ཀྲའོ་ལེ་ཅི་ཡིས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཟུར་ཞུགས་འཐུས་མི་དང་བཞུགས་མོལ་གནང་།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་ཚེས23ཉིན་གྱི་ཕྱི་དྲོ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས19པར་ཟུར་ཞུགས་བྱས་པའི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་དང་བཞུགས་མོལ་བརྗེ་རེས་གནང་།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་ཚེས23ཉིན་གྱི་ཕྱི་དྲོ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས19པར་ཟུར་ཞུགས་བྱས་པའི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་དང་བཞུགས་མོལ་བརྗེ་རེས་གནང་། ཁོང་གིས་ནན་གྱིས་བསྟན་དོན། དམངས་ཆེན་འཐུས་མིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཏང་ཀྲུང་དབྱང་གིས་གནས་བབ་ལ་དབྱེ་ཞིབ་བརྡར་གཅོད་དང་ཐབས་ཇུས་བཀོད་སྒྲིག་ལ་གོ་བ་ཡང་དག་ལེན་པ་དང་གོ་བ་གཏིང་ཟབ་བླངས་ཏེ། ཁྲིམས་བཀོད་འགན་འཁྲི་ལྷག་བསམ་རྣམ་དག་གིས་ལག་བསྟར་བྱས་ནས་དམངས་གཙོའི་ཁེ་དབང་ཡང་དག་པར་སྤྱོད་དགོས།

བཞུགས་མོལ་ཚོགས་འདུའི་ཐོག འཐུས་མི་ཚོས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བ་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་མ་ཟིན་ལ་དམིགས་ནས་བསམ་འཆར་དང་གྲོས་གཞི་བཏོན། ཀྲའོ་ལེ་ཅི་ཡིས་ནན་ཏན་སྒོས་གསན་པ་དང་འཐུས་མི་ཚོ་དང་བརྗེ་རེས་གཏིང་ཟབ་གནང་། ཁོང་གིས་གསུངས་རྒྱུར། 2025ལོ་ནི་སྤྱིར་བཏང་མིན་པའི་ལོ་ཞིག་ཡིན་པ་དང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་དཀའ་ཁག་ལ་མི་འཛེམ་པར་མདུན་དུ་སྐྱོད་པ་དང་དཔའ་ངར་ཆེར་སྐྱེད་ཀྱིས་འབད་འཐབ་བྱས་ཤིང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་གྲུབ་འབྲས་གསར་པ་གལ་ཆེན་ཐོབ་པར་སྐུལ་འདེད་བཏང་སྟེ། “ལོ་ལྔའི་འཆར་འགོད་བཅུ་བཞི་པ”མི་འགྱངས་པར་བདེ་བླག་ངང་མཇུག་སྒྲིལ་ལ་ཉེ། ལོ་གཅིག་གི་རིང་། ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག  རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་ལྟར་རང་འགན་གཙང་སྒྲུབ་བྱས་པ་དང་། འཐུས་མི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་ནང་ཞུགས་པའི་རྒྱ་ཆེ་ཚད་དང་གཏིང་ཟབ་ཚད་སྔར་ལས་ཆེ་རུ་ཕྱིན། འཐུས་མི་ཚོས་མི་དམངས་ཁྲོད་ནས་འོང་བ་དང་མི་དམངས་ཁྲོད་རྩ་བ་ཚུགས་པའི་ཁྱད་ཆོས་དང་དགེ་མཚན་འདོན་སྤེལ་བྱས་ཏེ། མང་ཚོགས་དང་འབྲེལ་འདྲིས་དམ་ཟབ་དང་།  བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ནས། ཕྱོགས་སོ་སོའི་བསམ་འཆར་དང་གྲོས་གཞིར་ཉན་པ་དང་གོང་ཞུ་བྱས་ཏེ། དམངས་ཆེན་བྱ་བ་སྤུས་ཚད་མཐོན་པོས་འཕེལ་རྒྱས་ཡོང་བར་བྱས་རྗེས་བཞག

ཀྲའོ་ལེ་ཅི་ཡིས་ནན་གྱིས་བསྟན་དོན། ཐེངས་འདིའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པ་འཚོག་རྒྱུའི་སྐོར་གྱི་གཏན་འབེབས་ལ་གྲོས་ཞིབ་བྱས།  འཐུས་མི་ཚོས་གྲ་སྒྲིག་གང་ལེགས་དང་ཁྲིམས་ལྟར་རང་འགན་གཙང་སྒྲུབ་བྱས་ཏེ། ཚོགས་ཆེན་གྱི་སྔོན་ལ་གཏན་འཁེལ་བྱས་པའི་ལས་འགན་ལེགས་པར་སྒྲུབ་དགོས། བཀོད་སྒྲིག་ལྟར་གཅིག་བསྡུས་སྐོར་ཞིབ་ལ་ཞུགས་པ་དང་། བརྟག་དཔྱད་ཞིབ་འཇུག་དང་བསམ་བློ་གཏིང་ཟབ་གཏོང་བ། ཚོགས་ཆེན་ཐོག་གྲོས་ཞིབ་གནང་རྒྱུར་འབུལ་རྒྱུའི་བཅའ་ཁྲིམས་འཆར་ཟིན་ཞིབ་ཀློག་ནན་མོ་བྱས་ཏེ། དམངས་ཀྱི་འདོད་བློ་དང་བློ་གྲོས་གྲོས་ཞིབ་ཀྱི་གཏམ་བཤད་དང་། གྲོས་གཞི་དང་བསམ་འཆར་ནང་མཚོན་པར་བྱེད་དགོས། ཁྱོན་ཡོངས་དང་སྤྱི་ཡོངས་ལ་རྐང་ཚུགས་ཏེ།  ས་གནས་དང་ལས་རིགས། གཞི་རིམ་བཅས་ཀྱི་འཕེལ་རྒྱས་དང་འཛུགས་སྐྲུན་གྱི་དོན་དངོས་ལ་ཟུང་འབྲེལ་བྱས་ནས། འགན་འཁྲི་ནན་མོ་འཁུར་བའི་རྣམ་འགྱུར་གྱིས་ཚོགས་ཆེན་ལ་ཞུགས་ནས་གྲོས་ཞིབ་དང་བརྡས་ཐག་གཅོད་དགོས། ཚོགས་སྲོལ་དང་སྒྲིག་ལམ་ནན་སྲུང་དང་སྐད་ཆ་དྲང་མོ་བཤད་པ།  གནས་ཚུལ་ངོ་མ་བརྗོད་པ། ཐབས་ཇུས་དངོས་འདོན་པ་དང་བློ་བསྡུས་དགེ་འཚོལ། ངོས་འཛིན་གཅིག་མཐུན་ཡོང་བར་བྱེད་དགོས།

ལི་ཧུང་ཀྲུང་གིས་བཞུགས་མོལ་ཚོགས་འདུར་འགོ་འཛིན་བྱས།  

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།