གསར་འགོད་པས་ཀྲུང་དབྱང་དྲ་འཕྲིན་གཞུང་ལས་ཁང་ནས་རྒྱུས་ལོན་པ་ལྟར་ན། “ལོ་ལྔའི་འཆར་འགོད་བཅུ་བཞི་པར”རང་རྒྱལ་གྱི་ཆ་འཕྲིན་ཅན་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་བླངས་ཡོད། ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་དང་། དྲ་འཕྲིན་ཐོན་ལས་སྐྱེ་ཁམས། ཆ་འཕྲིན་ལག་རྩལ་གསར་གཏོད་བྱེད་ནུས། གློག་རྡུལ་སྲིད་དོན་འཕེལ་རྒྱས་སོགས་ཕྱོགས་མང་པོའི་ཐད་གཙོ་གནད་ཁྱབ་ཁོངས་ཀྱི་ཚད་བརྒལ་ནས་ཕྱོགས་ཡོངས་ནུས་འདོན་འཕེལ་རྒྱས་ཀྱི་ཕྱོགས་སུ་སྐྱོད་ཐུབ་ཡོད།
ལོ་ལྔའི་འཆར་འགོད་བཅུ་བཞི་པའི་རིང་། རང་རྒྱལ་གྱིG5སྤྱོད་མཁན15%ནས83.9%བར་འཕར་བ་དང་ཀྲའོ་སྟོང་གི་ཡངས་དྲ་སྤྱོད་མཁན་ཁྱིམ་ཚང་ས་ཡ་དྲུག་འབུམ་བཞི་ནས་དུང་ཕྱུར་གཉིས་དང་བྱེ་བ་གསུམ་ས་ཡ་དགུ་རུ་འཕར་བ་དང་། སྒུལ་བདེའི་ཟོག་སྦྲེལ་དྲ་རྒྱ་སྤྱོད་མཁན་ཁྱིམ་ཚང་ཐེར་འབུམ་གཅིག་དང་དུང་ཕྱུར་གཅིག་བྱེ་བ་གསུམ་ས་ཡ་དྲུག་ནས་ཐེར་འབུམ་གཉིས་དང་དུང་ཕྱུར་དགུ་རུ་འཕར་ནས། ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཆ་འཕྲིན“འཕར་རྩ་ཆེན་པོ”སྔར་ལས་ཤར་གཏོང་ཐུབ་ཡོད། དྲ་འཕྲིན་ཐོན་ལས་ཀྱི་སྐྱེ་ཁམས་འཛུགས་སྐྲུན་ཇེ་མགྱོགས་སུ་སོང་ནས། ཆ་འཕྲིན་ཅན་ལ་བརྟེན་ནས་སྒུལ་ནུས་གསར་པ་སྐྱེད་སྲིང་བྱེད་ཤུགས་སྔར་ལས་ཆེ་རུ་ཕྱིན། རང་རྒྱལ་གྱི་གཞི་གྲངས་དཔལ་འབྱོར་གྱི་ལྟེ་བའི་ཐོན་ལས་འཕར་ཐང་གིGDPཡི་བསྡུར་ཚད7.8%ནས10.4%བར་འཕར་ཡོད་པ་དང་། གཞི་གྲངས་དཔལ་འབྱོར་གྱི་གཞི་ཁྱོན་འཛམ་གླིང་གི་ཨང་གཉིས་པར་གནས་ཡོད། འགག་རྩའི་ལྟེ་བའི་ལག་རྩལ་མགྱོགས་མྱུར་ངང་འགག་གནད་ལས་སྒྲོལ་བ་དང་། འདུས་གྲུབ་གློག་ལམ་དང་མིས་བཟོས་རིག་ནུས། རྨང་གཞིའི་མཉེན་ཆས་སོགས་ཁྱབ་ཁོངས་ལ་གྲུབ་འབྲས་གསར་པ་ཐོབ་པ་དང་། ཧུང་མོང་བཀོལ་སྤྱོད་མ་ལག་གི་ཐོན་རྫས་བསྡོམས་འབོར་ཐེར་འབུམ་གཅིག་དང་དུང་ཕྱུར་གཅིག་བྱེ་བ་དགུ་ལས་བརྒལ་ཡོད། G6ལག་རྩལ་ཞིབ་འཇུག་གསར་སྤེལ་དང་ཚད་གཞི་ཞིབ་འཇུག་བཟོ་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་། དུས་མཚམས་དང་པོའི་ལག་རྩལ་ཚོད་ལྟ་ལེགས་གྲུབ་ཟིན་ནས་འགག་རྩའི་ལག་རྩལ་གསོག་འཇོག་ཁག300ལས་བརྒལ་ཡོད། གློག་རྡུལ་སྲིད་དོན་འཕེལ་རྒྱས་བརྟན་པོའི་ངང་མདུན་དུ་བསྐྱོད་དེ་རྒྱལ་ཡོངས་ཀྱི་སྲིད་དོན་ཞབས་ཞུའི“དྲ་བ་གཅིག”བསྐྲུན་པ་དང་། ཞིང་ཆེན་རིམ་པའི་སྲིད་འཛིན་ཆོག་འཐུས་དོན་ཚན92.5%དྲ་ཐོག་ནས་བདག་སྤྲོད་དང“མང་ཤོས་ལ་ཐེངས་གཅིག་རྒྱུག”པས་ཆོག་པ་བྱས། གཞི་གྲངས་གྲོང་གསེབ་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་བླངས་པ་དང་། ཞིང་ལས་ཐོན་སྐྱེད་ཆ་འཕྲིན་ཅན་དུ་འགྱུར་ཚད22.5%ནས30%ཡན་བར་འཕར་བ་དང་། 2024ལོར་རྒྱལ་ཡོངས་ཀྱི་གྲོང་གསེབ་དྲ་རྒྱའི་སིལ་ཚོང་བྱེད་ཚད་སྒོར་ཁྲག་ཆེན་གཉིས་དང་ཁྲག་ཁྲིག་ལྔ་ལས་བརྒལ། “ལོ་ལྔའི་འཆར་འགོད་བཅུ་གསུམ་པའི”དུས་མཇུག་ལས་བརྒྱ་ཆའི43འཕར། རྒྱང་བསྟེན་སྨན་བཅོས་ཞབས་ཞུའི་དྲ་རྒྱ་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་རྫོང་ཚང་མར་ཁྱབ་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་གྲངས་ཧེ་བག་མྱུར་མོར་ཇེ་ཆུང་དུ་ཕྱིན་ཡོད།