མཚོ་སྔོན་གྱིས་སྤུས་ལེགས་སྨན་བཅོས་ཐོན་ཁུངས་རྒྱ་སྐྱེད་ལ་སྐུལ་འདེད་བཏང་།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ12ཚེས22ཉིན།  གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན།  ལོ་ལྔའི་འཆར་འགོད་བཅུ་བཞི་བའི་ཚུན་ལ།  རང་ཞིང་གིས་སྤུས་ལེགས་སྨན་བཅོས་ཐོན་ཁུངས་རྒྱ་བསྐྱེད་ལ་ཤུགས་ཆེན་པོས་སྐུལ་འདེད་བཏང་སྟེ།  ཞིང་ཆེན་ཡོངས་ཀྱི་རྫོང་ཁོངས་སྨན་བཅོས་བྱས་ཚད་བརྒྱ་ཆའི59.32ལ་སླེབས་པ་དང་།  གཞི་རིམ་སྨན་བཅོས་ཀྱི་ཟིན་ཚད་བརྒྱ་ཆའི45རུ་མཐོར་འདེགས་བྱུང་ཡོད།  གཞི་རིམ་གྱི་ནད་འགོག་ནད་བཅོས་དང་བདེ་ཐང་དོ་དམ་ནུས་པ་གོམ་སྟབས་བརྟན་པོས་ཆེར་བསྐྱེད་བྱས་ཏེ།  མང་ཚོགས་ཀྱི་སྨན་བཅོས་ཀྱི་ཐོབ་ཚོར་མངོན་གསལ་སྒོས་མཐོ་རུ་ཕྱིན་ཡོད།

རང་ཞིང་གིས་ཐོན་ཁུངས་སྒྲིག་གཞི་ལེགས་སྒྱུར་བྱས་ཏེ་སྨན་བཅོས་མཁོ་སྤྲོད་ཀྱི་འགལ་བ་སེལ་ཡོད།  རྒྱལ་ཁབ་ས་ཁོངས་ཀྱི་སྨན་བཅོས་ལྟེ་གནས་བེད་སྤྱོད་བྱེད་འགོ་ཚུགས་པ་དང་།  རྒྱལ་ཁབ་ཀྲུང་ལུགས་གསོ་རིག་ས་ཁོངས་ཀྱི་སྨན་བཅོས་ལྟེ་གནས་ཀྱིས་ལོ་གཅིག་ནང་མ་གཞིའི་འཛུགས་སྐྲུན་ལེགས་གྲུབ་བྱས་པར་མ་ཟད།  ཞིང་ཆེན་རིམ་པའི་ས་ཁོངས་སྨན་བཅོས་ཀྱི་ལྟེ་གནས་གསུམ་ལོ་གཅིག་གི་ནང་གཅིག་རྗེས་གཉིས་མཐུད་དུ་དོན་འཁྱོལ་བྱས།  མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་དང་མཚོ་སྔོན་སློབ་ཆེན་ཞོར་གཏོགས་སྨན་ཁང་སོགས་ཞིང་ཆེན་ནང་ཁུལ་གྱི་རིམ་གསུམ་ཀ་བའི་སྨན་ཁང4དང་།  པེ་ཅིང་ཀྲུང་འཇར་མཛའ་བརྩེ་སྨན་ཁང་སོགས་ཆུ་ཚད་མཐོ་བའི་སྨན་ཁང་དང་མཉམ་སྐྲུན་གན་རྒྱ་བཞག་སྟེ།   གཞན་བསྟེན་སྒོས་ཆེད་ལས་ཚན་ཁག་གི་སྟོབས་ཤུགས་ཆེ་རུ་བཏང་།  མཚོ་སྔོན་ཞིང་ཆེན་བུད་མེད་དང་བྱིས་པའི་སྨན་ཁང་ལ་བརྟེན་ནས་ཆེད་ལས་ཚན་ཁག་མནའ་འབྲེལ་བཙུགས་ཏེ།  གོང་ནས་རྒྱལ་ནང་གི་བྱིས་ནད་སྨན་ཁང་རྩེ་གྲ་དང་མཉམ་འབྲེལ་བྱེད་པ་དང་།  འོག་ནས་ཞིང་ཆེན་ཡོངས་ཀྱི་སྨན་བཅོས་སྒྲིག་གཞི43དང་མཉམ་འབྲེལ་བྱས་ཏེ།  གཞི་རིམ་བྱིས་ནད་ཚན་ཁག་གི་ཞབས་ཞུའི་ནུས་པ་མངོན་གསལ་སྒོས་ཆེ་རུ་ཕྱིན་ཡོད།  ཞིང་ཆེན་དང་། གྲོང་ཁྱེར། རྫོང་། གྲོང་ཚོ་བཅས་རིམ་པ་བཞི་བའི་རྒྱང་བསྟེན་སྨན་བཅོས་དང་སློབ་གསོའི་ལས་སྟེགས་བསྐྲུན། 

