“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རིང་མཚོ་སྔོན་གྱི་ཞིང་ཆེན་རིམ་པའི་ངལ་ལས་སྤུས་རྟགས43གྱིས་ལོ་རེར་ཆ་སྙོམས་མི་ཁྲི་48ལྷག་ཙམ་ལས་ཞུགས་ལ་སྐུལ་ཁྲིད་བྱས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

རང་རེའི་དྲ་བའི་འཕྲིན། ཟླ12ཚེས22ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་གྱི“ལོ་ལྔའི་འཆར་འགོད་བཅུ་བཞི་པ”ཡི་བརྗོད་དོན་གཙོ་བོའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ལས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཆེད་དོན་ཆེད་དོན་ཚོགས་འདུའི་སྟེང་ཤེས་རྟོགས་བྱུང་བར།“ལོ་ལྔའི་འཆར་འགོད་བཅུ་བཞི་པ”ཡི་རིང་མཚོ་སྔོན་ཞིང་ཆེན་གྱིས་ལས་ཞུགས་བརྟན་པོ་ཡོང་བ་བྱ་རྒྱུ་དེ་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ“མཚོ་སྔོན་གྱི་ལས་ཞུགས་ལ”སྤུས་རྟགས་གཏོད་རྒྱུ་སྣེ་ཁྲིད་དུ་བྱས་ཏེ་ལས་ཞུགས་གཞི་ཁྱོན་ཆེ་རུ་གཏོང་བ་དང་ལས་ཞུགས་སྤུས་ཚད་མཐོ་རུ་བཏང་ནས་དཔལ་འབྱོར་དང་སྤྱི་ཚོགས་བརྟན་ལྷིང་ལ་འདེགས་སྐྱོར་ནུས་ལྡན་བྱས།

ལས་ཞུགས་ཀྱི་དུས་བབ་བརྟན་པོ་ཡོང་བ་དང་སྲིད་ཇུས་མ་ལག་རྒྱུན་མཐུད་ངང་འཐུས་སྒོ་ཚང་དུ་ཕྱིན།“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”ཚུན་ལ་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་དུ་མི་ཁྲི32.4ལས་ཀར་ཞུགས་ནས་འཆར་འགོད་ལས་འགན་གྱི108%ལེགས་གྲུབ་བྱུང་བ་དང་།ཞིང་འབྲོག་ཁུལ་གྱི་ངལ་རྩོལ་པ་ཁྲི547.2ལས་ཞུགས་གཞན་སྒྱུར་བྱས་ནས་འཆར་འགོད་ལས་འགན་གྱི109.4%ལེགས་གྲུབ་བྱུང་།གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་བརྟག་དཔྱད་བྱེད་ཚད་ཐོག་མཐའ་བར་གསུམ་དུ5.5%ཡས་མས་རྒྱུན་འཁྱོངས་བྱས།

“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རིང་མཚོ་སྔོན་གྱིས་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་མཐུན་སྦྱོར་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཐོན་ལས་དང་།ཁེ་ལས།ལས་ཞུགས་བཅས་མཉམ་འགུལ་ལ་ཤུགས་སྣོན་བརྒྱབ་པ་བརྒྱུད། སྔ་གཞུག་ཏུ་ལས་ཞུགས་ཁ་གསབ་མ་དངུལ་སྒོར་དུང་ཕྱུར44གཤམ་སྤྲོད་བྱས་པ་དང་།ལས་ཤོར་འགན་བཅོལ་གྲོན་དངུལ་སྒོར་དུང་ཕྱུར་30.35དུས་མཚམས་རང་བཞིན་གྱིས་དམའ་རུ་བཏང་།ལས་གནས་བརྟན་པོ་ཡོང་བའི་ཕྱིར་སློག་མ་དངུལ་སྒོར་དུང་ཕྱུར་7.71དང་།ཁེ་ལས2926ལ་ལས་ཤོར་འགན་བཅོལ་ལ་ཐེངས་གཅིག་རང་བཞིན་གྱི་ལས་གནས་རྒྱ་ཆེར་གཏོང་བའི་ཁ་གསབ་སྒོར་ཁྲི་4431.15བཅས་སྤྲད།

