ཞིང་ཆེན་སྲིད་གྲོས་ཀྱིས་ཏང་ཙུའུ་གྲོས་ཚོགས་དང་ཀྲུའུ་ཞིའི་གྲོས་ཚོགས་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ12པའི་ཚེས24ཉིན།   ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི།    ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་འགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་གྲོས་ཚོགས་དང་ཀྲུའུ་ཞིའི་གྲོས་ཚོགས་བསྡུས་ནས།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་མཛུབ་སྟོན་གལ་ཆེན་དང་ཀྲུང་དབྱང་གི་གྲོས་ཚོགས་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་།    ལག་བསྟར་བསམ་འཆར་ལ་ཞིབ་འཇུག་བྱས་པར་མ་ཟད།    འབྲེལ་ཡོད་དོན་དག་ལ་ཉན་པ་དང་གྲོས་ཞིབ་བྱས།

གྲོས་ཚོགས་ལས་ཟླ12པའི་ཚེས8ཉིན་གྱི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གྲོས་ཚོགས་དང་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དང་།      སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནར་མ་སོན་པའི་མིའི་བསམ་བློའི་ཀུན་སྤྱོད་འཛུགས་སྐྲུན་ཐད་གནང་བའི་མཛུབ་སྟོན་གལ་ཆེན་དང་ནར་མ་སོན་པའི་མིའི་བསམ་བློའི་ཀུན་སྤྱོད་འཛུགས་སྐྲུན་བྱ་བའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས།    གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་དེ་ཆབ་སྲིད་ལས་འགན་གལ་ཆེན་དུ་བརྩིས་ནས་སང་ལོའི་དཔལ་འབྱོར་བྱ་བའི་སྤྱིའི་བླང་བྱ་དང་དམིགས་འབེན་གཙོ་བོ།   སྲིད་ཇུས་ཀྱི་ཁ་ཕྱོགས།   ལས་འགན་གཙོ་བོ་བཅས་ལ་སློབ་སྦྱོང་ནན་མོ་དང་གོ་བ་གཏིང་ཟབ་ལེན་པ་དང་།      སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་དང་ཟུང་འབྲེལ་བྱས་ཏེ།  གནས་བབ་གསར་པའི་འོག་གི་དཔལ་འབྱོར་བྱ་བ་བཟང་བོར་བསྒྲུབ་པའི་ངེས་པར་དུ་ལྔའི་ཆོས་ཉིད་རང་བཞིན་ཐད་ཀྱི་ངོས་འཛིན་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་གཏོང་བ་དང་བསམ་སྦྱོར་གཉིས་ཏང་ཀྲུང་དབྱང་གི་སྲིད་དོན་ཆེན་པོའི་བྱེད་ཕྱོགས་སྟེང་གཅིག་གྱུར་བྱེད་པ།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་དང་བཀོད་སྒྲིག་གལ་ཆེན་སྲིད་གྲོས་བྱ་བའི་རྒྱུད་རིམ་ཡོངས་དང་ཕྱོགས་སོ་སོར་དངོས་འབེབས་དོན་འཁྱོལ་བྱས་ནས་རྟོག་ཞིབ་ལྟ་ཞིབ་དང་གྲོས་མོལ་སྲིད་གླེང་།   དམངས་གཙོ་ལྟ་སྐུལ་སོགས་འགན་སྒྲུབ་ལག་ལེན་ཁྲོད་འདྲེས་པར་བྱེད་པ་དང་།    ཐོག་མཐའ་བར་གསུམ་དུ་སྤྱི་ཡོངས་དམ་འཛིན་སྒོས་ཐབས་འདོན་ཇུས་འབུལ་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་འདེགས་བྱེད་དགོས་ཞེས་ནན་གྱིས་བསྟན།

