ལི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”《རྩ་གནད་འཆར་ཟིན》སྒྲིག་བཟོ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན།

ཟླ12པའི་ཚེས22ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”《རྩ་གནད་འཆར་ཟིན》སྒྲིག་བཟོ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས་ནས།《རྩ་གནད་འཆར་ཟིན》སྒྲིག་བཟོ་བྱ་བར་ཞིབ་འཇུག་གཏིང་ཟབ་གནང་།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཞུའེ་ཞང་གྲོས་ཚོགས་ལ་ཞུགས།

གྲོས་ཚོགས་སྟེང་། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས《རྩ་གནད་འཆར་ཟིན》སྒྲིག་བཟོ་གནས་ཚུལ་ཐད་ཀྱི་སྙན་ཞུ་ཕུལ་བ་དང་། ཚོགས་ཞུགས་བློ་མཐུན་དང་གྲོས་བསྡུར་བྱས། ལི་ཆང་གིས་གསུང་རྒྱུར། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་འགོད་རྩ་གནད་སྒྲིག་བཟོ་བྱ་རྒྱུ་ནི་མིག་སྔའི་ལས་འགན་གལ་ཆེན་ཞིག་ཡིན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་ཚོགས་འདུའི་སྟེང་འཆར་འགོད་རྩ་གནད་སྒྲིག་བཟོ་བྱ་བ་ལེགས་པོར་བསྒྲུབ་རྒྱུའི་ཐད་བླང་བྱ་ཁ་གསལ་བཏོན་ཡོད་པས། ང་ཚོས་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་ལག་བསྟར་དོན་འཁྱོལ་ནན་མོ་བྱས་ནས། 《རྩ་གནད་འཆར་ཟིན》སྒྲིག་བཟོའི་བྱ་བ་སྔར་ལས་ཡག་པོ་བསྒྲུབ་དགོས། ལི་ཆང་གིས་བསྟན་དོན། མིག་སྔར《རྩ་གནད་འཆར་ཟིན》སྒྲིག་བཟོ་ཐད་རྨང་གཞི་ཅུང་ཡག་པོ་བཏིངས་ཡོད་པ་དང་། གོ་རིམ་རྗེས་མར་སྟོབས་ཤུགས་གཅིག་སྡུད་དང་ཡག་ཐོག་ཡག་བརྩེགས་ཀྱིས་བཟོ་བཅོས་དང་འཐུས་གཏོང་བྱ་བ་ཡག་པོ་བསྒྲུབ་དགོས། འཆར་འགོད་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་སྔར་ལས་བཟང་བོ་བྱེད་རྒྱུ་གཙིགས་སུ་འཛིན་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བརྗོད་བྱ་གཙོ་བོ་འདིར་དམ་པོར་དམིགས་ནས་དམིགས་འབེན་གཏན་ཁེལ་དང་སྲིད་ཇུས་བཀོད་སྒྲིག རྣམ་གྲངས་ཇུས་འགོད་བྱེད་དགོས། ལས་འགན་དང་བྱེད་ཐབས་སྔར་ལས་གཏན་འཁེལ་གསལ་བོ་བྱེད་པ་དང་། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་གྲོས་གཞིའི་ནང་གཏན་འཁེལ་གསལ་བོ་བྱས་པའི་འཐབ་ཇུས་ལས་འགན་ལ་དམིགས་ནས་བྱ་བ་ཞིབ་ཚགས་ངང་དོན་འཁྱོལ་བྱས་ཏེ། འཆར་འགོད་ཀྱི་ནང་དོན་འཕེལ་རྒྱས་ཀྱི་དགོས་མཁོ་དང་སྔར་ལས་མཐུན་པར་བྱེད་དགོས། ཁྱོན་ཡོངས་ལ་སྐུལ་ཁྲིད་བྱེད་པའི་བཟོ་སྐྲུན་གལ་ཆེན་དང་ལས་གཞི་གལ་ཆེན། འདྲེན་བྱེད་གལ་ཆེན་སྐོར་ཞིག་ཇུས་འགོད་བྱེད་དགོས། བཅོས་སྒྱུར་གསར་གཏོད་ཀྱི་བླང་བྱ་ལག་བསྟར་གཏིང་ཟབ་བྱེད་པ་དང་། མིག་སྔའི་འཕེལ་རྒྱས་ཀྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་ལ་གོ་བ་ཡང་དག་བླངས་ནས། བཅོས་སྒྱུར་གསར་གཏོད་ཀྱི་བྱེད་ཐབས་སྤྱད་དེ་དཀའ་གནད་སེལ་ཤེས་པར་བྱེད་དགོས། དམངས་འཚོའི་དྲོད་ཚད་གང་ལེགས་མཚོན་པ་དང་། སྤྱི་ཚོགས་ཀྱི་དོ་ཁུར་ལ་ཨ་ལན་སློག་པ། དམངས་འཚོར་ཕན་པ་དང་དམངས་སེམས་དྲོ་བའི་སྲིད་ཇུས་དང་ལས་གཞི་གལ་ཆེན་སྐོར་ཞིག་ཕྱིར་བཏོན་ནས། མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་གཅོད་བྱེད་དགོས། ལི་ཆང་གིས《རྩ་གནད་འཆར་ཟིན》སྒྲིག་བཟོ་ཐད་ནས་དམངས་གཙོ་དར་སྤེལ་གང་ལེགས་བྱེད་པ་དང་། ཐུན་མོང་གི་ངོས་འཛིན་གཅིག་སྡུད་རྒྱ་ཆེར་བྱེད་པ། ཕྱོགས་སོ་སོའི་བསམ་འཆར་ལ་ནན་ཏན་གྱིས་ཉན་པ་མ་ཟད་བསྡུ་ལེན་བྱེད་པ། ཕྱོགས་སོ་སོའི་བློ་གྲོས་གཅིག་ཏུ་བསྡུས་ནས། འཕེལ་རྒྱས་ཀྱི་མཉམ་ཤུགས་གྲུབ་པར་བྱེད་དགོས་པ་ནན་གྱིས་བསྟན།

ཧོ་ལི་ཧྥུང་དང་ཀྲང་གོ་ཆིང་། ལིའུ་གོ་ཀྲུང་། ཝང་ཞའོ་ཧུང་། ཝུའུ་ཀྲེང་ལུང་བཅས་གྲོས་ཚོགས་སུ་ཞུགས།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།