མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཐད་མདུན་གྲལ་དུ་བསྐྱོད་པར་དམིགས་ནས་རྨ་འབྲི་རྫགསུམ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱིས་བསྟུད་མར་ཉིན་འགའི་ནང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་པ་དང་། རྒྱལ་ཁབ་སྤྱི་གླིང་གི་ལོ་ལྔའི་འཆར་འགོད་བཅོ་ལྔ་པ་སྒྲིག་བཟོའི་བྱ་བར་སྐུལ་འདེད་ནུས་ལྡན་བཏང་ནས་རྨ་འབྲི་རྫ་གསུམ་རྒྱལ་ཁབ་སྤྱི་གླིང་གི་སྤུས་ཚད་མཐོ་བའི་དོ་དམ་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་།
རྨ་འབྲི་རྫ་གསུམ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱིས་རྨ་འབྲི་རྫ་གསུམ་གྱི་ཞིང་ཆེན་ཡོངས་དང་ཐ་ན་རྒྱལ་ཡོངས་འཕེལ་རྒྱས་ཁྲོད་གཞན་གྱིས་ཚབ་བྱེད་ཐབས་མེད་པའི་འཐབ་ཇུས་ངེས་གནས་དང་སྐྱེ་ཁམས་རིན་ཐང་ངོས་འཛིན་གསལ་བོ་བྱས་ནས་ཞིང་ཆེན་ཡོངས་ཀྱི་ལོ་ལྔའི་འཆརའགོད་བཅོ་ལྔ་པའི་སྤྱིའི་བླང་བྱ་དང་འཐབ་ཇུས་གཙོ་གནད་ལ་དམ་པོར་སྦྲེལ་ནས་རྨ་འབྲི་རྫ་གསུམ་ལ་སྲུང་སྐྱོབ་དང་དོ་དམ་བྱེད་པའི་དོན་དངོས་ལ་གཞིར་བཟུང་ནས་འཐབ་ཇུས་ཀྱི་མིག་རྒྱང་དང་སྤྱིར་བསམ་པ། ཚན་རིག་དང་མཐུན་པའི་རྣམ་འགྱུར་བཟུང་ནས་རྒྱལ་ཁབ་སྤྱི་གླིང་གི་ལོ་ལྔའི་འཆར་འགོད་བཅོ་ལྔ་པ་ལེགས་པར་སྒྲིག་བཟོ་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་འཕེལ་རྒྱས་དང་ལས་འགན་གལ་ཆེན། ལས་གཞི་གཞི་གལ་ཆེན་བཅས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱིའི་འཆར་འགོད་དང་འགྲོས་མཉམ་པ་དང་དམ་དུ་སྦྲེལ་དགོས།
རང་རྟོགས་ངང་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ཀྱི་བཀོད་སྒྲིག་ཁྲོད་འདྲེས་པར་བྱས་ནས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་འབེན་ས་ཆའི་མཚོ་སྔོན་ལྷོ་ཕྱོགས་ཀྱི་ཚོད་ལྟ་ཁུལ་བསྐྲུན་པའི་འཆར་འགོད་དང་སྦྲེལ་མཐུད་བྱེད་པ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཡུལ་སྐོར་གྱི་ཐོན་ཁུངས་ལེགས་ཆ་འདོན་སྤེལ་བྱས་ནས་རྒྱལ་ཁབ་སྤྱི་གླིང་སྲུང་སྐྱོབ་བྱ་བའི་དམིགས་འབེན་དང་ཆ་མཐུན་པའི་སྐྱེ་ཁམས་ཡུལ་སྐོར་དོ་དམ་བྱེད་ཐབས་ཞིབ་འཇུག་བྱས་ནས་གཏན་ལ་དབབ་