ཚེས23ཉིན། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་། སློབ་གསོ་པུའུ། ནོར་སྲིད་པུའུ་བཅས་ཀྱིས་མཉམ་འབྲེལ་ཐོག《བྱིས་སྐྱོང་ཁང་གི་གྲོན་བསྡུའི་སྲིད་ཇུས་འཐུས་ཚང་དུ་གཏང་བའི་སྐོར་གྱི་བརྡ་ཐོ》ཁྱབ་སྒྲོག་བྱས་ཏེ། བྱིས་སྐྱོང་ཁང་གི་གྲོན་བསྡུ་དོ་དམ་ཁྲོད་ཀྱི་གནད་དོན་གཟེངས་ཐོན་ཅན་དམིགས་སུ་བཟུང་ནས་ལམ་ལུགས་ཚད་ལྡན་འཐུས་ཚང་དང་། གྲོན་བསྡུ་དོ་དམ་ལ་ཤུགས་སྣོན་པའི་ཕྱོགས་ལ་བྱེད་ཐབས་ཁག་བརྒྱད་བཏོན་ནས་བྱིས་སྐྱོང་ཁང་གི་གྲོན་བསྡུ་ལས་ཀར་ས་མཚམས་གསལ་བོ་བཀར།
དེ་དག་ཞིབ་ཏུ་བཀོད་ན་འདི་ལྟར།
གཅིག གྲོན་བསྡུའི་རྣམ་གྲངས་ཚད་ལྡན་དུ་གཏང་བའི་ཕྱོགས་ནས།
《བརྡ་ཐོ》ཡི་ནང་དུ། བྱིས་སྐྱོང་ཁང་གི་གྲོན་བསྡུ་རྣམ་གྲངས་ལ་ལྟ་སྐྱོང་སློབ་གསོའི་གྲོན་དངུལ་དང་། མལ་ཤག་གི་གྲོན་དངུལ། ཞབས་ཞུ་རང་བཞིན་གྱི་གྲོན་དངུལ། ཚབ་ལེན་གྲོན་དངུལ། བུ་བཅོལ་འཛིན་གྲྭ་ཡོད་ན་དེ་ལ་བསྡུ་བའི་ལྟ་སྐྱོང་གྲོན་དངུལ་བཅས་འདུ་བ་ཡིན། དེ་ཡང་ལྟ་སྐྱོང་སློབ་གསོའི་གྲོན་དངུལ་ནི་བྱིས་སྐྱོང་ཁང་གིས་རང་སློབ་གྲྭའི་བྱིས་པར་སྔོན་འགྲོ་སློབ་གསོ་གཏོང་བར་བསྡུ་བའི་གྲོན་དངུལ་ལ་ཟེར་བ་ཡིན།
༡ མལ་ཤག་གྲོན་དངུལ་ནི། བཅའ་སྡོད་ལམ་ལུགས་ཀྱི་བྱིས་སྐྱོང་ཁང་གིས་སློབ་གྲྭ་སྡོད་པའི་བྱིས་པར་མལ་ཤག་མཁོ་འདོན་ཐད་ལེན་པའི་གྲོན་དངུལ་ལ་ཟེར།
༢ ལྟ་སྐྱོང་གྲོན་དངུལ་ནི་བྱིས་སྐྱོང་ཁང་གིས་བུ་བཅོལ་འཛིན་གྲྭ་སྟེ་ལོ2ནས3བར་གྱི་བྱིས་པར་བཅོལ་གཉོར་གྱི་ཞབས་ཞུ་འདོན་པའི་ཆ་ལ་ལེན་པའི་གྲོན་དངུལ་ལ་ཟེར།
༣ ཞབས་ཞུ་རང་བཞིན་གྱི་གྲོན་དངུལ་ནི། བྱིས་སྐྱོང་ཁང་གིས་རྒྱུན་ལྡན་གྱི་ལྟ་སྐྱོང་སློབ་གསོའི་ཞོར་དུ་བྱིས་སྐྱོང་ཁང་དུ་ཡོད་པའི་བྱིས་པར་ཁྱིམ་བདག་གིས་རང་མོས་འདེམས་གསེས་བྱས་པའི་ཞབས་ཞུ་མཁོ་འདོན་ཕྱོགས་ལ་ལེན་པའི་གྲོན་དངུལ་ལ་ཟེར།
༤ ཚབ་ལེན་གྲོན་དངུལ་ནི་བྱིས་སྐྱོང་ཁང་གིས་བྱིས་པའི་སློབ་སྦྱོང་དང་འཚོ་བར་སྟབས་བདེ་བསྐྲུན་ཆེད་དུ་ཁྱིམ་བདག་གི་འདོད་མོས་སྔོན་དུ་བཏང་ནས་ཞབས་ཞུ་ལས་ཁུངས་ཀྱི་ཚབ་བྱས་ཏེ་ཞབས་ཞུ་གྲོན་དངུལ་ལེན་པ་དང་སྤྲོད་པ་ལ་ཟེར།
༥ བྱིས་སྐྱོང་ཁང་གི་ལྟ་སྐྱོང་སློབ་གསོར་ཐད་ཀར་དུ་འབྲེལ་པའི་ཞབས་ཞུ་དང་། གཏན་འབེབས་གསལ་བོ་བྱས་ཡོད་པ་དག་ནོར་སྲིད་ཀྱིས་འགན་སྲུང་བྱེད་པ་ལས། ཞབས་ཞུ་རང་བཞིན་གྱི་གྲོན་བསྡུའམ་ཚབ་བསྡུའི་ཁྲོད་འཇུག་མི་རུང་ཞེས་བསྟན་ཡོད།

གཉིས། རིགས་དབྱེ་ནས་གྲོན་བསྡུ་དོ་དམ་འཐུས་ཚང་དུ་བཏང་བའི་ཕྱོགས་ནས།
《བརྡ་ཐོ》ཡི་ནང་དུ། ཀུན་ཕན་རང་བཞིན་གྱི་བྱིས་སྐྱོང་ཁང་དང་ཁེ་བཟང་མི་གཉེར་བའི་དམངས་གཉེར་བྱིས་སྐྱོང་གིས་བསྡུ་བའི་ལྟ་སྐྱོང་གྲོན་དངུལ་དང་། མལ་ཤག་གྲོན་དངུལ་དེ་སྲིད་གཞུང་གིས་མཛུབ་སྟོན་བྱས་པའི་རིན་པ་ལག་བསྟར་བྱ་དགོས་པ་དང་། ཞབས་ཞུ་རང་བཞིན་གྱི་གྲོན་བསྡུ་དང་ཚབ་བསྡུ་དེ་རྩ་དོན་གྱི་ཐོག་ནས་ཁྲོམ་རའི་གོང་ཚད་སྙོམས་སྒྲིག་ནང་བཞིན་ལག་བསྟར་བྱེད་ན་ཡང་། དགོས་ངེས་ཀྱི་ཆ་ཧ་ཅང་ཆེ་ན་སྲིད་གཞུང་གི་མཛུབ་སྟོན་རིན་གོང་ལྟར་ལག་བསྟར་བྱ་ཆོག ཁེ་གཉེར་རང་བཞིན་གྱི་དམངས་གཉེར་བྱིས་སྐྱོང་ཁང་གི་གྲོན་བསྡུ་དེ་ཁྲོམ་རར་སྙོམས་སྒྲིག་བྱས་པའི་རིན་གོང་ལག་བསྟར་བྱ་དགོས་པ་དང་། བྱིས་སྐྱོང་ཁང་གིས་རང་སྟེང་གི་མ་རྩ་དང་། ཁྲོམ་རའི་དགོས་མཁོ་ལ་སོགས་རྒྱུ་རྐྱེན་གཞི་བྱས་ནས་གྲོན་བསྡུའི་ཚད་གཞི་གཏན་འཁེལ་ལུགས་དང་མཐུན་པ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