གཙོ་གནད་ཚོགས་སྤྱིའི་ལས་ཞུགས་དང་ངལ་ལས་སྤུས་རྟགས་འཛུགས་སྐྱོང་དུས་མཉམ་དུ་སྐུལ་འདེད་བཏང་།མཐོ་རིམ་སློབ་གྲྭའི་སློབ་ཐོན་སློབ་མ་སོགས་གཙོ་གནད་ཚོགས་སྤྱིའི་ལས་ཞུགས་བརྟན་པོ་རྒྱུན་འཁྱོངས་བྱས་པ་དང་།སློབ་གྲྭ་ནས་མཐར་ཕྱིན་ཡང་ལས་ཞུགས་ཐུབ་མེད་པའི་མཐོ་རིམ་སློབ་གྲྭའི་སློབ་ཐོན་སློབ་མ་ཁྲི6.5ལས་ཞུགས་ལས་གཏོད་བྱས་པས།རོགས་སྐྱོར་ལས་ཞུགས་བྱེད་ཚད་བརྒྱ་ཆ90%ལས་མཐོ་བ་རྒྱུན་བསྐྱངས། ངལ་ལས་སྤུས་རྟགས་ཀྱི་སྐུལ་ཁྲིད་ནུས་པ་མངོན་གསལ་དོད་པོ་ཐོན་ནས“མཚོ་སྔོན་གྱི་འཐེན་ཐུག”དང་།“མཚོ་སྔོན་གྱི་འཚེམ་དྲུབ”“རོགས་རེས་ཁྱིམ་ལས”“གངས་རིའི་སྣེ་ཁྲིད”སོགས་ཞིང་ཆེན་རིམ་པའི་ངལ་ལས་སྤུས་རྟགས43སྐྱེད་སྲིང་བྱས་པར་ཞིང་འབྲོག་ཁུལ་གྱི་ངལ་ལས་གཞན་སྒྱུར་ལས་ཞུགས་ཐུབ་ཚད་ལོའི་ཆ་སྙོམས་སུ་མི་ཐེངས་ཁྲི་48ལྷག་ཙམ་ཟིན།

ལས་ཞུགས་རོགས་སྐྱོར་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་རིམ་རྩིས་བྱས་ན་ཁ་གསབ་རང་བཞིན་གྱི་ལས་རིགས་རྩལ་ནུས་གསོ་སྦྱོང་བྱེད་ཚད་མི་ཐེངས་ཁྲི50ལས་བརྒལ།“ལས་ཞུགས་རོགས་སྐྱོར་ཟླ་བ”དང“དཔྱིད་རླུང་བྱ་སྤྱོད”སོགས་སྤྱི་པའི་ལས་ཞུགས་ཞབས་ཞུའི་བྱེད་སྒོ་སྒྲིག་འཛུགས་བྱས་ནས་དྲ་ཐོག་དང་དྲ་ཕྱིའི་གདན་ཞུའི་ཚོགས་འདུ་ཐེངས2692གཉེར།ལས་གཏོད་ཁག་ཐེག་དངུལ་བུན་སྒོར་དུང་ཕྱུར་7.93བཏང་བ་དང་ལས་གཏོད་ཁ་གསབ་སྒོར་ཁྲི་961.2སྤྲད།

སྤྱི་ཚོགས་འགན་སྲུང་གི་དྲ་བ་ཚགས་དམ་པོ་བཟོས་ཤིང་།སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་། རྒན་གསོའི་འགན་བཅོལ་དང་།ལས་ཤོར་འགན་བཅོལ།ལས་རྨས་འགན་བཅོལ་བཅས་ནང་ཞུགས་མཁན་སོ་སོ་མི་གྲངས་ཁྲི461.42དང་།མི་ཁྲི70.82མི་ཁྲི121.86བཅས་ཟིན་པ་དེ“ལོ་ལྔའི་འཆར་འགོད་བཅུ་གསུམ་པའི”དུས་མཇུག་དང་བསྡུར་ན་འཕར་ཚད་མངོན་གསལ་རེད།