དགོས་ལ། ཁོར་ཡུག་ལ་གནོད་པ་མེད་པའི་སྐྱེ་ཁམས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་བར་སྣེ་ཁྲིད་པ། རི་སྔོ་ཆུ་དྭངས་རྒྱུན་མཐུད་ངང་མང་ཚོགས་འབབ་འཕར་གྱི་གསེར་རི་དངུལ་རིར་བསྒྱུར་དགོས། འཆར་འགོད་མ་ལག་དོན་འཁྱོལ་དང་ཕན་ནུས་འཛོམས་པར་ཤུགས་རྒྱབ་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་འཆར་འགོད་དང་ཆེད་དོན་ལག་བསྟར་ཇུས་གཞི་རེ་རེས་གཏན་ལ་ཕབ་པའི་དམིགས་འབེན་ལས་འགན་གཞིར་བཟུང་ནས་ལས་རིམ་ནན་མོ་དང་འགན་འཁྲི་ནན་དཀྲི ལྟ་རྟོག་ཤུགས་དྲག་ཏུ་བཏང་ནས་འཛུགས་སྐྲུན་དོ་དམ་ལས་འགན་སོ་སོ་དུས་ལྟར་ལེགས་འགྲུབ་བྱ་དགོས།
སྐྱེ་ཁམས་ཐོན་རྫས་རིན་ཐང་འཚོལ་ཞིབ་དང་མངོན་འགྱུར་བྱེད་པའི་རྐྱེན་སྲོལ་བཙུགས་ནས་སྲུང་སྐྱོབ་ནན་མོ་བྱེད་པའི་ཆ་རྐྱེན་འོག ཁྲིམས་མཐུན་ལུགས་མཐུན་དང་ཚན་རིག་དང་མཐུན་པ། གོ་རིམ་ཡོད་པའི་སྒོ་ནས་དམིགས་བསལ་གཉེར་སྐྱོང་བཅོས་སྒྱུར་ཚོད་ལྟའི་ལས་གཞི་འཚོལ་ཞིབ་བྱས་ནས་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་མྱོང་སྣང་ཕུན་སུམ་ཚོགས་པ་དང་རང་བྱུང་སློབ་གསོའི་ཐོན་རྫས་འདོན་སྤྲོད་བྱ་དགོས། སྡེ་ཁུལ་མཉམ་སྐྲུན་གཏིང་ཟབ་དང་སྐྱེ་ཁམས་ཁ་གསབ་སྲིད་ཇུས་འཐུས་ཚང་དུ་གཏོང་བ། སྐྱེ་ཁམས་སྲུང་སྐྱོབ་དང་དམངས་ཚིས་ལེགས་བཅོས་གཉིས་ཀྱིས་ཕན་ཚུན་འཁོར་སྐྱོད་བཟང་བོ་བྱེད་པར་སྐུལ་འདེད་གཏོང་དགོས། དེ་མིན་རྒྱལ་ཁབ་སྤྱི་གླིང་སྲུང་སྐྱོབ་དང་དོ་དམ་དགོས་མཁོ་དང་ཞིང་ཆེན་ཡོངས་ཀྱི་རྒྱལ་ཁོངས་བར་སྟོང་འཆར་འགོད་བཀོད་སྒྲིག་ལྟར། ཚན་རིག་དང་མཐུན་པའི་ངང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཚད་མཐའ་དང་ཁོར་ཡུག་སྤུས་ཚད་ཀྱི་ཚད་མཐའ། ཐོན་ཁོངས་བཀོད་སྤྱོད་ཀྱི་ཡས་མཐའ་བཅས་བརྟན་སྲུང་དང་རྒྱལ་ཁབ་སྤྱི་གླིང་ཁྱབ་ཁོངས་ཀྱི་རྒྱལ་ཁོངས་བར་སྟོང་གསར་སྤེལ་དང་སྲུང་སྐྱོབ་ཀྱི་ཆགས་གཞི་བསྐྲུན་ནས་ཡུན་རིང་འཕེལ་རྒྱས་ཐད་སྲ་བརྟན་གྱི་བར་སྟོང་རྨང་གཞི་འདིངས་དགོས་ལ། རླབས་ཆེན་གྱི་འཆར་གཞི་དག་རེ་རེ་བཞིན་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རི་ཆུའི་མཛེས་སྡུག་དང་སྐྱེ་འགྲོའི་འཆམ་མཐུན་གྱི་དཔལ་དུ་བསྒྱུར་དགོས།