གསུམ། གྲོན་བསྡུའི་ཚད་གཞི་གསལ་འབེབས་ཀྱི་རྩ་དོན་ཕྱོགས་ནས།
《བརྡ་ཐོ》ཡི་ནང་དུ། ས་གནས་ཁག་གིས་ཀུན་ཕན་རང་བཞིན་གྱི་བྱིས་སྐྱོང་ཁང་དང་ཁེ་གཉེར་མ་ཡིན་པའི་དམངས་གཉེར་བྱིས་སྐྱོང་ཁང་གཞན་དག་གི་གྲོན་བསྡུའི་ཚད་གཞི་སྙོམས་སྒྲིག་བྱེད་ན། མ་རྩ་ལ་གཞི་བཅོལ་ཏེ། མང་ཚོགས་ཀྱི་དང་ལེན་ནུས་པ་ལ་སོགས་ཕྱོགས་ཡོངས་ལ་བསམ་གཞིགས་བཏང་ནས་ལུགས་དང་མཐུན་པ་ཞིག་གཏན་འཁེལ་བྱེད་དགོས་པ་བསྟན་ཡོད།
གཞན་ད་དུང་ས་གནས་ཁང་གིས་བྱིས་སྐྱོང་ཁང་གི་ཞབས་ཞུ་རང་བཞིན་གྱི་གྲོན་བསྡུ་དང་ཚབ་བསྡུའི་དཀར་ཆག་གི་གསལ་ཐོ་བཟོ་དགོས་པའི་བླང་བྱ་བཏོན་ཡོད་པ་སྟེ། བྱིས་སྐྱོང་ཁང་གིས་རང་སློབ་གྲྭའི་གྲོན་བསྡུའི་དཀར་ཆག་གི་གསལ་ཐོ་བཟོ་དགོས་པ་དང་། གསལ་ཐོར་བཀོད་མེད་པ་དག་ལ་གྲོན་དངུལ་གཏན་ནས་བསྡུ་མི་རུང་། དེ་དང་ཆབས་ཅིག དུས་ངེས་གཏན་ནང་གྲོན་བསྡུའི་སྲིད་ཇུས་ལ་དཔྱད་འཇོག་བྱས་ཏེ། དུས་ཐོག་ཏུ་སྙོམས་སྒྲིག་ལེགས་སྒྱུར་བྱེད་དགོས་པ་དང་། དཔྱད་འཇོག་འཁོར་ཡུན་རྩ་དོན་ཐོག་ལོ་གསུམ་ལས་བརྒལ་མི་རུང་བའི་བླང་བྱ་བཏོན་ཡོད་དོ། །
བཞི། དཀར་ཆག་གསལ་ཐོ་དོ་དམ་ལག་བསྟར་བྱས་ཏེ། ཁྱིམ་བདག་ལ་གསལ་ཆ་ཡོད་པའི་སྒོ་ནས་གྲོན་དངུལ་སྤྲོད་དུ་འཇུག་དགོས།
ཆེད་མཁས་པས་འདི་སྐད། དོན་དངོས་ཀྱི་གཉེར་སྐྱོང་ཁྲོད་དུ་བྱིས་སྐྱོང་ཁང་གིས་ཁྱིམ་བདག་ཨུ་ཡོན་ལྷན་ཁང་དང་། ཕྱོགས་གསུམ་པའི་ལས་ཁུངས་ལ་སོགས་བརྒྱུད་དེ་ལྟ་སྐུལ་དོ་དམ་ལ་གཡོལ་བ་དང་། རྣམ་པ་འགྱུར་བའི་གྲོན་བསྡུའི་སྣང་ཚུལ་སྔར་བཞིན་དུ་གནས་པའི་གནད་དོན་རིགས་ཐེངས་འདིར་ཁྱབ་སྒྲོག་བྱས་པའི《བརྡ་ཐོ》ཡིས་གནད་དུ་བཟུང་ནས་རིམ་པ་བཞིན་ཐག་གཅོད་བྱ་ངེས་ཞེས་བསྟན།