རྒན་གསོའི་འགན་བཅོལ་ཐོབ་ཐང་གི་ཆུ་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་པ་དང་།ཁེ་ལས་ཀྱི་ལས་འཁྱུར་ངལ་གསོའི་གཞི་རྩའི་རྒན་གསོའི་དངུལ“བསྟུད་མར་ལེགས་སྒྲིག5”མངོན་འགྱུར་བྱུང་སྟེ།གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྨང་གཞིའི་རྒན་གསོའི་དངུལ“བསྟུད་མར4སྤར་བ”རེད། །མི་སྒེར་གྱི་རྒན་གསོའི་དངུལ་ལམ་ལུགས་བརྟན་པོའི་ངང་ལག་བསྟར་བྱས་ཤིང་།དེའི་ནང་ཞུགས་མཁན་མི་གྲངས་ཁྲི95.9ཟིན་ཡོད།ལས་རྨས་དང་ལས་ཤོར་འགན་བཅོལ་གྱི་མཐིལ་སྐྱོང་ནུས་པ་རྒྱུན་མཐུད་ངང་འདོན་སྤེལ་བྱས་པ་དང་ཐོབ་ཐང་ཚད་གཞི་ལེགས་སྒྲིག་ཐེངས་མང་བྱས་པ།རིམ་རྩིས་བྱས་ན་ལས་ཤོར་འགན་བཅོལ་མ་དངུལ་སྒོར་དུང་ཕྱུར4.89དང་ལས་ཤོར་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར1.95སྤྲད་པ་མ་ཟད།“མྱུར་སྐྱེལ་པ”ཁྲི2.06ལས་རྨས་འགན་བཅོལ་ནང་བཅུག།

ཤེས་ལྡན་མི་སྣའི་དཔུང་ཁག་གི་གསོན་ཤུགས་ཆེ་རུ་ཕྱིན་པ་དང་།མཚོ་སྔོན་གྱིས་སྣོད་བཅུད་ཤེས་དཔལ་གྱི་མཐོ་ས་དང་ཐོན་ལས་ཀྱི“ས་ཁུལ་བཞི”འཛུགས་སྐྱོང་ལ་དམིགས་ནས་ཤེས་ལྡན་མི་སྣ་ནང་འདྲེན་དང་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ད། ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣ་དང་རྩལ་ནུས་མཐོ་བའི་ཤེས་ལྡན་མི་སྣའི་བསྡོམས་འབོར་སོ་སོ་མི་ཁྲི19.11དང་ཁྲི11ཟིན་ཡོད།རིགས་ཁག་གི་ཤེས་ལྡན་མི་སྣ་ཁྲི2ལྷག་ཙམ་ནང་འདྲེན་བྱས་པ་དང་།སྲིད་གཞུང་གི་དམིགས་བསལ་ཕོགས་སྣོན་རིགས་གཅིག་མཁས་ཅན53དང་།རྒྱལ་ཡོངས་ཀྱི་ཕུལ་བྱུང་ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣ1“མཚོ་སྔོན་གྱི་མཁས་དབང”9“མཚོ་སྔོན་ཞིང་ཆེན་གྱི་ཕུལ་བྱུང་རིགས་གཅིག་མཁས་ཅན”66མཚོ་སྔོན་ཞིང་ཆེན་གྱི་ཕུལ་བྱུང་ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣ40བཅས་གསར་དུ་འདེམས་བསྐོ་བྱས།འབུམ་རམས་པ་ཕྱི་མའི་ཚན་ཞིབ་ས་ཚིགས12གསར་དུ་བསྣན་པ་དང་རིམ་རྩིས་བྱས་ན་འབུམ་རམས་པ་ཕྱི་མ་མི164གསོ་སྐྱོང་བྱས།