གྲོས་ཚོགས་ལས་ཞིང་ཆེན་སྲིད་གྲོས་ལས་ཁུངས་ཏང་ཙུའུ་དང་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོའི་ཡན་ལག་ཏང་ཙུའུ་ཡིས2025ལོའི་བྱ་བའི་གནས་ཚུལ་སྙན་ཞུ་བྱས་པར་ཉན།    གྲོས་ཚོགས་ལས་ལས་ཁུངས་ཏང་ཙུའུ་དང་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོའི་ཡན་ལག་ཏང་ཙུའུ་ཡིས་ཏང་གི་ཆབ་སྲིད་འཛུགས་སྐྲུན་ལ་བརྟེན་ནས་སྲིད་གྲོས་ཏང་གི་འཛུགས་སྐྲུན་གྱི་བྱ་བ་སོ་སོར་ཁྲིད་སྟོན་བྱེད་རྒྱུ་རྒྱུན་འཁྱོངས་བྱས་པ་དང་།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་བྱ་བར་ཤུགས་སྣོན་པ་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་དངོས་འབེབས་དོན་འཁྱོལ་བྱས་ཤིང་། འགན་སྒྲུབ་གྲུབ་འབྲས་ལ་རྒྱལ་ཡོངས་སྲིད་གྲོས་དང་།   ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཁས་ལེན་གང་ལེགས་ཐོབ་ལ།   བྱ་བར་ཁྱད་ཆོས་ལྡན་ཞིང་ཤུགས་ཆེ་ལ།   གསར་གཏོད་ཀྱི་ཆ་ཡོད་པས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་བྱེད་འོས་པ་ཞིག་རེད།   ད་ལོའི་བྱ་བར་སྤྱི་སྡོམ་ལེགས་པོ་བྱེད་པ་དང་སང་ལོའི་ལས་འགན་ལ་འཆར་འགོད་བཟང་བོ་བྱས་ཏེ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བླང་བྱ་སང་ལོའི་བྱ་བ་ཁག་གི་བཀོད་སྒྲིག་ཁྲོད་དོན་འཁྱོལ་བྱ་དགོས།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་འཛུགས་སྐྲུན་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་།    དུས་རབས་གསར་པའི་ཏང་གི་འཛུགས་སྐྲུན་གྱི་སྤྱིའི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ།  བློ་བརྟན་འགྱུར་མེད་སྒོས་ཏང་འཛུགས་ཀྱི་འགན་འཁྲི་གཙོ་བོ་འཁུར་བ།    ཆབ་སྲིད་ལ་བློ་དཀར་བ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ།   རང་སྟེང་འཛུགས་སྐྲུན་ལ་ཤུགས་སྣོན་པ།   ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་ཐད་ཕན་འབྲས་ལོན་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ།  ཏང་གི་འཛུགས་སྐྲུན་གྱི་གྲུབ་འབྲས་གསར་པར་བརྟེན་ནས་སྲིད་གྲོས་ཀྱི་འགན་སྒྲུབ་ནུས་པ་མཐོར་འདེགས་འབྱུང་བར་སྐུལ་འདེད་གཏོང་དགོས་ཞེས་བསྟན།

གྲོས་ཚོགས་ལས་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པ་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བདུན་པའི་འབྲེལ་ཡོད་དོན་དག་ལ་གྲོས་ཞིབ་བྱས་པ་དང་།     ཞིང་ཆེན་སྲིད་གྲོས་ཨུ་ཡོན་གྱིས་འགན་སྒྲུབ་གནས་ཚུལ་སྙན་ཞུ་བྱས་པར་ཉན་པར་མ་ཟད།   ལོ་གཅིག་གི་གྲོས་གཞི་བཟང་བོ་དཔྱད་འདེམས་དང་རིག་གནས་ལོ་རྒྱུས་ཁང་གི་དོ་དམ་བྱེད་ཐབས།  དེ་བཞིན་འབྲེལ་ཡོད་མི་དོན་བྱ་བར་གྲོས་ཞིབ་བྱས།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།