ཐོན་ཁུངས་གཤམ་སྤྲོད་ལ་སྐུལ་འདེད་བཏང་ནས།  ཞབས་ཞུའི་སྤུས་ཚད་མཐོར་འདེགས་དང་ལས་ཕྱོད་མཐོར་འདེགས་བཏང་ཡོད།  ཞིང་ཆེན་ཡོངས་སུ་རིགས་མི་འདྲ་བའི་སྨན་བཅོས་མཉམ་འབྲེལ་སྨན་ཁང120བཙུགས་པ་དང་།  རྫོང་ཁོངས་ཀྱི་སྨན་བཅོས་ཐུན་མོང་སྨན་ཁང་ཁྱོན་བསྡོམས39རྫོང་དང་གྲོང་ཁྱེར། ཆུས་བཅས་སུ་ཁེབས་པར་བྱས་ཡོད།  རྫོང་རིམ་པའི་སྨན་ཁང39རྒྱལ་ཁབ་ཀྱི་ཞབས་ཞུའི་ནུས་པའི་གཞི་རྩའི་ཚད་གཞིར་སླེབས་པ་དང་།  འཕར་ཚད་རྒྱལ་ཡོངས་ཀྱི་ཨང་གཉིས་པར་སླེབས་ཡོད།  གསོ་རིག་གཟུགས་རིས་དང་།  སེམས་གློག་བརྟག་དཔྱད།  གསོ་རིག་བརྟག་དཔྱད་སོགས་རྫོང་ཁོངས་ཀྱི་སྨན་བཅོས་ལྟེ་གནས67བསྐྲུན་ཡོད། ཞིང་ཆེན་རིམ་པའི་སྨན་ཁང17 གྱིས་ཟི་ལིང་གྲོང་ཁྱེར་གྱི་གཞི་རིམ་ལས་ཁུངས23ལ་ཞབས་འདེགས་ཞུས་པ་དང་།  ཞབས་ཞུའི་ཁེབས་ཚད་གྲོང་ཁུལ་གཙོ་བོའི་མི་འབོར་ས་ཡ་གཅིག་འབུམ་ལྔ་ཁྲི་བདུན་དང་བདུན་བརྒྱ་ལ་སླེབས་ཡོད།  གཞི་རིམ་དུ་སྨན་བཅོས་བསྡུར་ཚད་བརྒྱ་ཆའི12.79ལ་འཕར་ཡོད།  རྫོང30ལ་གྲོང་ཚོ་རིམ་པའི་མངགས་གཏོང་དང་སྡེ་བ་རིམ་པའི་སྐོར་སྐྱོད་སྨན་བཅོས་ཁྱོན་ཡོངས་ལ་ཁྱབ་ཐུབ་པར་བྱུང་ཡོད།  ཟི་ལིང་གྲོང་ཁྱེར་གྱིས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་གཞི་རིམ་སྨན་བཅོས་སྒྲིག་གཞི9དང་ཁ་གཏད་མཉམ་སྐྲུན་གྱི་ཕུགས་ཕན་ལམ་སྲོལ་བཙུགས་ཡོད།

གསོ་སྐྱོང་དང་ནང་འདྲེན་ཟུང་འབྲེལ་བྱས་ཏེ་འཇོན་མིའི་དཔུང་ཁག་གི་འདེགས་སྐྱོར་ལ་ཤུགས་བསྣོན་བྱས། སྨན་བཅོས་འཇོན་མིའི“ཚོགས་སྒྲིག་རྣམ་པས”རོགས་སྐྱོར་གཏིང་ཟབ་ཏུ་བཏང་སྟེ།  ཞིང་ཆེན་དང་གྲོང་ཁྱེར་དྲུག་གིས་ཆེད་མཁས་པ་མངགས་ཏེ།  ཁ་གཏད་རྣམ་པས་ས་གནས་ཀྱི་འཇོན་མི་གསོ་སྐྱོང་བྱས།  མཚོ་སྔོན་ལྷོ་རྒྱུད་ཀྱི་སྨན་བཅོས་རོགས་སྐྱོར་དང་མཚོ་སྐོར་སྨན་བཅོས་རོགས་སྐྱོར་ལག་བསྟར་བྱས་ནས།  ལོ་རེར་སྨན་བཅོས་མི་སྣ་ཁུལ་དྲུག་ཏུ་སོང་ནས་རོགས་སྐྱོར་བྱས་ཏེ།  ནད་ལྕི་མོའི་སྨན་བཅོས་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུར་རམ་འདེགས་བྱས།  རོང་འབྲོག་ཁུལ་གྱི་ཕྱོགས་ངེས་གསོ་རིག་སློབ་མ་གསོ་སྐྱོང་བྱས་ཏེ།  ཞག་སྡོད་སྨན་པ་དང་ཆེད་ལས་ཚན་ཁག་གི་སྨན་པ་ཚད་ལྡན་ཅན་གསོ་སྦྱོང་བྱེད་པ་དང་།  ཚན་ཁག་ཡོངས་ཀྱི་གཞོགས་འདེགས་སྨན་པ་གསོ་སྦྱོང་བྱས་པ་དང་ཚན་ཁག་ཡོངས་ཀྱི་གཞོགས་འདེགས་སྨན་པའི་ལས་སྒྱུར་གསོ་སྦྱོང་བྱས་ནས་སློབ་ཆེན་སློབ་མའི་གྲོང་གསེབ་སྨན་པ537བསྡུས་ཡོད།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།