གོ་མིང་དང་རྩལ་ནུས་གདེང་འཇོག་ལམ་ལུགས་སྒྱུར་བཅོས་ཟབ་སྤེལ་བྱས་ཏེ།གོ་མིང་ཞིབ་དཔྱད་ལག་བསྟར་ཇུས་གཞི25དང་གདེང་འཇོག་ཚད་གཞི54བཏོན་པ་དང་།རྩལ་ནུས་མཐོ་བའི་ཤེས་ལྡན་པའི་གོ་མིང་བགྲོད་ལམ་ཤར་བགྲོད་བྱས་ཤིང་།རྩལ་ནུས་མཐོ་བའི་ཤེས་ལྡན་པ125ལ་ཆེད་ལས་ལག་རྩལ་གྱི་གོ་མིང་ཐོབ་ཡོད།དམངས་གཉེར་ཁེ་ལས་དང་གཞི་རིམ་ལ་ཆེད་དམིགས་དཔྱད་ཞིབ་བྱས་ཏེ།སྤྱི་ལ་དབང་བ་མ་ཡིན་པའི་ཁེ་ལས་ཀྱི་མི་སྣ་ཁྲི1.6ལྷག་དང་།གཞི་རིམ་མི་སྣ4115ཞིང་འབྲོག་པ618བཅས་ལ་གོ་མིང་ཐོབ་ཡོད།“རིམ་པ་བརྒྱད་པའི་བཟོ་པ་གསར་པའི”ལམ་ལུགས་ཁྱབ་སྤེལ་བཏང་ནས་དབུ་བཞུགས་ལག་རྩལ་པ32དང་།དམིགས་བསལ་ལག་རྩལ་པ་53དཔྱད་འདེམས་གདན་ཞུ་བྱས།

ངལ་རྩོལ་འབྲེལ་བ་འཆམ་མཐུན་དང་བརྟན་ལྷིང་ཡིན་ཞིང་།ཞིང་ཆེན་ཡོངས་ཀྱི་གཅིག་གྱུར་གློག་རྡུལ་ངལ་རྩོལ་གན་རྒྱའི་ཆ་འཕྲིན་མ་ལག་བཙུགས་ཏེ།ངལ་ལས་མངགས་གཏོང་ལས་ཁུངས་ཀྱི་ཡིད་རྟོན་རིམ་པའི་གདེང་འཇོག་བྱེད་ཐབས་བཏོན།ཞིང་ཆེན་ཡོངས་ཀྱི་མྱུར་སྐྱེལ་ཁེ་ལས་ཀྱི་ངལ་རྩོལ་གན་རྒྱ་འཇོག་ཚད92.3%ཟིན་པ་དང་།གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་ལེགས་སྒྲིག་ཐེངས་གཉིས་བྱས་པས་ཟླ་རེའི་གླ་ཕོགས་དམའ་ཤོས་སྒོར2080ཟིན་པ་དང་ཆུ་ཚོད་རེའི་གླ་ཕོགས་དམའ་ཤོས་སྒོར20ཟིན།

གླ་ཆ་ཆད་འགྱངས་བཅོས་སྐྱོང་བྱ་སྤྱོད་གཏིང་ཟབ་སྤེལ་ནས་ངལ་རྩོལ་གླ་ཆ་མི་སྤྲོད་པའི་ཉེས་གསོག་གྱོད་གཞི151རྩིས་སྤྲོད་བྱས་ད་པ་དང་།གླ་ཆ་ཆད་འགྱངས་ཀྱི་དཔེ་མཚོན་གྱོད་གཞི110ཡོངས་བསྒྲགས་བྱས།མི་སྤྱོད་ཚན་པ་དང་དེ་བཞིན་ཁྲིམས་གཏན་འཁེལ་བའི་འཐུས་མི56ཁ་དན་ཚིག་ལ་མ་གནས་པའི་ཆད་གཅོད་བསླབ་འདོམས་མིང་ཐོའི་ནང་བཅུག།རིམ་རྩིས་བྱས་ན་ངལ་རྩོལ་པ་ཁྲི12.14ལ་གླ་ཕོགས་སྒོར་དུང་ཕྱུར14.38འདེད་སྤྲོད་བྱས་པ་དང་ངལ་རྩོལ་འགན་ལེན་ལྟ་ཞིབ་ཀྱི་ཐེར་འདོན་ཞུ་གཏུག་གྱོད་གཞི་ཐག་གཅོད་བྱེད་ཚད100%ཟིན།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།