མཚོ་སྔོན་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པ་ཟི་ལིང་དུ་བསྡུ་རྒྱུ་རེད།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅོ་བརྒྱད་པའི་ཐག་གཅོད་ལྟར་ན། མཚོ་སྔོན་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པ2026ལོའི་ཟླ་དང་པོའི་ཟླ་སྨད་ལ་ཟི་ལིང་དུ་བསྡུ་རྒྱུ་རེད། གྲོས་འདོན་ཚོགས་འདུའི་གྲོས་རིམ་གཙོ་བོ་ནི། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བྱ་བའི་སྙན་ཞུར་ཉན་པ་དང་གྲོས་ཞིབ་བྱེད་པ། མཚོ་སྔོན་ཞིང་ཆེན་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་རྩ་གནད་འཆར་ཟིན་ལ་ཞིབ་བཤེར་དང་ཆོག་མཆན་སྤྲོད་པ། མཚོ་སྔོན་ཞིང་ཆེན་གྱི2025ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་གནས་ཚུལ་དང2026ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་འཆར་ཟིན་གྱི་སྙན་ཞུར་ཞིབ་བཤེར་དང་ཆོག་མཆན་སྤྲོད་པ་དང་། མཚོ་སྔོན་ཞིང་ཆེན་གྱི2026ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་ལ་ཆོག་མཆན་སྤྲོད་པ། མཚོ་སྔོན་ཞིང་ཆེན་གྱི2025ལོའི་སྔོན་རྩིས་ལག་བསྟར་གནས་ཚུལ་དང2026ལོའི་སྔོན་རྩིས་འཆར་ཟིན་གྱི་སྙན་ཞུར་ཞིབ་བཤེར་དང་ཆོག་མཆན་སྤྲོད་པ་དང་། མཚོ་སྔོན་ཞིང་ཆེན་གྱི2026ལོའི་ཞིང་ཆེན་རིམ་པའི་སྔོན་རྩིས་ལ་ཆོག་མཆན་སྤྲོད་པ། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུར་ཉན་པ་དང་གྲོས་ཞིབ་བྱེད་པ། མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུར་ཉན་པ་དང་གྲོས་ཞིབ་བྱེད་པ། མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུར་ཉན་པ་དང་གྲོས་ཞིབ་བྱེད་པ། འདེམས་བསྐོ་བྱེད་པ་དང་གཞན་དག

དམིགས་བསལ་གནས་ཚུལ་དང་འཕྲད་ཚེ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་བསྡུ་བའི་དུས་ཚོད་ལེགས་སྒྲིག་བྱེད་དགོས་ལ། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྲོས་ཚོགས་སྟེང་ཐག་གཅོད་བྱེད་དགོས་པར་མ་ཟད་སྤྱི་ཚོགས་ལ་ཁྱབ་སྒྲོག་བྱེད་དགོས།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།