ཁྱིམ་བདག་ཁ་ཤས་ཀྱིས་བྱིས་སྐྱོང་ཁང་གི་གྲོན་བསྡུ་ཚད་ལྡན་མིན་པ་དང་། ཕྱི་གསལ་ནང་གསལ་མིན་པའི་གནད་དོན་སྐོར་ནས་བསམ་ཚུལ་བཏོན་པ་དེ་ལ། 《བརྡ་ཐོ》ཡི་ནང་དུ། བྱིས་སྐྱོང་ཁང་གིས་ལྟ་སྐྱོང་སློབ་གསོའི་གྲོན་དངུལ་དང་། མལ་ཤག་གི་གྲོན་དངུལ། ཞབས་ཞུ་རང་བཞིན་གྱི་གྲོན་དངུལ། ཚབ་ལེན་གྲོན་དངུལ། ལྟ་སྐྱོང་གྲོན་དངུལ་བཅས་རིགས་ལྔ་མ་གཏོགས་བསྡུ་མི་ཆོག་ཅེས་ལུགས་མཐུན་གྱི་གྲོན་བསྡུའི་ཁྱབ་ཁོངས་གསལ་བོ་བཟོས་ཡོད་པ་དང་ཆབས་ཅིག བྱིས་སྐྱོང་ཁང་གིས་གྲོན་བསྡུའི་དཀར་ཆག་གི་གསལ་ཐོ་དོ་དམ་ལམ་ལུགས་ལག་བསྟར་བྱས་ཏེ། གསལ་ཐོ་ལས་ལོགས་སུ་གྲོན་དངུལ་གཞན་གང་ཡང་བསྡུ་མི་ཆོག་པ་གསལ་འབེབས་བྱས་ཡོད།
ཀྲུང་གོའི་སློབ་གསོ་ཚན་རིག་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་གཞོན་པ་ཀའོ་པིན་ཁྲེང་གིས་འདི་སྐད། དཀར་ཆག་གི་གསལ་ཐོ་དོ་དམ་ཡིས“སྤྱི་ཚོགས་ཡོངས་ལ་གསལ་ཐོ་ལས་ལོགས་སུ་བསྡུ་བའི་གྲོན་དངུལ་མཐའ་དག་ལ་ཁྱིམ་བདག་གིས་དང་ལེན་མི་བྱེད་པའི་དབང་ཆ་ཡོད་པས། བྱིས་སྐྱོང་ཁང་གི་གྲོན་བསྡུའི་བྱ་སྤྱོད་ལ་སྲིད་ཇུས་ཀྱི་དམར་ཐིག་གསལ་བོ་ཞིག་གཏན་འཁེལ་བྱས་ཡོད་པ་གསལ་བསྒྲགས་བྱས་ཡོད་ཟེར།
ལྔ། ལུགས་མཐུན་གྱི་སྒོ་ནས་གྲོན་དངུལ་བསྡུ་བར་སྣེ་ཁྲིད་དེ་བྱིས་སྐྱོང་སློབ་གསོའི་ཁུར་པོ་ཇེ་ཡང་དུ་གཏང་དགོས།
ཆེད་མཁས་པས་འདི་སྐད། ཐེངས་འདིའི《བརྡ་ཐོ》ཡིས་གྲོན་བསྡུའི་སྲིད་ཇུས་འཐུས་སྒོ་ཇེ་ཚང་དང་གྲོན་བསྡུར་ལྟ་རྟོག་དོ་དམ་ནན་མོ་བརྒྱུད། “བྱིས་སྐྱོང་སློབ་ར་འཇུག་དཀའ་བའི”གནད་དོན་ནུས་རྒུས་ཐག་གཅོད་བྱས་ཡོད་ཟེར།