྔར་ལས་ལེགས་པོ་མངོན་འགྱུར་བྱེད་དགོས། ཁེ་ལས་དང་འབྲེལ་བ་ཡོད་པའི་སྲིད་འཛིན་ཁྲིམས་བསྟར་ཚད་ལྡན་དུ་བཏང་སྟེ། ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་མུ་མཐུད་དུ་ཇེ་ལེགས་སུ་གཏོང་དགོས། བདེ་འཇགས་ཉེན་ཁའི་མངོན་མེད་རྐྱེན་ངན་སྣ་ཚོགས་ལ་ཞིབ་བཤེར་བཅོས་སྐྱོང་གཏིང་ཟབ་བྱས་ཏེ། ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་སྲུང་ཡོལ་བརྟན་པོ་བསྐྲུན་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་བྱ་དགོས། ཡུན་ཕན་རྐྱེན་སྲོལ་མགྱོགས་མྱུར་སྒོས་འཐུས་ཚང་དུ་བཏང་ནས། སྲ་གཟུགས་སྙིགས་རོའི་ཕྱོགས་བསྡུས་བཅོས་སྐྱོང་གཏིང་ཟབ་ཏུ་གཏོང་དགོས། མུ་ཕྲེང་ཡོངས་ཀྱི་ཐ་མག་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་བཏང་ནས། བདེ་ཐང་དང་གོ་རིམ་ལྡན་པའི་ཁྲོམ་རའི་ཁོར་ཡུག་སྲུང་སྐྱོང་བྱ་དགོས་པ་ནན་གྱིས་བསྟན།
གྲོས་ཚོགས་ལས་མཚོ་སྔོན་གྱི་ཐོན་ཁུངས་ཀྱི་སྐྱེས་སྟོབས་དང་ཁྱད་སྟོབས་ལ་རྐང་བཙུགས་ཏེ། ཡུལ་བབ་དང་བསྟུན་ནས་ལྗོངས་རྣམ་གསར་པའི་ཐོན་ཁུངས་སྔོག་འདོན་དང་། ལྗོངས་རྣམ་གསར་པ་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་གཏོང་བ། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་ཀྱི་མཉམ་འདྲེས་གཏིང་ཟབ་ཏུ་གཏོང་བར་ཤུགས་བསྣན་ཏེ། སྤུས་གསར་ཐོན་སྐྱེད་ནུས་ཤུགས་མགྱོགས་མྱུར་སྒོས་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་དགོས། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་སྲ་བརྟན་དུ་གཏོང་བ་དང་། ཞིང་ཆེན་ནང་ཁུལ་གྱི་དམངས་སྤྱོད་མཁའ་འགྲུལ་གྱི་ཁྲོམ་ར་ཇེ་ལེགས་སུ་གཏོང་བ། མཁའ་འགྲུལ་དྲ་བའི་བཀོད་སྒྲིག་སོགས་མངའ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དམངས་སྤྱོད་མཁའ་འགྲུལ་སྐྱེལ་འདྲེན་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། གཞི་གྲངས་མཚོ་སྔོན་འཛུགས་སྐྲུན་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། སྲིད་ཇུས་འདོན་སྤྲོད་དང་བསྟུན་མཁས་གཟབ་ནན་གྱི་ལྟ་སྐུལ་དོ་དམ་སྔར་ལས་ཇེ་ལེགས་སུ་བཏང་སྟེ། ལས་སྟེགས་དཔལ་འབྱོར་གསར་གཏོད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། སྨན་ཞབས་མཐུན་ཚོགས་འཛུགས་སྐྲུན་བྱེད་ཐབས་སུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། མཁར་གྲོང་གཞི་གཅིག་ཅན་དང་གྲོང་གསེབ་གཞི་གཅིག་ཡིན་པའི་རྫོང་ཁོངས་ཀྱི་གཅིག་བསྡུས་རྣམ་པའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་མགྱོགས་མྱུར་ངང་འཛུགས་སྐྱོང་བྱས་ཏེ། བདེ་ཐང་གི་མཚོ་སྔོན་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས་པ་ནན་གྱིས་བསྟན།
གྲོས་ཚོགས་ལས《མཚོ་སྔོན་ཞིང་ཆེན་གྱིས2025ལོར་འགྲིམ་འགྲུལ་སྟོབས་ལྡན་རྒྱབ་ཁབ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བའི་ཕྱིར་ལྡོག་གནད་དོན་བཅོས་སྒྲིག་བྱ་བའི་ཇུས་གཞི》དང《མཚོ་སྔོན་ཞིང་ཆེན་ཝ་ལི་ཀོན་གོ་ལ་ཧྲིལ་བོའི་རླུང་ཁམས་ཆེན་མོའི་གཞི་རྩའི་ས་ཚིགས་སྲུང་སྐྱོང་བྱེད་པའི་གཏན་འབེབས་འགའ།》《མཚོ་སྔོན་ཞིང་ཆེན་གྱི་འགྱེད་འཕྲོའི་ཁོར་ཡུག་ལྟ་སྐུལ་དོ་དམ་བྱ་ཐབས།》《མཚོ་སྔོན་ཞིང་ཆེན་གྱི་ལས་བཟོ་བའི་སྨན་བཅོས་འགན་བཅོལ་ཞིང་ཆེན་རིམ་པའི་གཅིག་གྱུར་འཆར་འགོད་ལག་བསྟར་བསམ་འཆར》བཅས་ལ་གཞི་རྩའི་སྟེང་གྲོས་འཆམ་བྱུང་། འགྲིམ་འགྲུལ་གྱི་ལས་གཞིའི་འཛུགས་སྐྲུན་ཕྱོགས་ཡོངས་ནས་ཇེ་མགྱོགས་སུ་གཏོང་བ་དང་། ནུས་ཤུགས་ཡོད་རྒུས་ཞན་ཆ་ཁ་གསབ་བྱས་ཏེ་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་འགྲིམ་འགྲུལ་གྱི་འདེགས་སྐྱོར་བརྟན་པོ་འདོན་སྤྲོད་བྱ་དགོས། ཝ་ལི་ཀོན་གོ་ལ་ཧྲིལ་པོའི་རླུང་ཁམས་ཆེན་མོའི་གཞི་རྩའི་ས་ཚིགས་སྲུང་སྐྱོབ་བྱ་རྒྱུར་ཤུགས་བསྣན་ནས། ཁྲིམས་སྐྱོང་གི་བྱེད་ཐབས་ལ་བརྟེན་ནས་གནམ་གཤིས་ཀྱི་འཚོལ་ཞིབ་དཔྱད་ལེན་ཁོར་ཡུག་དང་གནམ་གཤིས་གཞི་གྲངས་སྤུས་ཚད་འགན་ལེན་བྱེད་དགོས། ཚན་རིག་དང་མཐུན་པའི་སྒོ་ནས་འགྱེད་འཕྲོ་བདེ་འཇགས་དང་འགོག་སྲུང་བྱ་བ་ཡག་པོར་བསྒྲུབས་ནས། དངོས་གནས་མང་ཚོགས་ཀྱི་བདེ་ཐང་དང་སྐྱེ་ཁམས་ཁོར་ཡུག་བདེ་འཇགས་འགན་སྲུང་བྱ་དགོས། ནུས་ཤུགས་ཡོད་རྒུས་ལས་བཟོ་བའི་སྨན་བཅོས་འགན་བཅོལ་གྱི་ཞིང་ཆེན་རིམ་པའི་གཅིག་གྱུར་འཆར་འགོད་ཀྱི་ལས་འགན་ལག་ཏུ་བསྟར་རྒྱུར་སྐུལ་འདེད་བཏང་ནས། དྲང་གཞག་གཅིག་གྱུར་དང་བདེ་འཇགས་ཚད་ལྡན། རྒྱུན་མཐུད་བྱེད་ཆོག་པ་བཅས་ཀྱི་སྨན་བཅོས་འགན་སྲུང་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་དགོས་པ་ནན་གྱིས་བསྟན།
གྲོས་ཚོགས་ལས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།